བང་རིམ་ཚུ་དང་གཅིག་ཁར་ལཱ་འབད་དོ།

LibreOffice ཌྲོ་རྒྱབ་སྐྱོར་བང་རིམ་ཚུ་ནང་པར་རིས་ཚུ།

བང་རིམ་སེལ་འཐུ་འབད་དོ།

བང་རིམ་སེལ་འཐུ་འབད་ནི་ལུ་ ལཱ་གི་ས་སྒོ་གི་འཇུག་ལུ་བང་རིམ་གྱི་མིང་མཆོང་ལྡེ་ཨེབ་གཏང་།

ཊི་ཨའི་པི་ངོས་དཔར།

བང་རིམ་གྱི་རྒྱུ་དངོས་ཚུ་ཞུན་དག་འབད་ནི་ལུ་ བང་རིམ་མཆོང་ལྡེ་ཐེངས་གཉིས་ཨེབ་གཏང་།


བང་རིམ་ཚུ་གསང་བཞག་དོ།

  1. བང་རིམ་སེལ་འཐུ་འབད་ཞིནམ་དང་དེ་ལས་ རྩ་སྒྲིག་ - བང་རིམ་གདམ་ཁ་རྐྱབས།.

  2. རྒྱུ་དངོས་ཚུའི་ མངའ་ཁོངས་ནང་ མཐོང་ཚུགས་པའི་ དཔྱད་སྒྲོམ་ བསལ།

  3. བཏུབ་ ཨེབ་གཏང་།.

བང་རིམ་གྱི་མིང་མཆོང་ལྡེ་ནང་ མིང་འདི་གི་ཚིག་ཡིག་ཚོས་གཞི་འདི་ཧོནམ་ལུ་བསྒྱུར་བཅོས་འབདཝ་ཨིན།

ཊི་ཨའི་པི་ངོས་དཔར།

ཁྱོད་ཀྱིས་བང་རིམ་འདི་སོར་ལྡེ་བཀག་བཞགཔ་ད་དེ་གི་མཆོང་ལྡེ་ཨེབ་གཏང་འབད་བའི་ཐོག་ལས་མཐོང་ཚུགསཔ་ཡང་ན་མཐོང་མ་ཚུགསཔ་བཟོ་ཚུགས།


གསང་བ་བང་རིམ་ཚུ་སྟོན་དོ།

  1. གསང་བ་བང་རིམ་སེལ་འཐུ་འབད་ཞིནམ་དང་དེ་ལས་རྩ་སྒྲིག་ - བང་རིམ་གདམ་ཁ་རྐྱབས།.

  2. རྒྱུ་དངོས་ཚུའི་མངའ་ཁོངས་ནང་ མཐོང་ཚུགས་པའི་ དཔྱད་སྒྲོམ་ སེལ་འཐུ་འབད།

  3. བཏུབ་ ཨེབ་གཏང་།.

བང་རིམ་ཚུ་ལྡེ་མིག་རྐྱབ་དོ།

  1. བང་རིམ་སེལ་འཐུ་འབད་ཞིནམ་དང་དེ་ལས་ རྩ་སྒྲིག་ - བང་རིམ་གདམ་ཁ་རྐྱབས།.

  2. རྒྱུ་དངོས་ཚུའི་མངའ་ཁོངས་ནང་ལྡེ་མིག་རྐྱབས་ཡོད་པའི་ དཔྱད་སྒྲོམ་ སེལ་འཐུ་ འབད།

  3. བཏུབ་ ཨེབ་གཏང་།.

ཁྱོད་ཀྱིས་ལྡེ་མིག་རྐྱབས་ཡོད་པའི་བང་རིམ་གུ་དངོས་པོ་ཚུ་ཞུན་དག་རྐྱབ་མི་ཚུགས།

བང་རིམ་ཚུའི་ལྡེ་མིག་ཕྱེ་དོ།

  1. ལྡེ་མིག་རྐྱབས་ཡོད་མི་བང་རིམ་སེལ་འཐུ་འབད་ཞིནམ་དང་དེ་ལས་ རྒྱུ་དངོས་ཚུའི་མངའ་ཁོངས་ནང་གདམ་ཁ་རྐྱབས་

  2. རྒྱུ་དངོས་ཚུའི་ མངའ་ཁོངས་ནང་ལྡེ་མིག་རྐྱབས་ཡོད་པའི་ དཔྱད་སྒྲོམ་ བསལ།

  3. བཏུབ་ ཨེབ་གཏང་།.

བང་རིམ་ཚུའི་སྐོར་ལས།

བང་རིམ་ཚུ་བཙུགས་དོ།

བང་རིམ་སོ་སོ་ལུ་དངོས་པོ་ཚུ་སྤོ་བཤུད་འབད་དོ།