དབྱིབས་ཚུ་

སེལ་འཐུ་འབད་ཡོད་པའི་དངོས་པོ་གཉིས་ཡང་ན་མངམ་ལས་དབྱིབས་གསར་བསྐྲུན་འབདཝ་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

གདམ་ཁ་རྐྱབས་ ལེགས་བཅོས་འབད་ - དབྱིབས་ཚུ་ (LibreOffice་ འབྲི་ནི་རྐྱངམ་གཅིག)

དངོས་པོ་ཚུ་གཉིས་ཡང་ན་མངམ་་སེལ་འཐུ་འབད་ སྐབས་དོན་དཀར་ཆག་འདི་ཁ་ཕྱེ་ཞིནམ་ལས་གདམ་ཁ་རྐྱབས་ དབྱིབས་ཚུ་


བརྩེགས་ཕུང་གི་མགོ་རིམ་འདི་ནང་དམའ་ཤོས་དངོས་པོ་འདི་གི་རྒྱུ་དངོས་ཚུ་ལུ་དབྱིབས་ཚུ་འབག་ནི།

མཉམ་བསྡོམས་འབད་ནི་

སེལ་འཐུ་འདི་ནང་དམའ་ཤོས་ཤོས་དངོས་པོ་འདི་གི་མངའ་ཁོངས་འདི་ལུ་སེལ་འཐུ་འབད་ཡོད་པའི་དངོས་པོ་ཚུ་གི་མངའ་ཁོངས་འདི་ཁ་སྐོང་རྐྱབ་ཨིན། འ་ནི་བརྡ་བཀོད་འདི་མཐའ་མནོན་དངོས་པོ་ཚུ་དང་མཉམ་ལེགས་ཤོམ་སྦེ་ལག་ལེན་འཐབ་ཡོདཔ་ཨིན།

ཕབ་

དམའ་ཤོས་དངོས་པོ་འདི་གི་མངའ་ཁོངས་ལས་སེལ་འཐུ་འབད་ཡོད་པའི་དངོས་པོ་ཚུ་གི་མངའ་ཁོངས་འདི་ཕབ་གཏངམ་ཨིན།

དུམ་བུར་གཅོད་པ་

སེལ་འཐུ་འབད་ཡོད་པའི་དངོས་པོ་ཚུ་གི་མཐའ་མནོན་མངའ་ཁོངས་འདི་ལས་དབྱིབས་གསར་བསྐྲུན་འབདཝ་ཨིན།