བིཊི་མེཔ་གཟུགས་བརྙན་ཚུ་མཉམ་ཐིག་ཚད་རིས་ཚུ་ནང་ལུ་གཞི་བསྒྱུར་འབད་དོ།

མཉམ་ཐིག་ཚད་རིས་འདི་ཚད་རིས་ཀྱི་སྤུས་ཚད་བྱང་སྟོར་མ་ཤོར་བར་ཚད་བསྐྱར་བཟོ་འབད་ཚུགས། LibreOffice ཌྲོ་དང་ཨིམ་པེརེསི་ནང་ ཁྱོད་ཀྱིས་བིཊི་མེཔ་གཟུགས་བརྙན་འདི་མཉམ་ཐིག་ཚད་རིས་ནང་ལུ་གཞི་བསྒྱུར་འབད་ཚུགས།

  1. ཁྱོད་ཀྱིས་གཞི་བསྒྱུར་འབད་ནི་ཨིན་མི་བིཊི་མེཔ་གཟུགས་བརྙན་སེལ་འཐུ་འབད།

  2. འོག་གི་ནང་ལས་གཅིག་འབད་:

    LibreOffice ཌྲོ་ནང་ ཟུར་མང་དབྱིབས་ལུ་ལེགས་བཅོས་ -གཞི་བསྒྱུར་གདམ་ཁ་རྐྱབས།.

    LibreOffice ཨིམ་པེརེསི་ནང་ དངོས་པོ་འདི་གཡས་ཨེབ་གཏང་འབད་ཞིནམ་དང་དེ་ལས་ ཟུར་མང་དབྱིབས་ལུ་-གཞི་བསྒྱུར་གདམ་ཁ་རྐྱབས།.

  3. གཟུགས་བརྙན་གྱི་དོན་ལུ་གཞི་བསྒྱུར་གདམ་ཁ་ཚུ་གཞི་སྒྲིག་འབད་ཞིནམ་དང་དེ་ལས་ བཏུབ་ཨེབ་གཏང་།. གཞི་བསྒྱུར་གདམ་ཁ་ཚུའི་འགྲེལ་བཤད་ཀྱི་དོན་ལུ་ ཟུར་མང་དབྱིབས་ལུ་གཞི་བསྒྱུར་བལྟ།