LibreOffice ཨིམ་པེརེསི་ནང་མགྱོགས་ཐབས་ལྡེ་མིག་ཚུ་ལག་ལེན་འཐབ་དོ།
ཁྱོད་ཀྱིས་ལྡེ་སྒྲོམ་འདི་LibreOffice ཨིམ་པེརེསི་བརྡ་བཀོད་ཚུ་དང་དེ་གིས་མ་ཚད་པར་ལཱ་གི་ས་སྒོ་བརྒྱུད་དེ་འགྲུལ་བསྐྱོད་འབད་ནི་ལུ་ལག་ལེན་འཐབ་ཚུགས། LibreOffice ཨིམ་པེརེསི་འདི་གིས་པར་རིས་དངོས་པོ་ཚུ་གསར་བསྐྲུན་འབད་ནི་ལུ་LibreOfficeཌྲོ་བཟུམ་སྦེ་ མགྱོགས་ཐབས་ལྡེ་མིག་ཚུ་གཅིག་པ་ལག་ལེན་འཐབ་ཨིན།.
ས་གནས་འཛིན་མི་ཚུ་སེལ་འཐུ་འབད་དོ།
LibreOffice ཨིམ་པེརེསི་ རང་བཞིན་སྒྲིག་བཀོད་ཚུ་གིས་ དངོས་པོ་ཚུ་དང་ཚིག་ཡིག་དེ་ལས་བཤུད་མཀོ་མིང་ཚུ་གི་དོན་ལུ་ས་གནས་འཛིན་མི་ཚུ་ལག་ལེན་འཐབ་ཨིན། ས་གནས་འཛིན་མི་སེལ་འཐུ་འབད་ནི་ལུ་ ཚད་འཛིན་+བཙུགས་ཨེབ།. ས་གནས་འཛིན་མི་གཞན་ལུ་སྤོ་བཤུད་འབད་ནི་ལུ་ ད་རུང་ཚད་འཛིན་+བཙུགས་ཨེབ།
བཤུད་ནང་ཁྱོད་མཇུག་གི་ས་གནས་འཛིན་མི་གི་ཤུལ་ལས་ལྷོདཔ་ད་ ཁྱོད་ཀྱིས་ཚད་འཛིན་+བཙུགས་ཨེབ་གཏང་པ་ཅིན་ ད་ལྟོའི་བཤུད་ཀྱི་ཤུལ་ལས་བཤུད་གསརཔ་བཙུགསཔ་ཨིན། བཤུད་གསརཔ་འདི་གིས་ད་ལྟོའི་བཤུད་བཟུམ་སྦེ་སྒྲིག་བཀོད་གཅིག་པ་ལག་ལེན་འཐབ་ཨིན།
བཤུད་བརྙན་གྱི་སྐབས།
To start a slide show, press Ctrl+F2 or F5.
གཞན་མི་བསྒུལ་བཟོའི་ནུས་པ་ལུ་ཡང་ན་གཞན་མི་བཤུད་ལུ་སྔ་གཡར་འབད།
བར་སྟོང་ཕྲ་རིང་།
དངོས་པོ་བསྒུལ་བཟོའི་ནུས་པ་ཚུ་མ་གཏང་བ་གཞན་མི་བཤུད་ལུ་སྔ་གཡར་འབད།
OptionAlt+PageDown
ཧེ་མའི་བཤུད་ལུ་སླར་ལོག་འབད།
OptionAlt+PageUp
དམིགས་བསལ་བཤུད་ལུ་འགྱོ།
བཤུད་ཀྱི་ཤོག་གྲངས་ཡིག་དཔར་རྐྱབས་ཞིནམ་དང་དེ་ལས་བཙུགས་ཨེབ།.
Stop slide show
Esc or -.
བཤུད་དབྱེ་སེལ་འབད་མི།
ཁྱོད་ཀྱིས་དང་པ་རང་བཤུད་དབྱེ་སེལ་འབད་མི་ལུ་གློག་རྟ་འབདཝ་ད་ ལཱ་གི་ས་སྒོ་ལུ་ལྡེ་སྒྲོམ་ཆེད་དམིགས་བསྒྱུར་བཅོས་འབད་ནི་ལུ་བཙུགས་ཨེབ། དེ་མིན་པ་ཅིན་ press ལཱ་གི་ས་སྒོ་ལུ་འགྲུལ་བསྐྱོད་འབད་ནི་ལུ་ ཨེཕ་༦་ཨེབ་ཞིནམ་དང་དེ་ལས་ བཙུགས་ཨེབ།.
སེལ་འཐུ་འབད་ནི་དང་སེལ་འཐུ་བཤོལ་ནིའི་བཤུད་ཚུ།
ཁྱོད་ཀྱིས་སེལ་འཐུ་འབད་ནི་ཨིན་མི་བཤུད་ལུ་འགྲུལ་བསྐྱོད་འབད་ནི་ལུ་མདའ་རྟགས་ལྡེ་མིག་ཚུ་ལག་ལེན་འཐབ་ཞིནམ་དང་དེ་ལས་ བར་སྟོང་ཕྲ་རིང་ཨེབ།. སེལ་འཐུ་འབད་ནི་ལུ་ཁ་སྐོང་རྐྱབ་ནི་ལུ་ ཁྱོད་ཀྱིས་ཁ་སྐོང་རྐྱབ་ནི་ཨིན་མི་བཤུད་(ཚུ་)ལུ་འགྲུལ་བསྐྱོད་འབད་ནི་ལུ་མདའ་རྟགས་ལྡེ་མིག་ཚུ་ལག་ལེན་འཐབ་ཞིནམ་དང་དེ་ལས་ ད་རུང་བར་སྟོང་ཕྲ་རིང་ཨེབ། བཤུད་སེལ་འཐུ་བཤོལ་ནི་ལུ་ བཤུད་ལུ་འགྲུལ་བསྐྱོད་འབད་ཞིནམ་དང་དེ་ལས་ བར་སྟོང་ཕྲ་རིང་ཨེབ།.
བཤུད་འདྲ་བཤུས་རྐྱབ་དོ་:
-
ཁྱོད་ཀྱིས་འདྲ་བཤུས་རྐྱབ་ནི་ཨིན་མི་བཤུད་ལུ་འགྲུལ་བསྐྱོད་འབད་ནི་ལུ་མདའ་རྟགས་ལྡེ་མིག་ཚུ་ལག་ལེན་འཐབ་ཞིནམ་དང་དེ་ལས་ཚད་འཛིན་+སི་ཨེབ།.
-
ཁྱོད་ཀྱིས་འདྲ་བཤུས་རྐྱབས་ཡོད་པའི་བཤུད་འདི་ག་སྟེ་ལུ་སྦྱར་ནི་ཨིན་ན་བཤུད་ལུ་སྤོ་བཤུད་འབད་ཞིནམ་དང་དེ་ལས་ཚད་འཛིན་+Vཨེབ།.
བཤུད་སྤོ་བཤུད་འབད་དོ་:
-
ཁྱོད་ཀྱིས་སྤོ་བཤུད་འབད་ནི་ཨིན་མི་བཤུད་ལུ་འགྲུལ་བསྐྱོད་འབད་ནི་ལུ་མདའ་རྟགས་ལྡེ་མིག་ཚུ་ལག་ལེན་འཐབ་ཞིནམ་དང་དེ་ལས་ཚད་འཛིན་l+Xཨེབ།.
-
ཁྱོད་ཀྱིས་བཤུད་འདི་ག་སྟེ་ལུ་སྤོ་བཤུད་འབད་ནི་ཨིན་ན་བཤུད་འདི་ལུ་འགྲུལ་བསྐྱོད་འབད་ཞིནམ་དང་དེ་ལས་ཚད་འཛིན་+Vཨེབ་གཏང་།.
-
ད་ལྟོའི་བཤུད་ཀྱི་ཧེ་མ་ ཡང་ན་ ཤུལ་ལས་ སེལ་འཐུ་འབད་ཞིནམ་དང་དེ་ལས་བཏུབ་ ཨེབ་གཏང་།.