Application Colors

LibreOffice ལག་ལེན་པ་ངོས་འདྲ་བའི་དོན་ལུ་ཚོས་གཞི་ཚུ་གཞི་སྒྲིག་འབདཝ་ཨིན། ཁྱོད་ཀྱིས་ད་ལྟོའི་སྒྲིག་སྟངས་ཚུ་ཚོས་གཞིའི་འཆར་ལས་སྦེ་སྲུང་ཚུགས་ནི་དང་ དེ་ཚུ་ཤུལ་ལས་མངོན་གསལ་འབད་ཚུགས།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

Choose - LibreOffice - Application Colors.


LibreOffice ནང་ འཛུལ་སྤྱོད།

ཚོས་གཞིའི་འཆར་ལས།

ཚོས་གཞིའི་འཆར་ལས་ཚུ་སྲུངས་ཞིནམ་དང་བཏོན་གཏང་།

འཆར་ལས།

ཁྱོད་ཀྱིས་ལག་ལེན་འཐབ་ནི་ཨིན་མི་ཚོས་གཞིའི་འཆར་ལས་སེལ་འཐུ་འབདཝ་ཨིན།

སྲུངས།

ཁྱོད་ཀྱིས་ཤུལ་ལས་ཡང་བསྐྱར་མངོན་གསལ་འབད་ཚུགས་ནི་ཨིན་མི་ཚོས་གཞིའི་འཆར་ལས་བཟུམ་སྦེ་ད་ལྟོའི་སྒྲིག་སྟངས་ཚུ་སྲུངམ་ཨིན། མིང་འདི་ འཆར་ལས་ཀྱི་སྒྲོམ་ལུ་ ཁ་སྐོང་འབད་ཡོད།

ཚོས་གཞིའི་འཆར་ལས་ཀྱི་མིང་།

ཚོས་གཞིའི་འཆར་ལས་ཀྱི་དོན་ལུ་མིང་བཙུགས།

བཏོན་གཏང་།

འཆར་ལས་སྒྲོམ་ནང་སྟོན་མི་ཚོས་གཞིའི་འཆར་ལས་ བཏོན་གཏངམ་ ཨིན། ཁྱོད་ཀྱིས་སྔོན་སྒྲིག་འཆར་ལས་བཏོན་གཏང་མི་ཚུགས།

འཆར་ལས།

ལག་ལེན་པའི་ངོས་འདྲ་བའི་རྒྱུ་རྫས་ཚུའི་དོན་ལས་ཚོས་གཞི་ཚུ་སེལ་འཐུ་འབད།

ལག་ལེན་པའི་ངོས་འདྲ་བའི་ཆ་ཤས་ལུ་ཚོས་གཞི་འཇུག་སྤྱོད་འབད་ནི་ལུ་ མིང་གི་གདོང་ཁར་ཡོད་པའི་དཔྱད་སྒྲོམ་འདི་རྟགས་བཀལ་ཡོདཔ་བརྟན་བརྟན་བཟོ། ལག་ལེན་པའི་ངོས་འདྲ་བའི་ཆ་ཤས་གསང་བཞག་ནི་ལུ་ དཔྱད་སྒྲོམ་བསལ།

དྲན་འཛིན་ངོས་དཔར།

ལག་ལེན་པའི་ངོས་འདྲ་བའི་ཆ་ཤས་ཚུ་ལ་ལོ་ཅིག་གསང་བཞག་མི་ཚུགས།


དྲན་འཛིན་ངོས་དཔར།

འོད་རྟགས་མཐོང་གསལ་གོང་སྤེལ་གཏང་ནིའི་གོ་རིམ་ལུ་ ལག་ལེན་པ་གིས་གློག་རིམ་གྱི་རྒྱབ་གཞིའི་ཚོས་གཞི་༤༠% དང་ ༦༠% བར་ན་སྐྱ་ཐལ་གཞི་སྒྲིག་འབད་བ་ཅིན་ འ་ནི་འདི་རང་བཞིན་གྱིས་ ༤༠% སྐྱ་ཐལ་ལུ་བསྒྱུར་བཅོས་འབདཝ་ཨིན།


རང་བཞིན་ཚོས་གཞི་སྒྲིག་སྟངས་འདི་གིས་ ཚོས་གཞིའི་འཆར་ལས་ ལས་ སྔར་སྒྲིག་ཚོས་གཞི་ལུ་ལག་ལེན་པའི་ངོས་འདྲ་བའི་ཆ་ཤས་བསྒྱུར་བཅོས་འབདཝ་ཨིན།

"Visited links" དང་ "Unvisited links" གི་དོན་ལུ་ཚོས་གཞི་སྒྲིག་སྟངས་ཚུ་ སྒྲིག་སྟངས་ཚུ་འཇུག་སྤྱོད་འབད་བའི་ཤུལ་ལས་གསར་བསྐྲུན་འབད་ཡོད་པའི་ཡིག་ཆ་ཚུ་ལུ་རྐྱངམ་གཅིག་འཇུག་སྤྱོད་འབད།