གུག་གུགཔ།

འབྲི་ནིའི་ཕྲ་རིང་འདི་གུ་གུག་གུགཔ་ངོས་དཔར་འདི་གིས་ ཁྱོད་ཀྱིས་ ད་ལྟོའི་བཤུད་ལུ་དབྱིབས་ཚུ་དང་གྲལ་ཐིག་ཚུ་ཁ་སྐོང་རྐྱབ་ཚུག་ནི་ཨིན་མི་གྲལ་ཐིག་ལག་ཆས་ཕྲ་རིང་ཁ་ཕྱེཝ་ཨིན།

ཁྱོད་ཀྱིས་སོར་ལྡེ་མར་བཀག་བཞག་པ་ཅིན་ མཱའུསི་གི་འགུལ་བསྐྱོད་འདི་ཁུག་ཟུར་༤༥ གི་སྣ་མང་ཚུ་ལུ་ཚད་འབད་ཡོདཔ་ཨིན། ཁྱོད་ཀྱིས་གདམ་ཁ་ཚུའི་གདམ་ལྡེ་ལྡེ་མིག་བུ་བཀག་བཞག་པ་ཅིན་ མཐུད་མི་བཏུབ། འ་ནི་འདི་ཁྱོད་ལུ་གཅིག་ཁར་མཐུད་འདི་མེད་མི་གུག་གུགཔ་ཚུ་ཡོད་མི་དངོས་པོ་ཚུ་གསར་བསྐྲུན་འབད་བཅུགཔ་ཨིན། ཁྱོད་ཀྱིས་ད་ལྟོ་ཁ་མ་བསྡམས་མི་དངོས་པོ་སྦོམ་ཤོས་ནང་ལུ་གདམ་ཁ་ཚུའི་གདམ་ལྡེ་ལྡེ་མིག་བུ་བཀག་བཞགཔ་ད་ཁྱོད་ཀྱིས་དངོས་པོ་ཆུང་ཤོས་འབྲི་བ་ཅིན་ འབྱུང་མི་ལུ་བརྟེན་དངོས་པོ་ཆུང་ཤོས་འདི་སྦོམ་ཤོས་ལས་ཕབ་གཏངམ་ཨིན།

ཁ་བསྡམས་ཡོད་པའི་དབྱིབས་འདི་གིས་བཀང་ནིའི་ཕྲ་རིང་དང་གྲལ་ཐིག་གུ་མངའ་ཁོངས་བཟོ་རྣམ་སྒྲོམ་ནང་བཀྲམ་སྟོན་འབད་ཡོད་མི་ བཀང་ནི་དེ་རང་བཞིན་གྱིས་ ལེནམ་ ཨིན།

གུག་གུགཔ་ ལྟེམས་ལྟེམས་གང་ཡོདཔ།

བི་ཛི་ཡར་གུག་གུགཔ་གུ་གཞི་བརྟེན་འབད་མི་ལྟེམས་ལྟེམས་གང་ཡོད་པའི་ཁ་བསྡམས་ཡོད་མི་གི་དབྱིབས་འབྲིཝ་ཨིན། ཁྱོད་ཀྱིས་གུག་གུགཔ་འདི་ག་སྟེ་ལུ་འགོ་བཙུགས་ནི་ འདྲུད་ནི་ འཛིན་གྲོལ་འབད་ནི་ཨིན་ན་ཨེབ་གཏང་ཞིནམ་དང་དེ་ལས་ཁྱོད་ཀྱིས་གུག་གུགཔ་འདི་ག་སྟེ་ལུ་མཇུག་བསྡུ་ནི་ཨིན་ན་དཔག་བྱེད་སྤོ་བཤུད་འབད་ཞིནམ་དང་ཨེབ་གཏང་། དཔག་བྱེད་སྤོ་བཤུད་འབད་ཞིནམ་དང་གུག་གུགཔ་ལུ་ཕྲང་ཐིག་ཆ་བགོས་ཁ་སྐོང་རྐྱབ་ནི་ལུ་ལོག་ཨེབ་གཏང་། དབྱིབས་ཁ་བསྡམས་ནི་ལུ་ཐེངས་གཉིས་ཨེབ་གཏང་འབད།

ངོས་དཔར།

གུག་གུགཔ་ ལྟེམས་ལྟེམས་གང་ཡོདཔ།

ཟུར་མང་དབྱིབས་ ལྟེམས་ལྟེམས་གང་ཡོདཔ།

ཕྲང་ཐིག་ཆ་བགོས་ཚུ་ཡོད་མི་ཁ་བསྡམས་ཡོད་པའི་དབྱིབས་འབྲིཝ་ཨིན། ཁྱོད་ཀྱིས་ཟུར་མང་དབྱིབས་ག་སྟེ་ལུ་འགོ་བཙུགས་ནི་ཨིན་ན་ཨེབ་གཏང་འབད་ཞིནམ་དང་གྲལ་ཐིག་ཆ་བགོས་འབྲི་ནི་ལུ་འདྲུད། གྲལ་ཐིག་ཆ་བགོས་ཀྱི་མཐའམ་ངེས་འཛིན་འབད་ནི་ལུ་ལོག་ཨེབ་གཏང་འབད་ཞིནམ་དང་ཟུར་མང་དབྱིབས་ཀྱི་ལྷག་ལུས་གྲལ་ཐིག་ཆ་བགོས་ཚུ་ངེས་འཛིན་འབད་ནི་ལུ་འཕྲོ་མཐུད་དེ་ཨེབ་གཏང་། ཟུར་མང་དབྱིབས་འདི་ཁུག་ཟུར་༤༥གི་གྲུ་ཟུར་ལུ་དམ་ནི་ལུ་ ཁྱོད་ཀྱིས་ཨེབ་གཏངམ་ད་སོར་ལྡེ་བཀག་བཞག།

ངོས་དཔར།

ཟུར་མང་དབྱིབས་ ལྟེམས་ལྟེམས་གང་ཡོདཔ།

ཟུར་མང་དབྱིབས་ (45°) ལྟེམས་ལྟེམས་གང་ཡོདཔ།

ཁུག་ཟུར་༤༥གི་གྲུ་ཟུར་ཚུ་གིས་དམ་ཡོད་པའི་ཕྲང་ཐིག་ཆ་བགོས་ཚུ་ཡོད་མི་ཁ་བསྡམས་ཡོད་པའི་དབྱིབས་འབྲིཝ་ཨིན། ཁྱོད་ཀྱིས་ཟུར་མང་དབྱིབས་འདི་ག་སྟེ་ལུ་འགོ་བཙུགས་ནི་ཨིན་ན་ཨེབ་གཏང་ཞིནམ་དང་གྲལ་ཐིག་ཆ་བགོས་འབྲི་ནི་ལུ་འདརུད། གྲལ་ཐིག་ཆ་བགོས་ཀྱི་མཐའམ་ངེས་འཛིན་འབད་ནི་ལུ་ལོག་ཨེབ་གཏང་ཞིནམ་དང་ཟུར་མང་དབྱིབས་ཀྱི་ལྷག་ལུས་གྲལ་ཐིག་ཆ་བགོས་ཚུ་ངེས་འཛིན་འབད་ནི་ལུ་འཕྲོ་མཐུད་དེ་ཨེབ་གཏང་། ཟུར་མང་དབྱིབས་འབྲི་ཚར་ནི་ལུ་ཐེངས་གཉིས་ཨེབ་གཏང་འབད། ཁུག་ཟུར་༤༥་གྲུ་ཟུར་ལུ་དམ་འདི་མེད་པའི་ཟུར་མང་དབྱིབས་འབྲི་ནི་ལུ་ ཁྱོད་ཀྱིས་ཨེབ་གཏངམ་ད་སོར་ལྡེ་བཀག་བཞག།

ངོས་དཔར།

ཟུར་མང་དབྱིབས་ (45°) ལྟེམས་ལྟེམས་གང་ཡོདཔ།

རང་དབང་འབྲི་ཤོག་གྲལ་ཐིག་ ལྟེམས་ལྟེམས་གང་ཡོདཔ།

ཁྱོད་ཀྱིས་བཤུད་ནང་འདྲུད་མི་རང་དབང་འབྲི་ཤོག་གྲལ་ཐིག་འབྲིཝ་ཨིན། ཁྱོད་ཀྱིས་འཛིན་གྲོལ་འབདཝ་ད་ LibreOffice འདི་གིས་གྲལ་ཐིག་གི་འགོ་བཙུགས་ས་ལུ་མཐའ་རྩེ་ལས་ཕྲང་ཐིག་ཆ་བགོས་འབྲི་བའི་ཐོག་ལས་ཁ་བསྡམས་ཡོད་པའི་དབྱིབས་གསར་བསྐྲུན་འབདཝ་ཨིན། གྲལ་ཐིག་ནང་འཁོད་ཀྱི་དབྱིབས་འདི་ད་ལྟོའི་མངའ་ཁོངས་ཚོས་གཞི་གིས་ལྟེམས་ལྟེམས་སྦེ་གང་འོང་།

ངོས་དཔར།

རང་དབང་འབྲི་ཤོག་གྲལ་ཐིག་ ལྟེམས་ལྟེམས་གང་ཡོདཔ།

གུག་གུགཔ།

ཧུམ་ཁྱུག་ཁྱུ་ཡོད་པའི་ བི་ཛར་གུགགུགཔ་ཅིག་ འབྲིཝ་ཨིན། ཁྱོད་ཀྱི་གུག་གུགཔ་འདི་ འགོ་བཙུགས་དང་ འཛིན་གྲོལ་ འདྲུད་ནི་ཚུ་ག་སྟེ་འབད་ནི་ཨིན་ན་འདི་ནང་ལུ་ཨེབ་གཏང་འབད་ནི་དང་ དེ་ལས་ཁྱོད་ཀྱི་གུག་གུགཔ་འདི་གི་མཇུག་ག་སྟེ་ལུ་མཇུག་བསྡུ་ནི་ཨིན་ན་ འདི་ནང་དཔག་བྱེད་འདི་སྤོ་བཤུད་འབད་ཞིནམ་དང་ཨེབ་གཏང་འབད། དཔག་བྱེད་འདི་ སྤོ་བཤུད་འབད་བཞིནམ་ལས་ གུག་གུགཔ་འདི་ལུ་ ཆ་བགོས་ཀྱི་གྲལ་ཐིག་ཕྲང་ཕྲངམ་ཅིག་ཁ་སྐོང་རྐྱབ་ནིའི་ལུ་ ལོག་སྟེ་ཨེབ་གཏང་འབད། གུག་གུགཔ་འབྲི་ནི་མཇུག་བསྡུ་ནིའི་དོན་ལུ་ ཨེབ་གཏང་ཐེངས་གཉིས་འབད། ཁ་བསྡམས་ནིའི་དབྱིབས་ཅིག་ གསར་བསྐྲུན་འབད་ནི་ལུ་ གུག་གུགཔ་འདི་གི་འགོ་བཙུགས་ས་ཚིགས་འདི་ལུ་ ཨེབ་གཏང་ཐེངས་གཉིས་འབད།གུག་གུགཔ་གི་གཞུ་དབྱིབས་འདི་ ཁྱོད་ཀྱི་འདྲུད་བཞག་འབད་འབད་བའི་གྱང་ཚད་གྱི་སྦེ་ གཏན་འབེབས་བཟོཝ་ཨིན།

ངོས་དཔར།

གུག་གུགཔ།

ཟུར་མང་དབྱིབས།

ཆ་བགོས་གྲལ་ཐིག་ཕྲང་ཕྲངམ་ཅིག་གི་ རྒྱུན་རིམ་གྱི་བརྩམ་ཡོད་པའི་གྲལ་ཐིག་ཅིག་འབྲིཝ་ཨིན། ཆ་བགོས་གྲལ་ཐིག་ཅིག་འབྲི་ནི་ལུ་ འདྲུད་བཞག་འབད་བཞིནམ་དང་ ཆ་བགོས་གྲལ་ཐིག་གི་མཐའ་རྩེ་འདི་་ངེས་འཛིན་འབད་ནི་ལུ་ ཨེབ་གཏང་འབད་ དེ་ལས་ཆ་བགོས་གྲལ་ཐིག་གསརཔ་ཅིག་འབྲི་ནི་ལུ་ འདྲུད་བཞག་འབད། གྲལ་ཐིག་འབྲི་ནིའི་ མཇུག་བསྡུ་ནི་ལུ་གཡེབ་གཏང་ཐེངས་གཉིས་འབད། ཁ་བསྡམས་ནིའི་དབྱིབས་ཅིག་ གསར་བསྐྲུན་འབད་ནི་ལུ་ གྲལ་ཐིག་གི་ འགོ་བཙུགས་ཀྱི་ས་ཆིགས་འདི་ལུ་ ཨེབ་གཏང་ཐེངས་གཉིས་འབད།

ཁུག་ཟུར་༤༥་ གྲུ་ཟུར་གྱི་ས་ཚིགས་གསརཔ་ཅིག་གི་གནས་ས་བཙུགས་ནི་ལུ་ ཟུར་མང་དབྱིབས་ཅིག་འབྲིཝ་ད་ སོར་ལྡེ་གི་ལྡེ་མིག་འདི་བཤད་བཟུང་འབད།

ཞུན་དག་ས་ཚིགས་ཐབས་ལམ་འདི་གིས་ ཁྱོད་ལུ་ཟུར་མང་དབྱིབས་ཀྱི་ ངོརྐྱང་ས་ཚིགས་འདི་ ཕན་ཚུན་འབྲེལ་ལྡན་གྱི་ཐོག་ལས་ ལེགས་བཅོས་འབད་ནི་ལུ་ལྕོགས་ཅན་བཟོཝ་ཨིན།

ངོས་དཔར།

ཟུར་མང་དབྱིབས།

ཟུར་མང་དབྱིབས་ (༤༥°)

ཁུག་ཟུར་ ༤༥གི་གྲུ་ཟུར་ཚུ་གིས་དམ་ཡོད་མི་ ཕྲང་ཐིག་ཆ་བགོས་ཚུ་གི་རྒྱུན་རིམ་གྱི་བརྩོམ་སྒྲིག་འབད་ཡོད་པའི་གྲལ་ཐིག་འབྲིཝ་ཨིན། གྲལ་ཐིག་ཆ་བགོས་འབྲི་ནི་ལུ་འདྲུད་ གྲལ་ཐིག་ཆ་བགོས་ཀྱི་མཐའ་རྩེ་ངེས་འཚིན་འབད་ནི་ལུ་ཨེབ་གཏང་ཞིནམ་དང་དེ་ལས་གྲལ་ཐིག་ཆ་བགོས་གསརཔ་འབྲི་ནི་ལུ་འདྲུད། གྲལ་ཐིག་འབྲི་ཚར་ནི་ལུ་ཐེངས་གཉིས་ཨེབ་གཏང་འབད། ཁ་བསྡམས་ཡོད་པའི་དབྱིབས་གསར་བསྐྲུན་འབད་ནི་ལུ་ གདམ་ཁ་ཚུ་བཀག་བཞག་ཞིནམ་དང་ ཨེབ་གཏང་འབད།

ངོས་དཔར།

ཟུར་མང་དབྱིབས་ (༤༥°)

རང་དབང་འབྲི་ཤོག་གྲལ་ཐིག

ཁྱོད་ཀྱི་ད་ལྟོའི་ཡིག་ཆ་འདི་ནང་ན་ག་སྟེ་ལུ་འདྲུད་ས་ བར་སྟོང་གྱི་རྣམ་པ་དལཝ་གི་གྲལ་ཐིག་ཅིག་འབྲིཝ་ཨིན། གྲལ་ཐིག་འདི་མཇུག་བསྡུ་ནི་ལུ་ མཱའུསི་གི་ཨེབ་རྟ་འདི་འཛིན་གྲོལ་འབད།ཁ་བསྡམས་ནིའི་དབྱིབས་ཅིག་འབྲི་ནིའི་དོན་ལུ་ གྲལ་ཐིག་གི་འགོ་བཙུགས་འདི་གི་སྦོ་ལོགས་ཁར་ལས་ མཱའུསི་གི་ཨེབ་རྟ་འདི་འཛིན་གྲོལ་འབད།

ངོས་དཔར།

རང་དབང་འབྲི་ཤོག་གྲལ་ཐིག