བཙུགས་ནི་དང་ཟུན་དག་འབད་ནིའི་མཆོང་ལྡེ་བཀག་ནི་ཚུ།
ཐད་སྙོམས་ཐིག་ཤིང་གུ་ཁྱོད་ཀྱིས་ད་ལྟོའི་དོན་མཚམས་ཀྱི་དོན་ལུ་མཆོང་ལྡེ་བཀག་ནི་ཚུ་མཐོང་ཚུགས། ཁྱོད་ཀྱིས་མཆོང་ལྡེ་བཀག་ནི་ཚུ་བསྒྱུར་བཅོས་འབད་ནི་ཨིན་པ་ཅིན་ ཁྱོད་ཀྱིས་དང་པ་རང་འོག་གི་ཚུ་བཟུམ་སྦེ་ཁྱོད་ཀྱིས་མཆོང་ལྡེ་བཀག་ནི་ཚུ་ག་འདི་བསྒྱུར་བཅོས་འབད་ནི་ཨིན་ན་ལུ་འོས་སྐབས་ཆ་འཇོག་འབད་དགོ།
-
Change the default tab stops for all documents: Use the menu LibreOffice - PreferencesTools - Options - LibreOffice Writer - General.
-
ད་ལྟོའི་དོན་མཚམས་བཟོ་རྣམ་ལག་ལེན་འཐབ་ཐོག་ལས་དོན་མཚམས་ཚུ་ཆ་མཉམ་གྱི་དོན་ལུ་བཆོང་ལྡེ་བཀག་ནི་ཚུ་བསྒྱུར་བཅོས་འབད་: ནང་དོན་དཀར་ཆག་ཁ་ཕྱེ་ནི་ལུ་དོན་མཚམས་འདི་གཡས་-ཨེབ་གཏང་ཞུན་དག་དོན་མཚམས་བཟོ་རྣམ་གདམ་ཁ་རྐྱབས་, མཆོང་ལྡེ་ཚུ་ ཨེབ་གཏང་།.
-
དོན་མཚམས་ཚུ་གཅིག་ཡང་ན་ལེ་ཤ་གི་དོན་ལུ་མཆོང་ལྡེ་བཀག་ནི་ཚུ་བསྒྱུར་བཅོས་འབད་: དོན་མཚམས་ཚུ་སེལ་འཐུ་འབད་ དེ་ལས་ཐིག་ཤིང་ནང་ན་ཨེབ་གཏང་།
འོག་གི་ནང་ ཁྱོད་ཀྱིས་ལྟག་ལུ་བཀོད་ཡོད་མི་ལས་ཀ་ཚུ་ཆ་མཉམ་གྱི་དོན་ལུ་བསླབ་སྟོན་འཚོལ།
ཁྱོད་ཀྱིས་མཆོང་ལྡེ་བཀག་ནི་འདི་རྩ་སྒྲིག་ - དོན་མཚམས་ - མཆོང་ལྡེ་ཚུ་སེལ་འཐུ་འབད་བའི་ཐོག་ལས་དང་ཡང་ན་ ཐིག་ཤིང་གུ་ཨེབ་གཏང་འབད་བའི་ཐོག་ལས་གཞི་སྒྲིག་འབད་ཚུགས། ཐབས་ལམ་གཉིས་ཆ་རང་གིས་ད་ལྟོའི་དོན་མཚམས་ཡང་ན་སེལ་འཐུ་འབད་ཡོད་པའི་དོན་མཚམས་ཚུ་ཆ་མཉམ་ཕན་གནོད་འབྱུངམ་ཨིན།
གཡོན་-ལྟེམས་བཅོས་འབད་ཡོད་པའི་མཆོང་ལྡེ་གཞི་སྒྲིག་འབད་ནི་ལུ་ཐིག་ཤིང་འདི་ཐེངས་གཅིག་ཨེབ་གཏང་། ཁྱོད་ཀྱིས་མཆོང་ལྡེ་དབྱེ་བ་བསྒྱུར་བཅོས་འབད་ཚུགས་ནི་ཨིན་མི་ནང་ནང་དོན་དཀར་ཆག་བལྟ་ནི་ལུ་ཐིག་ཤིང་གུ་མཆོང་ལྡེ་ངོས་དཔར་གཡས་-ཨེབ་གཏང་འབད།
བཅུ་ཚག་མཆོང་ལྡེ་ཚུ་ལེ་ཤ་ཅིག་གཅིག་གི་ཤུས་ལས་གཅིག་གཞི་སྒྲིག་འབད་ནི་ལུ་ རེ་འདུན་ཅན་གྱི་མཆོང་ལྡེ་དབྱེ་བ་མ་སྟོན་ཚུན་ཚོད་ཐིག་ཤིང་གི་གཡོན་ལུ་ངོས་དཔར་འདི་ཨེབ་འདི་རང་བཞག་ དེ་ལས་ཐིག་ཤིང་གུ་ཨེབ་གཏང་།
སེལ་འཐུ། |
འགྲེལ་བཤད། |
གཡོན་གྱི་མཆོང་ལྡེ་ཚུ་གཞི་སྒྲིག་འབད་དོ། |
|
གཡས་ཀྱི་མཆོང་ལྡེ་ཚུ་གཞི་སྒྲིག་འབད་དོ། |
|
བཅུ་ཚག་མཆོང་ལྡེ་ཚུ་གཞི་སྒྲིག་འབད་དོ། |
|
དབུས་སྒྲིག་མཆོང་ལདེ་ཚུ་གཞི་སྒྲིག་འབད་དོ། |
དོན་མཚམས་ཌའི་ལོག་ཁ་ཕྱེ་ནི་ལུ་ཐིག་ཤིང་ཐེངས་གཉིཤ་ཨེབ་གཏང་འབད།
མཆོང་ལྡེ་གཅིག་གཞི་སྒྲིག་འབད་ནི་ལུ་ཐིག་ཤིང་གྱི་མངའ་ཁོངས་དཀརཔོ་ཐེངས་གཉིས་ཨེབ་གཏང་འབད། དོན་མཚམས་ ཌའི་ལོག་འདི་ མཆོང་ལྡེ་ཚུའི་ མཆོང་ལྡེ་ཤོག་ལེབ་ཁ་ཕྱེ་གཅིག་ཁར་འབྱུངམ་ཨིན།
ཐིག་ཤིང་གུ་མཆོང་ལྡེ་ཚུ་སྤོ་བཤུད་འབད་དོ།
-
མཱའུསི་ལག་ལེན་འཐབ་པའི་ཐོག་ལས་ཐིག་ཤིང་གུ་ངོ་རྐྱང་མཆོང་ལྡེ་བཀག་ནི་ཚུ་སྤོ་བཤུད་འབད།
-
ཐིག་ཤིང་གུ་མཆོང་ལྡེ་བཀག་ནི་ཚུ་ལེ་ཤ་ཅིག་སྤོ་བཤུད་འབད་ནི་ལུ་ ཁྱོད་ཀྱིས་མཆོང་ལྡེ་་མ་ཨེབ་པའི་ཧེ་མ་སོར་ལྡེ་ལྡེ་ཨེབ། མཆོང་ལྡེ་ཚུ་ཆ་མཉམ་གཡས་ཁ་ཐུག་ལུ་དང་དེ་གིས་མ་ཚད་པར་མཆོང་ལྡེ་དེ་སྤོ་བཤུད་འབད་ནི་ལུ་སོར་ལྡེ་ཨེབ་ནི་ལུ་འཕྲོ་མཐུད་འབད་བའི་སྐབས་སུ་མཆོང་ལྡེ་གཅིག་འདྲུད། མཆོང་ལྡེ་་དེ་ཚུའི་བར་ན་བར་སྟོང་བཞག་ཐངས་འདི་གཅིག་པ་སྦེ་ལུསཔ་ཨིན།
-
ཕྲ་རིང་ཚུ་ཆ་མཉམ་གཡས་ཁ་ཐུག་ལུ་དང་མཆོང་ལྡེ་དེ་སྤོ་བཤུད་འབད་ནི་ལུ་ཁྱོད་ཀྱིས་མཆོང་ལྡེ་འདི་ཐིག་ཤིང་གུ་འདྲུདཔ་ད་བརྡ་བཀོད་ ཚད་འཛིན་ ཨེབ། འ་ནི་འདི་གིས་ས་སྟོང་ལས་ཁོང་རའི་གྱང་ཚད་ལུ་སྙོམས་ཚད་སྦེ་བསྒྱུར་བཅོས་འབད་ནིའི་མཆོང་ལྡེ་དེ་ཚུའི་བར་ན་བར་སྟོང་བཞག་ཐངས་ནང་གྲུབ་འབྲས་འབྱུངམ་ཨིན། .
མཆོང་ལྡེ་ཚུ་གི་རྒྱུ་དངོས་ཚུ་བསྒྱུར་བཅོས་འབད་དོ།
མཆོང་ལྡེ་དབྱེ་བ་བསྒྱུར་བཅོས་འབད་ནི་ལུ་ ཐིག་ཤིང་གུ་ཁྱོད་ཀྱིས་བསྒྱུར་བཅོས་འབད་ནི་ཨིན་མི་མཆོང་ལྡེ་ཨེབ་གཏང་ དེ་ལས་ནང་དོན་དཀར་ཆག་ཁ་ཕྱེ་ནི་ལུ་གཡས་ཨེབ་གཏང་འབད།
མཆོང་ལྡེ་ཚུ་བཏོན་གཏང་དོ།
མཆོང་ལྡེ་བཏོན་གཏང་ནི་ལུ་ ཁྱོད་ཀྱིས་ཐིག་ཤིང་གི་ཕྱི་ཁར་མཆོང་ལྡེ་འདྲུདཔ་ད་མཱའུསི་ཨེབ་རྟ་འདི་བཀག་བཞག
སྔོན་སྒྲིག་ཚུ་བསྒྱུར་བཅོས་འབད་དོ།
ཁྱོད་ཀྱིས་ཁྱོད་ཀྱི་སྔོན་སྒྲིག་མཆོང་ལྡེ་བཀག་ནི་ཚུ་གི་སྒྲིག་སྟངས་ཚུ་བསྒྱུར་བཅོས་འབད་ནི་ཨིན་པ་ཅིན་ ཁྱོད་ཀྱིས་ལག་ཆས་ཚུ་ - གདམ་ཁ་ཚུ་ - LibreOffice རྩོམ་འབྲི་པ་ - ཡོངས་ཁྱབ་lལག་ཆས་ཚུ་ - གདམ་ཁ་ཚུ་ - LibreOffice ཀེལསི་ - ཡོངས་ཁྱབ་ལག་ཆས་ཚུ་ - གདམ་ཁ་ཚུ་ - LibreOffice ཌྲོ་ - ཡོངས་ཁྱབ་lལག་ཆས་ཚུ་ - གདམ་ཁ་ཚུ་ - LibreOfficeཨིམ་པེརེསི་ - ཡོངས་ཁྱབ་ལག་ཆས་ཚུ་ - གདམ་ཁ་ཚུ་ - (ཚད་གཞིའི་མིང་) - ཡོངས་ཁྱབ་ཀྱི་འོག་ལུ་བརྡ་དོན་ཐེབས་ཐོབ།.
ཐིག་ཤིང་གི་ནང་དོན་དཀར་ཆག་འདི་གིས་ཁྱོད་ལུ་ཚད་འཇལ་གྱི་ བཀྲམ་སྟོན་འབད་ཡོད་པའི་ཆ་ཕྲན་ཚུ་བསྒྱུར་བཅོས་འབད་བཅུགཔ་ཨིན། འ་ནི་བསྒྱུར་བཅོས་ཚུ་ཁྱོད་ཀྱིས་LibreOfficeཕྱིར་ཐོན་མ་འབདཝ་ཚུན་ཚོད་རྐྱངམ་གཅིག་ནུས་ལྡན་ཨིནམ་དང་དེ་ཚུ་ཁྱོད་ཀྱིས་ག་གི་ནང་དོན་དཀར་ཆག་བསྒྱུར་བཅོས་བཟོ་ཡོད་མི་གུ་ཐིག་ཤིང་ལུ་རྐྱངམ་གཅིག་འཇུག་སྤྱོད་འབདཝ་ཨིན། ཁྱོད་ཀྱིས་ཐིག་ཤིང་ཚད་འཇལ་ཆ་ཕྲན་ཚུ་རྟག་བརྟན་སྦེ་བསྒྱུར་བཅོས་འབད་ནི་ཨིན་པ་ཅིན་ ལག་ཆས་ཚུ་ - གདམ་ཁ་ཚུ་ - [ཡིག་ཆ་དབྱེ་བ་] - མཐོང་སྣང་ གདམ་ཁ་རྐྱབ་ཞིནམ་དང་དེ་ཁར་ལུ་ཚད་འཇལ་ཆ་ཕྲན་བསྒྱུར་བཅོས་འབད།