ཟུར་མང་དབྱིབས་ལུ་

སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་ཟུར་མང་དབྱིབས་ལུ་གཞི་བསྒྱུར་འབདཝ་ཨིན། (གྲལ་ཐིག་ཕྲང་ཕྲངམ་ཚུ་གིས་བཅད་མཚམས་འབད་ཡོད་མི་ཁ་བསྡམས་ཡོད་པའི་དངོས་པོ་). དངོས་པོ་འདི་གི་འབྱུང་སྣང་འདི་བསྒྱུར་བཅོས་མི་འབད། ཁྱོད་ལུ་དགོ་པ་ཅིན་ ཁྱོད་ཀྱིས་གཡས་ཨེབ་གཏང་ནི་དང་ བསྒྱུར་བཅོས་ཚུ་སྟོན་ནི་ལུ་་ ཞུན་དག་འབད་ཡོད་པའི་སྐུགས་ཚུ་གདམ་ཁ་རྐྱབས།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

གདམ་ཁ་རྐྱབས་ ལེགས་བཅོས་འབད་ - གཞི་བསྒྱུར་འབད་ - ཟུར་མང་དབྱིབས་ལུ་ (LibreOffice་ འབྲི་ནི་རྐྱངམ་གཅིག་)

སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་གི་སྐབས་དོན་དཀར་ཅག་འདི་ཁ་ཕྱེ་ཞིནམ་དང་གདམ་ཁ་རྐྱབས་ གཞི་བསྒྱུར་འབད་ - ཟུར་མང་དབྱིབས་ལུ་


བིཊི་མེཔ་གཟུགས་བརྙན་ཚུ་མཉམ་ཐིག་ཚད་རིས་ཚུ་ནང་ལུ་གཞི་བསྒྱུར་འབད་དོ།

ཟུར་མང་དབྱིབས་ལུ་གཞི་བསྒྱུར་འབད།

འོག་གི་གདམ་ཁ་ཚུ་ཟུར་མང་དབྱིབས་ལུ་བིཊི་མེཔ་གཟུགས་བརྙན་གཞི་བསྒྱུར་འབད་ནི་ལུ་དགོས་མཁོ་ཡོདཔ་ཨིན། གཞི་བསྒྱུར་འབད་ཡོད་པའི་གཟུགས་བརྙན་འདི་མ་གཞི་ཚོས་གཞི་དང་གཅིག་ཁར་བཀང་ཡོད་པའི་ཟུར་མང་དབྱིབས་ཆུང་ཤོས་ཚུ་བསྡུ་གསོག་འབད་ཡོད་མི་འདི་ཨིན།

སྒྲིག་སྟངས་ཚུ།

གཟུགས་བརྙན་གྱི་དོན་ལུ་གཞི་བསྒྱུར་གྱི་གདམ་ཁ་ཚུ་གཞི་སྒྲིག་འབད།

ཚོས་གཞི་ཚུ་གི་གྲངས་:

གཞི་བསྒྱུར་འབད་ཡོད་པའི་གཟུགས་བརྙན་འདི་ནང་བཀྲམ་སྟོན་འབད་ནི་ལུ་ ཚོས་གཞི་གྱི་གྲངས་ཐོ་བཀོད་འབད། LibreOffice གཟུགས་བརྙན་འདི་ནང་ཚོས་གཞི་འདི་གི་འབྱུང་བ་རེ་རེ་གི་དོན་ལུ་ཟུར་མང་དབྱིབས་འདི་བཟོ་བཏོན་འབདཝ་ཨིན།

སྐུགས་མར་ཕབ།

ཁྱོད་ཀྱིས་ཐོ་བཀོད་འབད་ཡོད་པའི་པིག་སེལ་གནས་གོང་འདི་ལས་ཆུང་མི་གི་ཚོས་གཞི་ཟུར་མང་དབྱིབས་ཚུ་རྩ་བསྐྲད་གཏངམ་ཨིན།

དོང་ཕུ་ཚུ་བཀང་།

སྐུགས་མར་ཕབ་འཇུག་སྤྱོད་འབད་འདི་གིས་རྒྱུ་རྐྱེན་འབད་ཡོད་པའི་ཚོས་གཞི་བར་སྟོང་ཚུ་བཀངམ་ཨིན།

ཊ་ཡིལ་གྱི་ཚད།

རྒྱབ་གཞི་བཀང་ནི་འདི་གི་དོན་ལུ་གྲུ་བཞི་ནར་མོ་འདི་གི་ཚད་ཐོ་བཀོད་འབད།

Source image:

གཟུགས་བརྙན་ངོ་མ་འདི་གི་སྔོན་ལྟ།

མཉམ་ཐིག་འབད་ཡོད་པའི་གཟུགས་བརྙན་:

གཞི་བསྒྱུར་འབད་ཡོད་པའི་གཟུགས་བརྙན་འདི་གི་སྔོན་ལྟ། ཨེབ་གཏང་ སྔོན་ལྟ་ མཉམ་ཐིག་འབད་ཡོད་པའི་གཟུགས་བརྙན་འདི་བཟོ་བཏོན་འབད་ནི་ལུ།

ཡར་འཕེལ།

གཞི་བསྒྱུར་ཡར་འཕེལ་འདི་བཀྲམ་སྟོན་འབདཝ་ཨིན།

སྔོན་ལྟ།

གཞི་བསྒྱུར་འབད་ཡོད་པའི་གཟུགས་བརྙན་འདི་འགྱུར་བཅོས་ཚུ་འཇུག་སྤྱོད་མ་འབད་བར་སྔོན་བལྟ་འབདཝ་ཨིན།