འཛུལ་སྤྱོད།

མར་ཕབ་འབད་ཡོད་པའི་མཐོང་ཆས་དང་ཚད་འབད་ཡོད་པའི་ལག་རྩལ་ ཡང་ན་ གཞན་ལྕོགས་གྲུབ་མེད་མི་ཚུ་གི་ཐོག་ལས་ལག་ལེན་པ་ཚུའི་དོན་ལུ་ LibreOfficeལས་རིམ་ཚུ་ཧེང་བཀལ་འཛུལ་སྤྱོད་འབད་བཏུབ་བཟོ་མི་གདམ་ཁ་ཚུ་གཞི་སྒྲིག་འབདཝ་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

Choose - LibreOffice - Accessibility.


LibreOffice ནང་ འཛུལ་སྤྱོད།

སྣ་ཚོགས་གདམ་ཁ་ཚུ།

འཛུལ་སྤྱོད་གདམ་ཁ་ཚུ་གཞི་སྒྲིག་འབད།

ལྷག་ནི་རྐྱངམ་གཅིག་གི་ཚིག་ཡིག་ཡིག་ཆ་ནང་ཚིག་ཡིག་སེལ་འཐུ་འབད་ནིའི་འོད་རྟགས་ལག་ལེན་འཐབ།

ལྷག་ནི་ཙམ་གྱི་ཡིག་ཆ་ཚུ་ནང་འོད་རྟགས་བཀྲམ་སྟོན་འབདཝ་ཨིན།

Allow animated images

LibreOffice ནང་ཇི་ཨའི་ཨེཕ་གཟུགས་བརྙན་ཚུ་བཟུམ་མའི་ བསྒུལ་ཅན་བཟོས་པའི་ཚད་རིས་ཚུ་སྔོན་ལྟ་འབདཝ་ཨིན།.

བསྒུལ་ཅན་བཟོ་ཡོད་པའི་ཚིག་ཡིག་འབད་བཅུག།

LibreOffice ནང་འགུལ་ཅན་དང་བཤུད་སྒྲིལ་བཟུམ་མའི་ བསྒུལ་ཅན་བཟོས་པའི་ཚིག་ཡིག་སྔོན་ལྟ་འབདཝ་ཨིན།.

ཁྱད་པར་གྱི་འབྱུང་སྣང་མཐོ་མིའི་དོན་ལུ་གདམ་ཁ་ཚུ།

ཚོན་མདངས་མཐོ་མི་འདི་ལྷག་བཏུབ་མི་བཏུབ་ལེགས་བཟོ་འབད་ནི་ལུ་རིམ་ལུགས་ཚོས་གཞི་འཆར་ལས་བསྒྱུར་བཅོས་འབད་མི་བཀོལ་སྤྱོད་རིམ་ལུགས་སྒྲིག་སྟངས་ཅིག་ཨིན། ཁྱོད་ཀྱིས་ LibreOffice འདི་གིས་བཀོལ་སྤྱོད་རིམ་ལུགས་ཀྱི་མཐོ་མི་ཚོན་མདངས་སྒྲིག་སྟངས་ཚུ་ག་དེ་འབད་ལག་ལེན་འཐབ་ཨིན་ན་ཐག་བཅད་ཚུགས།

མཐོ་མི་གི་ཚོན་མདངས་ཐབས་ལམ་ཤུགས་ལྡན་བཟོཝ་ད་ ནང་ཐིག་མཐའ་མཚམས་ཚུ་དང་གྱིབ་མ་ཚུ་ཨ་རྟག་རང་ཚིག་ཡིག་ཚོས་གཞི་ནང་སྟོནམ་ཨིན། དེ་ལས་ནང་ཐིག་རྒྱབ་གཞིའི་ཚོས་གཞི་འདི་སྣང་མེད་བཞགཔ་ཨིན།

བཀོལ་སྤྱོད་རིམ་ལུགས་ཀྱི་མཐོ་མི་ཚོན་མདངས་ཐབས་ལམ་རང་བཞིན་གྱིས་སྐྱོན་འཛིན་འབྱུངམ་ཨིན།

རིམ་ལུགས་རྒྱབ་གཞིའི་ཚོས་གཞི་ན་མེད་ས་མེད་གྲིབ་གནག་ཨིནམ་ད་ LibreOffice འདི་ ཚོན་མདངས་ཐབས་ལམ་མཐོ་མི་ནང་ལུ་སོར་བསྒྱུར་འབདཝ་ཨིན།

གསལ་གཞི་བཀྲམ་སྟོན་གྱི་དོན་ལུ་ཨ་རྟག་རང་རང་བཞིན་ཡིག་གཟུགས་ཀྱི་ཚོས་གཞི་ལག་ལེན་འཐབ།

རིམ་ལུགས་ཚོས་གཞི་སྒྲིག་སྟངས་ཚུ་ལག་ལེན་འཐབ་ཐོག་ལས་ LibreOffice ནང་ཡིག་གཟུགས་ཚུ་བཀྲམ་སྟོན་འབདཝ་ཨིན། ཨ་ནི་གདམ་ཁ་འདི་གིས་གསལ་གཞི་བཀྲམ་སྟོན་རྐྱངམ་གཅིག་གནོད་སྐྱོན་འབདཝ་ཨིན།

ཤོག་ལེབ་སྔོན་ལྟ་གི་དོན་ལུ་རིམ་ལུགས་ཚོས་གཞི་ཚུ་ལག་ལེན་འཐབ།

ཤོག་ལེབ་སྔོན་ལྟ་ཚུ་ལུ་བཀོལ་སྤྱོད་རིམ་ལུགས་ཀྱི་མཐོ་མི་ཚོན་མདངས་སྒྲིག་སྟངས་ཚུ་འཇུག་སྤྱོད་འབདཝ་ཨིན།