ཨེཀསི་ཨེམ་ཨེལ་འབྲི་ཤོག་ཡིག་ཆ་ཚུ་ (ཨེཀསི་འབྲི་ཤོག་ཚུ་)

ཨེཀསི་རྣམ་པ་ཚུ་འཛམ་གླིང་ཡོངས་འབྲེལ་ཚོགས་སྡེ་གིས་བཟོ་ཡོད་མི་ཝེབ་རྣམ་པ་གི་དབྱེ་བ་གསརཔ་ཅིག་ཨིན། ཨེཀསི་རྣམ་པའི་དཔེ་འདི་རྒྱ་བསྐྱེད་ཅན་གྱི་རྟགས་བཀོད་སྐད་ཡིག་(ཨེཀསི་ཨེམ་ཨེལ་)ནང་ངེས་འཛིན་འབད་ཡོདཔ་ཨིན། དཔེ་འདི་གིས་རྣམ་པ་འདི་གིས་ལཱ་ག་ཅི་འབདཝ་ཨིན་ན་དང་རྣམ་པ་འདི་ག་བཟུམ་མཐོངམ་ཨིན་ན་འགྲེལ་བཤད་རྐྱབ་ནི་ལུ་དབྱེ་ཚན་སོ་སོ་ལག་ལེན་འཐབཔ་ཨིན། ཁྱོད་ཀྱིས་ཨེཀསི་རྣམ་པ་ཚུའི་དོན་ལུ་གསལ་བཀོད་འདི་ http://www.w3.org/MarkUp/Forms/ནང་ལུ་སྟོན་ཚུགས།.

ཨེཀསི་འབྲི་ཤོག་ཚུ་དང་གཅིག་ཁར་ལཱ་འབད་དོ།

LibreOffice ནང་ ཨེཀསི་རྣམ་པ་ཚུའི་ཡིག་ཆ་འདི་རྩོམ་འབྲི་པའི་ཡིག་ཆ་གི་དམིགས་བསལ་གྱི་དབྱེ་བ་ཅིག་ཨིན། ཨེཀསི་རྣམ་པ་ཡིག་ཆ་གི་དོན་ལས་བཀོད་བསྒྲིག་ཐབས་ལམ་ལུ་ཁ་སྐོང་ལག་ཆས་ཕྲ་རིང་ཚུ་དང་པེན་ཚུ་ཡོད།

ཁྱོད་ཀྱིས་ཨེཀསི་རྣམ་པ་ཚུའི་ཡིག་ཆ་སྲུང་ནི་དང་གསར་བསྐྲུན་འབད་བའི་ཤུལ་ལུ་ ཁྱོད་ཀྱིས་ཡིག་ཆ་ཁ་ཕྱེ་ཚུགས་ འབྲི་ཤོག་བཀང་ཞིནམ་དང་བསྒྱུར་བཅོས་ཚུ་སར་བར་ལུ་ཕུལ།

ཨེཀསི་འབྲི་ཤོག་ཡིག་ཆ་གསརཔ་གསར་བསྐྲུན་འབད་ནི་ལུ།

  1. ཡིག་སྣོད་ - གསརཔ་ - ཨེཀསི་ཨེམ་ཨེལ་འབྲི་ཤོག་ཡིག་ཆ་གདམ་ཁ་རྐྱབས།.

    ཨེཀསི་འབྲི་ཤོག་ཚུའི་སྒོ་སྒྲིག་འདི་རྩོམ་འབྲི་པའི་ཡིག་ཆ་སྟོངམ་ནང་ཁ་ཕྱེཝ་ཨིན།

  2. ཁྱོད་ཀྱི་འབྲི་ཤོག་བཀོད་བསྒྲིག་འབད།

ཨེཀསི་འབྲི་ཤོག་ཚུའི་ཡིག་ཆ་ཁ་ཕྱེ་ནི་ལུ།

ཨེཀསི་འབྲི་ཤོག་ཚུའི་ཡིག་ཆ་ཞུན་དག་འབད་ནི་ལུ།

ཨེཀསི་རྣམ་པ་ཚུའི་ཡིག་ཆ་ཁ་ཕྱེ་ཞིནམ་དང་འོག་གི་ལག་ཆས་ཕྲ་རིང་ཚུ་དང་ཝིན་ཌོསི་ལག་ལེན་འཐབ་: