བཤུད་ཀྱི་གོ་རིམ་བསྒྱུར་བཅོས་འབད་དོ།
འོག་གི་ནང་ལས་གཅིག་འབད་:
-
མཐོང་སྣང་ - བཤུད་དབྱེ་སེལ་འབད་མི་གདམ་ཁ་རྐྱབས་,བཤུད་ཚུ་གཅིག་ཡང་ན་ལེ་ཤ་སེལ་འཐུ་འབད་ཞིནམ་དང་དེ་ལས་བཤུད་ཚུ་གནས་ཁོངས་གཞན་མི་ལུ་འདྲུད། སྣ་མང་བཤུད་ཚུ་སེལ་འཐུ་འབད་ནི་ལུ་ སོར་ལྡེ་བཀག་བཞག་ཞིནམ་དང་དེ་ལས་བཤུད་ཚུ་གུ་ཨེབ་གཏང་། སེལ་འཐུ་འབད་ཡོད་པའི་བཤུད་ཀྱི་འདྲ་བཤུས་གསར་བསྐྲུན་འབད་ནི་ལུ་ ཁྱོད་ཀྱིས་འདྲུདཔ་ད་ཚད་འཛིན་བཀག་བཞག། མཱའུསི་དཔག་བྱེད་འདི་བསྡོམས་རྟགས་ལུ་བསྒྱུར་བཅོས་འབདཝ་ཨིན། ཁྱོད་ཀྱིས་ཡང་གཞན་མི་ཁ་ཕྱེ་ LibreOffice ཨིམ་པེརེསི་ཡིག་ཆ་ནང་ལུ་བཤུད་ཀྱི་འདྲ་བཤུས་འདྲུད་ཚུགས།
-
མཐོང་སྣང་ - མཐའ་ཐིག་གདམ་ཁ་རྐྱབས་, བཤུད་སེལ་འཐུ་འབད་ཞིནམ་དང་དེ་ལས་ བཤུད་འདི་གནས་ཁོངས་གཞན་མི་ལུ་འདྲུད།
-
མཐོང་སྣང་ - སྤྱིར་བཏང་ ཡང་ན་ དྲན་དེབ་ཚུ་གདམ་ཁ་རྐྱབས་བཤུད་པེན་གུ་བཤུད་སྔོན་ལྟ་སེལ་འཐུ་འབད་ཞིནམ་དང་དེ་ལས་ བཤུད་སྔོན་ལྟ་འདི་ གནས་ཁོངས་གཞན་མི་ལུ་འདྲུད།
ཁྱོད་ཀྱི་གསལ་སྟོན་ནང་ལས་བཤུད་འདི་གནས་སྐབས་ཅིག་འབད་རྩ་བསྐྲད་གཏང་ནི་ལུ་ བཤུད་དབྱེ་སེལ་འབད་མི་ལུ་འགྱོ་, བཤུད་འདི་གཡས་-ཨེབ་གཏང་འབད་ཞིནམ་དང་དེ་ལས་ སྟོནམ་/བཤུད་བརྙན་གདམ་ཁ་རྐྱབས།. གསང་བ་བཤུད་འདི་གི་མིང་སྐྱ་ཐལ་འགྱུརཝ་ཨིན། བཤུད་སྟོན་ནི་ལུ་ བཤུད་གཡས་-ཨེབ་གཏང་འབད་ཞིནམ་དང་དེ་ལས་ སྟོནམ་/གསང་བ་བཤུད་གདམ་ཁ་རྐྱབས།.