འབབ་རྒྱུན་དཔེ་རིས་གསར་བསྐྲུན་འབད་དོ།

འབབ་རྒྱུན་དཔེ་རིས་གསར་བསྐྲུན་འབད་ནི་ལུ་:

  1. འབྲི་ནིའི་ཕྲ་རིང་གུ་ འབབ་རྒྱུན་དཔེ་རིས་ཕྲ་རིང་ལས་་ ལག་ཆས་ སེལ་འཐུ་འབད།

  2. ཁྱོད་ཀྱི་བཤུད་ནང་དབྱིབས་འདྲུད།

  3. དབྱིབས་ཚུ་ཧེང་བཀལ་ཁ་སྐོང་རྐྱབ་ནི་ལུ་ མཇུག་གི་རིམ་པ་ཚུ་ཡང་བསྐྱར་འབད།

  4. འབྲི་ནིའི་ཕྲ་རིང་གུ་མཐུད་བྱེད་ཚུའི་ལག་ཆས་ ཕྲ་རིང་ ཁ་ཕྱེ་ཞིནམ་དང་ མཐུད་བྱེད་ གྲལ་ཐིག་སེལ་འཐུ་འབད།

  5. དཔག་བྱེད་འདི་དབྱིབས་ཀྱི་མཐའམ་གྱི་ལྟག་ལས་སྤོ་བཤུད་འབད་དེ་འབདཝ་ལས་མཐུད་ལམ་ས་ཁོངས་ཚུ་འབྱུང་ནི།

  6. མཐུད་ལམ་ས་ཁོངས་ཨེབ་གཏང་ གཞན་མི་དབྱིབས་གུ་མཐུད་ལམ་ས་ཁོངས་འདརུད་ཞིནམ་དང་དེ་ལས་གཏང་།

  7. མཐུད་བྱེད་ཚུ་ཧེང་བཀལ་ཁ་སྐོང་རྐྱབ་ནི་ལུ་ མཇུག་གི་རིམ་པ་ཚུ་ཡང་བསྐྱར་འབད།

ཁྱོད་ལུ་ད་ལྟོ་ཁྱོད་ཀྱི་འབབ་རྒྱུན་དཔེ་རིས་ཀྱི་དོན་ལུ་གཞི་རིམ་མཐའ་ཐིག་ཡོད།

ཁྱོད་ཀྱི་འབབ་རྒྱུན་དཔེ་རིས་གུ་དབྱིབས་ཚུ་ལུ་ཚིག་ཡིག་ཁ་སྐོང་རྐྱབ་ནི་ལུ།

འོག་གི་ནང་ལས་གཅིག་འབད་:

དབྱིབས་ལུ་ཚོས་གཞི་ཁ་སྐོང་རྐྱབ་ནི་ལུ་:

  1. དབྱིབས་སེལ་འཐུ་འབད་ཞིནམ་དང་ རྩ་སྒྲིག་ - མངའ་ཁོངས་གདམ་ཁ་རྐྱབས།.

  2. ཚོས་གཞི་ སུལ་འཐུ་འབད་ཞིནམ་དང་དེ་ལས་ ཐོ་ཡིག་ནང་ཚོས་གཞི་ཨེབ་གཏང་།

གཞན་མི་བཤུད་ཚུ་ཟེར་སླབ་མི་འཁྱམས་གནས་ཚུ་ལ་ལོ་གཅིག་ཁ་སྐོང་འབད་ནི་ལུ་:

ཁྱོད་ཀྱི་བཤུད་གུ་ interactions དངོས་པོ་ལ་ལོ་གཅིག་ལུ་འགན་སྤྲོད་འབད།

  1. དངོས་པོ་སེལ་འཐུ་འབད་ཞིནམ་དང་དེ་ལས་ བཤུད་བརྙན་ - ཕན་ཚུན་འབྲེལ་བ་གདམ་ཁ་རྐྱབས།.

  2. ཌའི་ལོག་ནང་ཕན་ཚུན་འབྲེལ་བ་སེལ་འཐུ་འབད། དཔེར་ན་ ལག་ལེན་པ་འདི་གིས་དངོས་པོ་ཨེབ་གཏངམ་ད་གཞན་མི་བཤུད་ལུ་འགྱོ་ནི་ལུ་སེལ་འཐུ་འབད།