གུག་གུགཔ་ཚུ་འབྲི་དོ།

གུག་གུགཔ་ངོས་དཔར་ ངོས་དཔར་གུ་ Drawing ལག་ཆས་ཕྲ་རིང་དེ་གིས་ བི་ཛི་ཡར་གུག་གུགཔ་འཐེན་ནི་ལུ་ ལག་ཆས་ཕྲ་རིང་ཅིག་ཁ་ཕྱེཝ་ཨིན། བི་ཛི་ཡར་གུག་གུགཔ་ཚུ་ "anchors" ཨེན་ཀོར་ཟེར་མི་དོན་ཚན་མགོ་དང་དོན་ཚན་མཇུག་གིས་འབད་ ངེས་འཛིན་འབད་འབདཝ་ཨིན། བ་ཛི་ཡར་གུག་གུགཔ་གི་གུག་ཆ་འདི་ ཚད་འཛིན་དཔག་བྱེད་ ("handles") གིས་ ངེས་འཛིན་འབདཝ་ཨིན། ཚད་འཛིན་དཔག་བྱེད་སྤོ་བཤུད་འབད་མི་དེ་གིས་ བི་ཛི་ཡར་གུག་གུགཔ་གི་བཟོ་རྣམ་འདི་བསྒྱུར་བཅོས་འབདཝ་ཨིན།

དྲན་འཛིན་ངོས་དཔར།

ཚད་འཛིན་ཚད་ཚུ་ "Edit Points" ཐབས་ལམ་ནང་རྐྱངམ་ཅིག་ མཐོང་ཚུགསཔ་ཨིན། ཚད་འཛིན་ཚད་ཚུ་ སྒོར་ཐིག་གིས་ཁྱད་ཚབ་འབདཝ་ཨིནམ་དང་ ཨེན་ཀོར་ཚད་ཚུ་ གྲུ་བཞི་གིས་ཁྱད་ཚབ་འབདཝ་ཨིན། འགོ་བཙུག་ཚད་འཛིན་འདི་ ཨེན་ཀོར་ཚད་འཛིན་གཞན་མི་ལས་དུམ་གྲ་ཅིག་སྦོམ་ཨིན།


བི་ཛི་ཡེར་གུག་གུགཔ་ཆ་་བགོས་དང་ཕྲང་ཐིག་ཆ་བགོས་གཉིས་ཀུ་ གོ་དཀའ་བའི་བི་ཛི་ཡེར་གུག་གུགཔ་ལེ་ཤ་གཞི་སྒྲུབ་འབད་ནི་ལུ་མཐུདཔ་ཨིན། འགྱུར་བ་གསུམ་པོ་ ཉེ་འདབ་ཆ་བགོས་དང་གཅིག་ཁར་མཐུད་ནིའི་དོན་ལུ་ འཇུག་སྤྱོད་འབད་བཏུབ་ཨིན་:

གུག་གུགཔ་ལག་ཆས་ལག་ལེན་འཐབ་ཐངས་

  1. པར་རིས་ལག་ཆས་ཕྲ་རིང་གུ་ལུ་ གུག་གུགཔ་ ལག་ཆས་ཕྲ་རིང་ ངོས་པར་ ཁ་ཕྱེ་་ཞིནམ་ལས་ གུག་གུགཔ་ངོས་པར་ ལག་ཆས་སེལ་འཐུ་འབད།

  2. གུག་གུགཔ་འདི་ག་སྟེ་ལས་འགོ་བཙུག་ནི་ཨིན་ན་ དེ་ཁར་ཨེབ་གཏང་འབད་ཞིནམ་ལས་ དོ་རུང་འདི་ག་སྟེ་འགྱོ་ནི་ཨིན་ན་ དེ་ཁར་འདྲུད། ཚད་འཛིན་གྲལ་ཐིག་གིས་ ཁ་ཕྱོགས་བརྡ་སྟོན་འབད།

    ཁྱོད་ཀྱིས་ ཁུག་ཟུར་གིརིཌི་ ༤༥ འབད་མི་ཅིག་གི་ཁ་ཕྱོགས་ལུ་བཀག་དམ་འབད་ནིའི་དོན་ལུ་ འདྲུད་པའི་སྐབས་ སོར་ལྡེ་འདི་བཟུང་།

  3. ཚད་འཛིན་ཚད་དང་པམ་ཨིན་དགོ་མི་མཱའུསི་འདི་ འཛིན་གྲོལ་འབད།

  4. གུག་གུགཔ་ཆ་བགོས་ག་སྟུ་ལུ་མཇུག་བསྡུ་ནི་ཨིན་ན་ དེ་ཁར་དཔག་བྱེད་འདི་སྤོ་བཤུད་འབད། གུག་གུགཔ་གིས་དཔག་བྱེད་ཀྱི་ཤུལ་དཔྱད་འབདཝ་ཨིན།

  5. འོག་གི་ནང་ལས་གཅིག་འབད་:

འབྲི་ཤོག་སྟོངམ་གྱི་གྲལ་ཐིག་ལག་ཆས་ ལག་ལེན་འཐབ་ཐངས་

  1. པར་རིས་ལག་ཆས་ཕྲ་རིང་གུ་ལུ་ གུག་གུགཔ་ ལག་ཆས་ཕྲ་རིང་ ངོས་པར་ ཁ་ཕྱེ་ཞིནམ་ལས་ འབྲི་ཤོག་སྟོངམ་གྱི་གྲལ་ཐིག་ངོས་པར་ ལག་ཆས་སེལ་འཐུ་འབད།

  2. ཁྱོད་ཀྱིས་ གུག་གུགཔ་འདི་ག་སྟེ་ལས་འགོ་བཙུག་ནི་ཨིན་ན་ དེ་ཁར་ཨེབ་གཏང་འབད་དེ་ མཱུའུསི་ཨེབ་རྟ་འདི་མར་སྦེ་བཟུང་བཞག

  3. ཁྱོད་ཀྱིས་ པི་སི་གིས་འབྲི་དོ་བཟུམ་སྦེ་འབྲི་ཤོག་སྟོངམ་གྱི་གྲལ་ཐིག་ཅིག་བྲིས།

  4. གྲལ་ཐིག་རྫོགས་ནི་གི་དོན་ལས་ མཱུསི་ཨེབ་རྟ་འདི་འཛིན་གྲོལ་འབད།