དངོས་པོའི་རྒྱབ་ཁར།

ཁྱོད་ཀྱིས་གསལ་བཀོད་འབད་མི་དངོས་པོའི་རྒྱབ་ཁར་སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་སྤོ་བཤུད་འབད་བའི་ཐོག་ལས་བརྩེགས་ཕུང་འབད་ནིའི་གོ་རིམ་འདི་བསྒྱུར་བཅོས་འབདཝ་ཨིན། སེལ་འཐུ་འབད་ཡོད་པའི་དངོས་པོའི་གསལ་གཞི་གནས་ཁོངས་འདི་བསྒྱུར་བཅོས་མི་འགྱོ།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

གདམ་ཁ་རྐྱབས་ ལེགས་བཅོས་འབད་ - བདེ་ཞིབ་འབད་ - དངོས་པོ་གི་རྒྱབ་ཁར་ (LibreOffice འབྲི་ནི་རྐྱངམ་གཅིག་)

སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་གི་སྐབས་དོན་དཀར་ཆག་འདི་ཁ་ཕྱེ་ཞིནམ་དང་གདམ་ཁ་རྐྱབས་ བདེ་ཞིབ་འབད་ - དངོས་པོ་གི་རྒྱབ་ཁར་

པར་རིས་ཕྲ་རིང་འདི་གུ་ བདེ་ཞིབ་ལག་ཆས་ཕྲ་རིང་་ཁ་ཕྱེ་་ཞིནམ་དང་ཨེབ་གཏང་:

ངོས་དཔར་

དངོས་པོ་གི་རྒྱབ་ཁར།


ཁྱོད་ཀྱིས་དངོས་པོ་གཞན་གྱི་རྒྱབ་ཁར་སྤོ་བཤུད་འབད་ནི་ཨིན་མིའི་དངོས་པོ་(ཚུ་)སེལ་འཐུ་འབད། གཡས་-ཨེབ་གཏང་ཞིནམ་དང་ དངོས་པོའི་རྒྱབ་ཁར་-བདེ་ཞིབ་གདམ་ཁ་རྐྱབ་ནི་དང་དེ་ལས་ཁྱོད་ཀྱི་བཤུད་ནང་དངོས་པོ་ཨེབ་གཏང་།

དྲན་འཛིན་ངོས་དཔར།

ཁྱོད་ཀྱི་ཡིག་ཆ་ནང་དངོས་པོ་ཆ་མཉམ་གྱི་བརྩེགས་ཕུང་འབད་ནིའི་གོ་རིམ་འདི་དངོས་པོའི་ཕན་གནོད་ཚུ་བདེ་ཞིབ་འབད་དོ།Arranging objects affects the stacking order of all objects in your document.