LibreOffice ཨེཀསི་ཨེམ་ཨེལ་ཚགས་མ་ཚུ་དང་གཅིག་ཁར་ལཱ་འབད་དོ།

LibreOffice འདི་གིས་ཨེཀསི་ཨེམ་ཨེལ་རྩ་སྒྲིག་ནང་ཡིག་ཆ་ཚུ་བསག་བཞགཔ་ཨིན།. ཁྱོད་ཀྱིས་རྩ་སྒྲིག་གཞན་མི་ནང་ལུ་LibreOfficeགིས་ལག་ལེན་འཐབ་ཡོད་མི་རང་ཡུལ་ཁ་ཕྱེ་ཡིག་ཆ་ཨེཀསི་ཨེམ་ཨེལ་ཡིག་སྣོད་རྩ་སྒྲིག་གཞི་བསྒྱུར་འབད་མི་སྲོལ་སྒྲིག་འབད་ཡོད་མི་ཚགས་མ་ཚུ་གསར་བསྐྲུན་འབད་ཚུགས། འ་ནི་ཚགས་མ་ཚུ་LibreOfficeནང་ལུ་ཚེམས་སྲུབས་མེད་པའི་ཐོག་ལས་མཉམ་སྒྲིལ་འབད་ཚུགས་དེ་འབདཝ་ལས་ཁྱོད་ཀྱིས་འ་ནི་རྩ་སྒྲིག་ཚུ་དྭངས་གསལ་ཅན་སྦེ་མངོན་གསལ་ཡང་ན་སྲུང་བཞག་འབད་ཚུགས།

དྲན་འཛིན་ངོས་དཔར།

ཨེཀསི་ཨེམ་ཨེལ་ཚགས་མ་གསར་བསྐྲུན་འབད་ནི་ལུ་ ཁྱོད་ལུ་ཨེཀསི་ཨེམ་ཨེལ་དང་ཨེཀསི་ཨེསི་ཨེལ་ཊི་བསམ་གཞི་ཚུ་གི་གོ་བ་ལེགས་ཤོམ་ཅིག་ངེས་པར་དུ་དགོ། འ་ནི་བསམ་གཞི་འདི་ཚུ་གྲོགས་རམ་འདི་གི་འོས་སྐབས་ལས་ལྷགཔ་ཨིན།


ཨེཀསི་ཨེམ་ཨེལ་ཚགས་མ་འདི་ལུ་ཨེཀསི་ཨེསི་ཨེལ་ཊི་སྐད་ཡིག་ནང་འབྲི་ཡོད་མི་བཟོ་རྣམ་འབྲི་ཤོག་ཚུ་ནང་ན་ཡོདཔ་ཨིན།བཟོ་རྣམ་འབྲི་ཤོག་འདི་གིས་ཕྱིར་འདྲེན་དང་ནང་འདྲེན་ཚགས་མ་ཚུ་བརྒྱུད་དེ་ཨེཀསི་ཨེམ་ཨེལ་རྩ་སྒྲིག་གཞན་མི་ལུ་ཁ་ཕྱེ་ཡིག་ཆ་ཡིག་སྣོད་རྩ་སྒྲིག་ལས་བཟོ་བསྒྱུར་ངེས་འཛིན་འབདཝ་ཨིན། ཨེཀསི་ཨེམ་ཨེལ་ཚགས་མ་ལུ་དབྱེ་བ་གསུམ་ཡོད་: