བང་རིམ་ཚུའི་སྐོར་ལས།

བང་རིམ་ཚུ་LibreOffice ཨིམ་པེརེསི་ནང་མེན་པར་LibreOffice ཌྲོ་ནང་ཐོབ་ཚུགས། བང་རིམ་གྱིས་ཁྱོད་ལུ་འབྲེལ་བ་ཅན་ཤོག་ལེབ་གུ་ཆ་ཤས་ཚུ་འཛོམས་བཅུགཔ་ཨིན། བང་རིམ་ཚུ་ཁྱོད་ཀྱིས་མཐོང་སྣང་ལས་གསང་བཞག་ནི་དང་དཔར་བསྐྲུན་འབད་ནི་ལས་གསང་བཞག་ནི་ཡང་ན་ལྡེ་མིག་རྐྱབ་ཚུགས་མི་ངོ་རྐྱང་ལཱ་གི་ས་སྒོ་སྦེ་མནོ་བསམ་བཏང་།

བང་རིམ་འདི་གིས་ཁྱོད་ཀྱི་ཤོག་ལེབ་གུ་དངོས་པོ་ཚུ་གི་བརྩེགས་ཕུང་གོ་རིམ་གཏན་འབེབས་མི་བཟོ་ གཞན་མི་བང་རིམ་ཚུ་གི་གདོང་ཁ་ལུ་ཨ་རྟག་རང་སྡོད་མི་ ཚད་འཛིན་ཚུའི་བང་རིམ་གྱི་དོན་ལུ་རྐྱངམ་གཅིག་གཏན་འབེབས་བཟོཝ་ཨིན།

ཁྱོད་ཀྱི་ཤོག་ལེབ་གུ་དངོས་པོ་ཚུ་གི་བརྩེགས་ཕུང་གོ་རིམ་འདི་ཁྱོད་ཀྱི་དངོས་པོ་ཚུ་ཁ་སྐོང་འབད་མི་ནང་འབྱུང་རིམ་གྱིས་གཏན་འབེབས་བཟོཝ་ཨིན། ཁྱོད་ཀྱིས་བརྩེགས་ཕུང་གོ་རིམ་འདི་ལེགས་བཅོས་ - བདེ་ཞིབ་འབད་བའི་ཐོག་ལས་སླར་བདེ་ཞིབ་འབད་ཚུགས།.

དངོས་པོ་ཚུ་ལྡན་འདི་མེད་མི་བང་རིམ་གུ་གི་མངའ་ཁོངས་ཚུ་དྭངས་གསལ་ཅན་ཨིན།

LibreOffice ཌྲོ་འདི་གིས་སྔོན་སྒྲིག་བང་རིམ་གསུམ་འབྱིནམ་ཨིན།

ཁྱོད་ཀྱིས་སྔོན་སྒྲིག་བང་རིམ་ཚུ་བཏོན་གཏང་ནི་ཡང་ན་བསྐྱར་མིང་བཏགས་མི་ཚུགས། ཁྱོད་ཀྱིས་ཁྱོད་རང་གི་བང་རིམ་ཚུ་བཙུགས་ - བང་རིམ་གིས་ཐོག་ལས་ཁ་སྐོང་རྐྱབས་ཚུགས།.

སྒྲིག་བཀོད་བང་རིམ་འདི་ སྔོན་སྒྲིག་ ལཱ་གི་ས་སྒོ་ཨིན། སྒྲིག་བཀོད་ བང་རིམ་འདི་གིས་མགོ་མིང་གི་གནས་ཁོངས་དང་ཚིག་ཡིག་དེ་ལས་ཁྱོད་ཀྱི་ཤོག་ལེབ་གུ་དངོས་པོ་གནས་ས་འཆང་མི་ཚུ་གཏན་འབེབས་བཟོཝ་ཨིན།

ཚད་འཛིན་ཚུའི་བང་རིམ་འདི་ བྱ་བ་འགན་སྤྲོད་འབད་ཡོད་མི་ཨེབ་རྟ་ཚུའི་དོན་ལུ་ ལག་ལེན་འཐབ་ཚུགས་ དེ་འབདཝ་ད་དེ་ཚུ་དཔར་བསྐྲུན་འབད་ནི་མི་འོང་། བང་རིམ་ཚུའི་རྒྱུ་དངོས་ཚུ་དཔར་བསྐྲུན་འབད་མ་བཏུབ་མི་ལུ་གཞི་སྒྲིག་འབད། ཚད་འཛིན་ཚུའི་བང་རིམ་གུ་གི་དངོས་པོ་ཚུ་ ཨ་རྟག་རང་ གཞན་མི་བང་རིམ་ཚུ་གུ་དངོས་པོ་གི་གདོང་ཁར་འོངམ་ཨིན།

ཁྱོད་ཀྱིས་ག་སྟེ་ཅིག་ལུ་འབྲི་མི་འདི་ རྒྱ་ཁྱོན་གྲལ་ཐིག་ཚུའི་ བང་རིམ་ཨིན། དཔེར་ན་ རྒྱ་ཁྱོན་གྲལ་ཐིག་ཚུ། གསང་བཞག་ནི་ཡང་ན་སྟོན་ནི་ལུ་བང་རིམ་འདི་གློག་རྟ་འབད་བའི་ཐོག་ལས་ ཁྱོད་ཀྱིས་འ་ནི་གྲལ་ཐིག་ཚུ་ཨཱོན་དང་ཨོཕ་འཇམ་ཏོང་ཏོ་སྦེ་གློག་རྟ་འབད་ཚུགས།

ཊི་ཨའི་པི་ངོས་དཔར།

You can lock a layer to protect its contents, or hide a layer and its contents from view or from printing. When you add a new layer to a page, the layer is added to all of the pages in your document. However, when you add an object to a layer, it is only added to the current page. If you want the object to appear on all of the pages, add the object to the master slide (View - Master Slide).