མཐུད་ལམ་ཚུ།

མཐུད་ལམ་ཚུ་གནད་སྡུད་འབྱུང་ཁུངས་ཚུ་ལུ་ག་དེ་འབད་གཅིག་བསྡོམས་འབད་ཡོད་ག་ངེས་འཛིན་འབདཝ་ཨིན།

མཐུད་ལམ་ཚུའི་ མཐུན་རྐྱེན་འདི་གིས་ ཁྱོད་ལུ་ཤུལ་ལས་དགོས་མཁོ་མེད་མི་མཐུད་ལམ་ཚུ་དེ་འཕྲལ་ལས་བཏོན་མི་གཏང་ནི་ལུ་ཆ་རྐྱེན་འབད་བཅུགཔ་ཨིན་ དེ་འབདཝ་ད་དེ་ཚུ་དུས་ཡུན་དག་པ་ཅིག་གི་རིང་དལཝ་བཞགཔ་ཨིན། དུས་ཡུན་དེ་ཁར་གནད་སྡུད་འབྱུང་ཁུངས་ལུ་མཐུད་ལམ་གསརཔ་དགོས་མཁོ་ཡོད་པ་ཅིན་ དགོས་དོན་འདི་གི་དོན་ལས་རང་དབང་མཐུད་ལམ་ལག་ལེན་འཐབ་ཚུགས།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

Choose - LibreOffice Base - Connections.


མཐུད་ལམ་གཅིག་བསྡོམས།

མཐུད་ལམ་གཅིག་བསྡོམས་འབད་ནི་ལྕོགས་ཅན་བཟོ་ཡོདཔ།

གདམ་ཁ་རྐྱབས་ཡོད་མི་མཐུད་ལམ་ཚུ་གཅིག་བསྡོམས་འབད་འདི་ཡོདཔ་ཨིན་ན་གསལ་བཀོད་འབདཝ་ཨིན།

LibreOffice ནང་ཤེས་པའི་འདྲེན་བྱེད་ཚུ།

ངེས་འཛིན་འབད་ཡོད་པའི་འདྲེན་བྱེད་ཚུ་དང་མཐུད་ལམ་གནད་སྡུད་ཀྱི་ཐོ་ཡིག་བཀྲམ་སྟོན་འབདཝ་ཨིན།

ད་ལྟོའི་འདྲེན་བྱེད།

ད་ལྟོ་སེལ་འཐུ་འབད་ཡོད་པའི་འདྲེན་བྱེད་འདི་ཐོ་ཡིག་གི་འོག་ལུ་བཀྲམ་སྟོན་འབད་ཡོདཔ་ཨིན།

འདྲེན་བྱེད་འདི་གི་དོན་ལུ་གཅིག་བསྡོམས་འབད་ནི་ལྕོགས་ཅན་བཟོ།

ཐོ་ཡིག་ལས་འདྲེན་བྱེད་སེལ་འཐུ་འབད་ཞིནམ་དང་ འདྲེན་བྱེད་དཔྱད་སྒྲོམ་གྱི་མཐུད་ལམ་གཅིག་བསྡོམས་འབད་ནིའི་དོན་ལུ་ལྕོགས་ཅན་གཅིག་བསྡོམས་ རྟགས་བཀལ།

ངལ་མཚམས་ (སྐར་ཆ་ཚུ་)

གཅིག་བསྡོམས་འབད་ཡོད་པའི་མཐུད་ལམ་རང་དབང་ཡོད་མི་གི་ཤུལ་ལས་སྐར་ཆ་ཚུ་ནང་ཆུ་ཚོད་ངེས་འཛིན་འབདཝ་ཨིན། ཆུ་ཚོད་འདི་ སྐར་ཆ་ ༣༠་དང་༦༠༠ བར་ན་ག་ཏེ་ཡང་འོང་ཚུགས།