ཐབས་ལམ།

སེལ་འཐུ་འབད་ཡོད་པའི་དངོས་པོ་(ཚུ་)གི་བཀང་ནི་དང་ཕྱོགས་ཡང་ན་དབྱིབས་ལེགས་བཅོས་འབདཝ་ཨིན།

ངོས་དཔར།

ནུས་པ་ཚུ་ (LibreOffice འབྲི་ནི་རྐྱངམ་ཅིག།)

LibreOffice ཌྲོ་ཐབས་ལམ་ལག་ཆས་ཕྲ་རིང་ཁ་ཕྱེ་ནི་ལུ་འབྲི་ནིའི་ཕྲ་རིང་གུ་ནུས་པ་ཚུའི་ངོས་དཔར་གྱི་གཞན་མི་མདའ་རྟགས་འདི་ཨེབ་གཏང་། LibreOffice ཨིམ་པེརིསི་ ནང་ མཐོང་སྣང་- ལག་ཆས་ཕྲ་རིང་ཚུ་-ཐབས་ལམ་ གདམ་ཁ་རྐྱབས།.

བསྒྱིར།

ལྟེ་བའི་ས་ཚིགས་ཀྱི་མཐའ་སྐོར་ལུ་སེལ་འཐུ་འབད་ཡོད་པའི་༢ཌི་དངོས་པོ་(ཚུ་)གསེག་ལོག་ཡང་ན་བསྒྱིརཝ་ཨིན། ཁྱོད་ཀྱིས་བསྒྱིར་ནི་ཨིན་མི་ཁ་ཕྱོགས་འདི་ནང་དངོས་པོ་གི་བཤེད་བཟུང་གི་ཟུར་འདྲུད། དངོས་པོ་གསེག་ལོག་འབད་ནི་ལུ་ ཁྱོད་ཀྱིས་གསེག་ལོག་འབད་ནི་ཨིན་མིའི་ཁ་ཕྱོགས་ནང་དབུས་ཀྱི་བཤེད་བཟུང་འདྲུད།

བཤུད་རེ་རེ་ལུ་ལྟེ་བའི་ས་ཚིགས་གཅིག་རྐྱངམ་གཅིག་ཡོདཔ་ཨིན། དངོས་པོ་གི་དབུས་ལུ་ལྟེ་བའི་ས་ཚིགས་སྤོ་བཤུད་འབད་ནི་ལུ་དངོས་པོ་གུ་ཐེངས་གཉིས་ཨེབ་གཏང་འབད། ཁྱོད་ཀྱིས་ཡང་གསལ་གཞི་གུ་གནས་ཁོངས་གསརཔ་ལུ་ལྟེ་བའི་ས་ཚིགས་འདྲུད་ཚུགས་ནི་དང་དེ་ལས་དངོས་པོ་བསྒྱིར།

དྲན་འཛིན་ངོས་དཔར།

ཁྱོད་ཀྱིས་༣ཌི་དངོས་པོ་གྲངས་སུ་བཙུགས་མི་སྡེ་ཚན་སེལ་འཐུ་འབད་བ་ཅིན་ ༣ཌི་དངོས་པོ་རྐྱངམ་གཅིག་བསྒྱིརཝ་ཨིན། ཁྱོད་ཀྱིས་༣ཌི་དངོས་པོ་གསེག་ལོག་འབད་མི་ཚུགས་ ཚབ་ལུ་ ཁྱོད་ཀྱིས་དབུས་བཤེད་བཟུང་ཚུ་འདྲུད་གཏང་བའི་ཐོག་ལས་ཨེཀསི་དང་ཝའི་ཚད་ཐིག་ཚུའི་སྐོར་ལས་བསྒྱིར་ཚུགས།


ངོས་དཔར།

བསྒྱིར།

མྱུར་ལྷོག་འབད།

ཁྱོད་ཀྱིས་བཤུད་གུ་ག་སྟེ་ཡང་འདྲུད་ཚུགས་ནི་ཨིན་མི་མྱུར་ལྷོག་གྲལ་ཐིག་གི་མཐའ་སྐོར་ལུ་སེལ་འཐུ་འབད་ཡོད་པའི་དངོས་པོ་(ཚུ་)མྱུར་ལྷོག་འབདཝ་ཨིན། དངོས་པོ་(ཚུ་)མྱུར་ལྷོག་འབད་ནི་ལུ་མྱུར་ལྷོག་གྲལ་ཐིག་གུ་ལས་དངོས་པོ་(ཚུ་)གི་བཤེད་བཟུང་འདྲུད། མྱུར་ལྷོག་གྲལ་ཐིག་འདི་གི་ཕྱོགས་བསྒྱུར་བཅོས་འབད་ནི་ལུ་ གནས་ཁོངས་གསརཔ་ལུ་དེ་གི་མཐའ་རྩེ་གཅིག་འདྲུད།

ངོས་དཔར།

མྱུར་ལྷོག་འབད།

༣ཌི་བསྒྱིར་ནིའི་དངོས་པོ་ནང་།

མཛེས་སྙོམས་གྲལ་ཐིག་གི་མཐའ་སྐོར་ལུ་དངོས་པོ་(ཚུ་)བསྒྱིར་བའི་ཐོག་ལས་སེལ་འཐུ་འབད་ཡོད་པའི་༢ཌི་དངོས་པོ་(ཚུ་)༣ཌི་དངོས་པོ་ལུ་གཞི་བསྒྱུར་འབདཝ་ཨིན།

གཞི་བསྒྱུར་འབད་ཡོད་པའི་དངོས་པོ་གི་དབྱིབས་བསྒྱུར་བཅོས་འབད་ནི་ལུ་གནས་ཁོངས་གསརཔ་ལུ་མཛེས་སྙོམས་གྲལ་ཐིག་འདྲུད། མཛེས་སྙོམས་གྲལ་ཐིག་གི་ཕྱོགས་བསྒྱུར་བཅོས་འབད་ནི་ལུ་ དེ་གི་མཐའ་རྩེ་གཅིག་འདྲུད། དེ་༣ཌི་ལུ་གཞི་བསྒྱུར་འབད་ནི་ལུ་དངོས་པོ་ཨེབ་གཏང་།

ངོས་དཔར།

༣ཌི་བསྒྱིར་ནིའི་དངོས་པོ་ནང་།

སྒོར་ཐིག་ (སྣང་ཚུལ་)ནང་གཞི་སྒྲིག་འབད།

སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་བློའི་འཆར་ཚུལ་སྒོར་ཐིག་ཚུའི་མཐའ་སྐོར་ལུ་ལོག་མཚམས་འབད་བའི་ཐོག་ལས་དང་དེ་ལས་སྣང་ཚུལ་ཁ་སྐོང་འབད་འདི་བཟོ་ཉེས་བཟོཝ་ཨིན། བཟོ་ཉེས་བཟོ་ནི་ལུ་སེལ་འཐུ་འབད་ཡོད་པའི་དངོས་པོ་གི་བཤེད་བཟུང་འདྲུད། སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་ཟུར་མང་དབྱིབས་ཡང་ན་བི་ཛི་ཡར་གུག་གུགཔ་མེན་པ་ཅིན་ ཁྱོད་ཀྱིས་བཟོ་ཉེས་མ་བཟོ་བའི་ཧེ་མ་གུག་གུགཔ་ལུ་བཟོ་དངོས་པོ་བསྒྱུར་བཅོས་མ་འབད་ནི་ལུ་ཁྱོད་ལུ་ནུས་སྤེལ་བྱིནམ་ཨིན།

ངོས་དཔར།

སྒོར་ཐིག་ (སྣང་ཚུལ་)ནང་གཞི་སྒྲིག་འབད།

སྒོར་ཐིག་(གཡོ་)ལུ་གཞི་སྒྲིག་འབད།

སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་བློའི་འཆར་ཚུལ་སྒོར་ཐིག་ཚུའི་མཐའ་སྐོར་ལུ་ལོག་མཚམས་འབད་བའི་ཐོག་ལས་བཟོ་ཉེས་བཟོཝ་ཨིན། བཟོ་ཉེས་བཟོ་ནི་ལུ་སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་གི་བཤེད་བཟུང་འདྲུད། སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་བི་ཛི་ཡར་གུག་གུགཔ་ཡང་ན་ཟུར་མང་དབཡིབས་མེན་པ་ཅིན་ ཁྱོད་ཀྱིས་བཟོ་ཉེས་མ་བཟོ་བའི་ཧེ་མ་གུག་གུགཔ་ལུ་དངོས་པོ་བསྒྱུར་བཅོས་འབད་ནི་ལུ་ཁྱོད་ལུ་ནུས་སྤེལ་བྱིནམ་ཨིན།

ངོས་དཔར།

སྒོར་ཐིག་(གཡོ་)ལུ་གཞི་སྒྲིག་འབད།

བཟོ་ཉེས་བཟོ་ནི།

ཁྱོད་ཀྱིས་སེལ་འཐུ་འབད་ཡོད་པའི་དངོས་པོ་གི་བཤེད་བཟུང་ཚུའི་དབྱིབས་བསྒྱུར་བཅོས་འབད་ནི་ལུ་འདྲུད་ད། སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་ཟུར་མང་དབྱིབས་ཡང་ན་བི་ཛི་ཡར་གུག་གུགཔ་མེན་པ་ཅིན་ ཁྱོད་ཀྱིས་འདི་བཟོ་ཉེས་མ་བཟོ་བའི་ཧེ་མ་གུག་གུགཔ་ལུ་དངོས་པོ་འདི་བསྒྱུར་བཅོས་འབད་ནི་ལུ་ཁྱོད་ལུ་ནུས་སྤེལ་བྱིནམ་ཨིན།

ངོས་དཔར།

བཟོ་ཉེས་བཟོ་ནི།

དྭངས་གསལ།

Applies a transparency gradient to the selected object. The transparency line represents a grayscale, with the black handle corresponding to 0% transparency and the white handle to 100% transparency.

དྭངས་གསལ་སྟེགས་རིས་ཀྱི་ཁ་ཕྱོགས་བསྒྱུར་བཅོས་འབད་ནི་ལུ་བཤེད་བཟུང་དཀརཔོ་འདྲུད། སྟེགས་རིས་ཀྱི་རིང་ཚད་བསྒྱུར་བཅོས་འབད་ནི་ལུ་བཤེད་བཟུང་གནགཔོ་འདྲུད། ཁྱོད་ཀྱིས་ཡང་དེ་ཚུའི་གེརེ་སིཀེལ་གནས་གོང་ཚུ་བསྒྱུར་བཅོས་འབད་ནི་ལུ་ ཚོས་གཞི་ཕྲ་རིང་ལས་བཤེད་བཟུང་གུ་ལུ་འདྲུད་ནི་དང་ཚོས་གཞི་ཚུ་བཀོག་བཞག་ཚུགས།

དྲན་འཛིན་ངོས་དཔར།

ཚོས་གཞི་ཕྲ་རིང་བཀྲམ་སྟོན་འབད་ནི་ལུ་ མཐོང་སྣང་-ལག་ཅས་ཕྲ་རིང་ཚུ་- ཚོས་གཞི་ཕྲ་རིང་གདམ་ཁ་རྐྱབས།.


ངོས་དཔར།

དྭངས་གསལ།

སྟེགས་རིས།

སེལ་འཐུ་འབད་ཡོད་པའི་དངོས་པོ་གི་སྟེགས་རིས་བཀང་ནི་འདི་ལེགས་བཅོས་འབདཝ་ཨིན། འ་ནི་བརྡ་བཀོད་འདི་ཁྱོད་ཀྱིས་རྩ་སྒྲིག་-མངའ་ཁོངས་ནང་སེལ་འཐུ་འབད་ཡོད་པའི་དངོས་པོ་ལུ་སྟེགས་རིས་འཇུག་སྤྱོད་འབད་ཡོད་པ་ཅིན་རྐྱངམ་གཅིག་ཐོབ་ཚུགས།སྟོགས་རི་འདི་གི་རིང་ཚད་ཡང་ན་.སྟེགས་རིས་ཀྱི་ཁ་ཕྱོགས་བསྒྱུར་བཅོས་འབད་ནི་ལུ་སྟེགས་རིས་གྲལ་ཐིག་གི་བཤེད་བཟུང་ཚུ་འདྲུད། ཁྱོད་ཀྱིས་ཡང་སྟེགས་རིས་མཐའ་རྩེ་གི་ཚོས་གཞི་བསྒྱུར་བཅོས་འབད་ནི་ལུ་ ཚོས་གཞི་ཕྲ་རིང་འདི་ལས་བཤེད་བཟུང་གུ་ལུ་འདྲུད་ནི་དང་ཚོས་གཞི་ཚུ་བཀོག་བཞག་ཚུགས།

དྲན་འཛིན་ངོས་དཔར།

ཚོས་གཞི་ཕྲ་རིང་བཀྲམ་སྟོན་འབད་ནི་ལུ་ མཐོང་སྣང་-ལག་ཅས་ཕྲ་རིང་ཚུ་- ཚོས་གཞི་ཕྲ་རིང་གདམ་ཁ་རྐྱབས།.


ངོས་དཔར།

སྟེགས་རིས།