གྲལ་ཐིག་དང་མདའ་རྟགས་བཟོ་རྣམ་ཚུ་མངོན་གསལ་འབད་དོ།

ཁྱོད་ཀྱིས་མདའ་རྟགས་དབྱེ་བ་ཚུ་དང་གྲལ་ཐིག་ཆ་འདྲ་བ་འགོ་འདྲེན་འཐབ་ནི་ལུ་བཟོ་རྣམ་ཚུ་ལག་ལེན་འཐབ་ཚུགས། LibreOffice འདི་གིས་ཁྱོད་ཀྱིས་ཁྱོད་ཀྱི་ཡིག་ཆ་ནང་ལག་ལེན་འཐབ་ནི་དང་མངོན་གསལ་འབད་ཚུགས་ནི་ཨིན་མི་ཚད་ལྡན་བཟོ་རྣམ་ཡིག་སནོད་ཚུ་དག་པ་ཅིག་བྱིནམ་ཨིན། ཁྱོད་ལུ་དགོ་པ་ཅིན་ ཁྱོད་ཀྱིས་བཟོ་རྣམ་ཡིག་སནོད་ལས་ཆ་ཤས་ཚུ་ཁ་སྐོང་དང་ཡང་ན་བཏོན་གཏང་ཚུགས་ ཡང་ན་ དེ་གིས་མ་ཚད་པར་སྲོལ་སྒྲིག་བཟོ་རྣམ་ཡིག་སྣོད་གསར་བསྐྲུན་འབད་ཚུགས།

གྲལ་ཐིག་བཟོ་རྣམ་ཚུའི་ཡིང་སྣོད་མངོན་གསལ་འབད་ནི་ལུ་:

  1. རྩ་སྒྲིག་-གྲལ་ཐིག་ གདམ་ཁ་རྐྱབ་ཞིནམ་དང་དེ་ལས་,གྲལ་ཐིག་བཟོ་རྣམ་ཚུའི་མཆོང་ལྡེ་ ཨེབ་ གཏང་།

  2. མངོན་གསལ་གྲལ་ཐིག་ བཟོ་རྣམ་ཚུའི་ཨེབ་རྟ་ཨེབ་གཏང་།

  3. ཁྱོད་ཀྱིས་མངོན་གསལ་འབད་ནི་ཨིན་མི་གྲལ་ཐིག་བཟོ་རྣམ་ཚུ་ཡོད་མི་གི་ཡིག་སྣོད་ག་ཡོད་འཚོལ་ཞིནམ་དང་དེ་ལས་བཏུབ་ཨེབ་གཏང་།. ཡིག་སྣོད་འདི་ལུ་རྩ་སྒྲིག་ [filename].sod ཡོདཔ་ཨིན།

གྲལ་ཐིག་བཟོ་རྣམ་ཚུའི་ཡིག་སྣོད་སྲུངས་ནི་ལུ་ སྲུངས་ཐིག་བཟོ་རྣམ་ཚུའི་ཨེབ་རྟ་ཨེབ་གཏང་ ཡགི་སྣོད་མིང་བཙུགས་ཞིནམ་དང་དེ་ལས་ བཏུབ་ཨེབ་གཏང་།.

མདའ་རྟགས་བཟོ་རྣམ་ཚུའི་ཡིག་སྣོད་མངོན་གསལ་འབད་ནི་ལུ་:

  1. རྩ་སྒྲིག་-གྲལ་ཐིག་ གདམ་ཁ་རྐྱབ་ཞིནམ་དང་དེ་ལས་མདའ་རྟགས་བཟོ་རྣམ་ཚུའི་ མཆོང་ལྡེ་ ཨེབ་གཏང་།

  2. མངོན་གསལ་མདའ་རྟགས་བཟོ་རྣམ་ཚུའི་ ཨེབ་རྟ་ཨེབ་གཏང་།

  3. ཁྱོད་ཀྱིས་མངོན་གསལ་འབད་ནི་ཨིན་མི་གྲལ་ཐིག་བཟོ་རྣམ་ཚུ་ཡོད་མི་གི་ཡིག་སྣོད་ག་ཡོད་འཚོལ་ཞིནམ་དང་དེ་ལས་བཏུབ་ཨེབ་གཏང་།. ཡིག་སྣོད་འདི་ལུ་རྩ་སྒྲིག་ [filename].sod ཡོདཔ་ཨིན།

གྲལ་ཐིག་བཟོ་རྣམ་ཚུའི་ཡིག་སྣོད་སྲུངས་ནི་ལུ་སྲུངས་མདའ་རྟགས་བཟོ་རྣམ་ཚུའི་ཨེབ་རྟ་ཨེབ་གཏང་ ཡིག་སྣོད་མིང་ཐོ་བཀོད་འབད་ཞིནམ་དང་དེ་ལས་ བཏུབ་ཨེབ་གཏང་།.

རྩ་སྒྲིག་ - གྲལ་ཐིག་

ཚོས་གཞི་ སྟེགས་རིས་དང་སྐེདཔ་བཏོག་ནིའི་ཐོ་ཡིག་ཚུ་མངོན་གསལ་འབད་དོ།