LibreOffice ཡིག་ཚུགས་འབད་དོ།

ཁྱོད་ཀྱིས་ LibreOffice ནང་བྱུང་ལས་ཚུ་ ཌའི་ལོག་ཚད་འཛིན་ཚུ་ ངོས་དཔར་ཚུ་དང་དཀར་ཆག་རྣམ་གྲངས་ཚུ་ལུ་ སྲོལ་སྒྲིག་ཡིག་ཚུགས་ཚུའི་(མེཀ་རོསི་)འགན་སྤྲོད་འབད་ཚུགས།

LibreOffice འདི་གིས་འོག་གི་ཡིག་ཚུགས་འབད་ནིའི་སྐད་ཡིག་ཚུ་ནང་འཁོད་སྦེ་རྒྱབ་སྐྱོར་འབདཝ་ཨིན་:

  1. LibreOffice གཞི་རིམ།

  2. ཇ་བ་ཡིག་ཚུགས།

  3. བིན་ཤལ།

  4. Python

In addition, developers can use high-level languages, for example Java programming language, to control LibreOffice externally. The API reference is online at api.libreoffice.org.

ཡིག་ཚུགས་འདི་དཀར་ཆག་ཐོ་བཀོད་གསརཔ་ལུ་འགན་སྤྲོད་འབད་ནི་ལུ།

  1. ལག་ཆས་ཚུ་ - སྲོལ་སྒྲིག་འབད་ནི་གདམ་ཁ་རྐྱབ་ཞིནམ་དང་དཀར་ཆག་ཚུའི་ ཕྲ་རིང་ ཨེབ་གཏང་།

  2. ཁ་སྐོང་ཨེབ་གཏང་།.

  3. དབྱེ་རིམ་ཐོ་ཡིག་སྒྲོམ་ནང་ མར་བཤུད་སྒྲིལ་འབད་ཞིནམ་དང་ "LibreOffice མེཀོ་རོསི་" ཐོ་བཀོད་ཁ་ཕྱེ།

  4. ཁྱོད་ཀྱིས་ "LibreOffice Macros" (ཁྱོད་རའི་ LibreOffice གཞི་བཙུགས་འབད་ནི་གི་ རུབ་སྤྱོད་སྣོད་ཐོ་ནང་གི་ཡིག་ཚུགས་) "My Macros" (ལག་ལེན་པའི་སྣོད་ཐོ་འདི་ནང་ ཡིག་ཚུགས་) དང་ད་ལྟོའི་ཡིག་ཆ་གི་དོན་ལུ་ ཐོ་བཀོད་ཚུ་མཐོང་ཚུགས། འདི་ཚུ་གི་གྲལ་ལས་གཅིག་ རྒྱབ་སྐྱོར་འབད་ཡོད་པའི་ཡིག་ཚུགས་བཟོ་ནིའི་སྐད་ཡིག་ཚུ་བལྟ་ནིའི་དོན་ལས་ཁ་ཕྱེ།

  5. ཐོབ་ཚུགས་མི་ཡིག་ཚུགས་བལྟ་ནི་ལུ་ཡིག་ཚུགས་འབད་ནིའི་སྐད་ཡིག་ཐོ་བཀོད་གང་རུང་ཁ་ཕྱེ། ཡིག་ཚུགས་སེལ་འཐུ་འབད།

  6. ཡིག་ཚུགས་ལས་འགན་གྱི་ཐོ་ཡིག་འདི་ ལས་འགན་ཚུའི་ཐོ་ཡིག་སྒྲོམ་ནང་འབྱུངམ་ཨིན། ལས་འགན་སེལ་འཐུ་འབད།

  7. Click Add to create a new menu assignment. The new menu entry appears in the Entries list box.

ཡིག་ཚུགས་འདི་ལྡེ་མིག་མཉམ་མཐུད་ལུ་འགན་སྤྲོད་འབད་ནི་ལུ།

  1. ལག་ཆས་ཚུ་ - སྲོལ་སྒྲིག་འབད་ནི་ - ལྡེ་སྒྲོམ་གདམ་ཁ་རྐྱབས།.

  2. དབྱེ་རིམ་ཐོ་ཡིག་སྒྲོམ་ནང་ མར་བཤུད་སྒྲིལ་འབད་ཞིནམ་དང་ "LibreOffice མེཀོ་རོསི་" ཐོ་བཀོད་ཁ་ཕྱེ།

  3. ཁྱོད་ཀྱིས་ "LibreOffice Macros" (ཁྱོད་རའི་ LibreOffice གཞི་བཙུགས་འབད་ནི་གི་ རུབ་སྤྱོད་སྣོད་ཐོ་ནང་གི་ཡིག་ཚུགས་) "My Macros" (ལག་ལེན་པའི་སྣོད་ཐོ་འདི་ནང་ ཡིག་ཚུགས་) དང་ད་ལྟོའི་ཡིག་ཆ་གི་དོན་ལུ་ ཐོ་བཀོད་ཚུ་མཐོང་ཚུགས། འདི་ཚུ་གི་གྲལ་ལས་གཅིག་ རྒྱབ་སྐྱོར་འབད་ཡོད་པའི་ཡིག་ཚུགས་བཟོ་ནིའི་སྐད་ཡིག་ཚུ་བལྟ་ནིའི་དོན་ལས་ཁ་ཕྱེ།

  4. ཐོབ་ཚུགས་མི་ཡིག་ཚུགས་ཚུ་བལྟ་ནི་ལུ་ཡིག་ཚུགས་འབད་ནིའི་སྐད་ཡིག་ཐོ་བཀོད་གང་རུང་ཁ་ཕྱེ། ཡིག་ཚུགས་གང་རུང་སེལ་འཐུ་འབད།

  5. ཡིག་ཚུགས་ལས་འགན་ཚུའི་ཐོ་ཡིག་འདི་ལས་འགན་ཚུའི་ ཐོ་ཡིག་སྒྲོམ་ནང་འབྱུང་ནི་ཨིན། ལས་འགན་གང་རུང་ཅིག་སེལ་འཐུ་འབད།

  6. LibreOffice ཡང་ན་རྩོམ་འབྲི་པའི་དོན་ལུ་གདམ་ཁ་ཨེབ་རྟ་ཨེབ་གཏང་(ཡང་ན་ད་ལྟོ་ཁ་ཕྱེ་ཡོད་མི་གློག་རིམ་ག་ཨིན་རུང་)

    གདམ་ཁ་ཨེབ་རྟ་སེལ་འཐུ་འབད་མི་འདི་གིས་ད་ལྟོའི་ཚད་གཞི་གི་ཡིག་ཆ་ཚུ་ནང་རྐྱངམ་གཅིག་ཡང་ན་LibreOffice ཆ་མཉམ་ནང་ལྡེ་མིག་མཉམ་མཐུད་གསརཔ་འཇུག་ཁྱབ་ཡོདཔ་འབད་ནི་ལུ་འོས་སྐབས་གཞི་སྒྲིག་འབདཝ་ཨིན།

  7. མགྱོགས་ཐབས་ལྡེ་མིག་བུའི་ཐོ་ཡིག་སྒྲོམ་ལས་མཉམ་མཐུད་ལྡེ་མིག་བུ་སེལ་འཐུ་འབད་ཞིནམ་དང་ ལེགས་བཅོས་ཨེབ་གཏང་།.

བྱུང་ལས་ལུ་ཡིག་ཚུགས་འགན་སྤྲོད་འབད་ནི་ལུ།

  1. ལག་ཆས་ཚུ་ - སྲོལ་སྒྲིག་འབད་ - བྱུང་ལས་ཚུ་གདམ་ཁ་རྐྱབས།.

  2. Click Macro button.

  3. དཔེ་མཛོད་ཐོ་ཡིག་ སྒྲོམ་ནང་ མར་བཤུད་སྒྲིལ་འབད་ཞིནམ་དང་ "LibreOffice Macros" ཐོ་བཀོད་ཁ་ཕྱེ།

  4. ཁྱོད་ཀྱིས་ "LibreOffice Macros" (ཁྱོད་རའི་ LibreOffice གཞི་བཙུགས་འབད་ནི་གི་ རུབ་སྤྱོད་སྣོད་ཐོ་ནང་གི་ཡིག་ཚུགས་) "My Macros" (ལག་ལེན་པའི་སྣོད་ཐོ་འདི་ནང་ ཡིག་ཚུགས་) དང་ད་ལྟོའི་ཡིག་ཆ་གི་དོན་ལུ་ ཐོ་བཀོད་ཚུ་མཐོང་ཚུགས། འདི་ཚུ་གི་གྲལ་ལས་གཅིག་ རྒྱབ་སྐྱོར་འབད་ཡོད་པའི་ཡིག་ཚུགས་བཟོ་ནིའི་སྐད་ཡིག་ཚུ་བལྟ་ནིའི་དོན་ལས་ཁ་ཕྱེ།

  5. ཐོབ་ཚུགས་མི་ཡིག་ཚུགས་ཚུ་བལྟ་ནི་ལུ་ཡིག་ཚུགས་འབད་ནིའི་སྐད་ཡིག་ཐོ་བཀོད་གང་རུང་ཁ་ཕྱེ། ཡིག་ཚུགས་གང་རུང་སེལ་འཐུ་འབད།

  6. ཡིག་ཚུགས་ལས་འགན་ཚུ་འགན་སྤྲོད་འབད་ཡོད་པའི་མེཀ་རོསི་ཐོ་ཡིག་སྒྲོམ་ནང་ འབྱུང་ནི་ཨིན། ལས་འགན་གང་རུང་ཅིག་སེལ་འཐུ་འབད།

  7. LibreOffice ཡང་ན་ད་ལྟོའི་ཡིག་ཆ་ནང་སྲུང་ནི་ལུ་སེལ་འཐུ་འབད།

    འདི་གིས་ བྱུང་ལས་འགན་ལས་གསརཔ་འདི་གི་འོས་སྐབས་ LibreOffice ཆ་མཉམ་ནང་ལུ ཡང་ན་ ད་ལྟོའི་ཚད་གཞི་འདི་གི་ཡིག་ཆ་ཚུ་ནང་རྐྱངམ་ཅིག་འཇུག་སྤྱོད་འབད་བཏུབ་འབད་ནིའི་དོན་ལས་ གཞི་སྒྲིག་འབདཝ་ཨིན།

  8. ཐོ་ཡིག་ལས་བྱུང་ལས་སེལ་འཐུ་འབད་ཞིནམ་དང་འགན་སྤྲོད་ཨེབ་གཏང་།.

གནས་འདྲེན་དངོས་པོའི་དོན་ལུ་བྱུང་ལས་ལུ་ཡིག་ཚུགས་འགན་སྤྲོད་འབད་ནི་ལུ།

  1. གནས་འདྲེན་དངོས་པོ་སེལ་འཐུ་འབད་ དཔེར་ན་ཁྱོད་ཀྱི་ཡིག་ཆ་ནང་གི་དཔེ་རིས་བཟུམ།

  2. Choose Format - Frame and Object - Properties - Macro.

  3. མེཀ་ཀོརོསི་ཐོ་ཡིག་ སྒྲོམ་ནང་ LibreOffice ཡིག་ཚུགས་ཚུའི་ཐོ་བཀོད་ཁ་ཕྱེ།

  4. ཁྱོད་ཀྱིས་རུབ་སྤྱོད་ (ཁྱོད་རའི་ LibreOffice གཞི་བཙུགས་འབད་ནི་གི་ རུབ་སྤྱོད་སྣོད་ཐོ་ནང་གི་ཡིག་ཚུགས་ཚུ་) ལག་ལེན་པ་ (ལག་ལེན་པའི་སྣོད་ཐོ་ནང་གི་ཡིག་ཚུགས་) དང་ ད་ལྟོའི་ཡིག་ཆ་གི་དོན་ལུ་ ཐོ་བཀོད་ཚུ་བལྟ། འདི་ཚུ་ལས་གཅིག་ རྒྱབ་སྐྱོར་འབད་ཡོད་པའི་ཡིག་ཚུག་བཟོ་ནིའི་སྐད་ཡིག་འདི་བལྟ་ནིའི་དོན་ལས་ ཁ་ཕྱེ།

  5. ཐོབ་ཚུགས་མི་ཡིག་ཚུགས་ཚུ་བལྟ་ནི་ལུ་ཡིག་ཚུགས་འབད་ནིའི་སྐད་ཡིག་ཐོ་བཀོད་གང་རུང་ཁ་ཕྱེ། ཡིག་ཚུགས་གང་རུང་སེལ་འཐུ་འབད།

  6. ཡིག་ཚུགས་ལས་འགན་ཚུའི་ཐོ་ཡིག་འདི་ཐོ་ཡིག་སྒྲོམ་ནང་ཡོད་བཞིན་པའི་མེཀ་ཀོརོསི་ནང་འབཡུང་ནི་ཨིན།ལས་འགན་ གང་རུང་ཅིག་སེལ་འཐུ་འབད།

  7. ཐོ་ཡིག་ལས་བྱུང་ལས་སེལ་འཐུ་འབད་ཞིནམ་དང་འགན་སྤྲོད་ཨེབ་གཏང་།.

ཡིག་ཚུགས་འདི་ཚད་བརྒལ་འབྲེལ་ལམ་ལུ་འགན་སྤྲོད་འབད་ནི་ལུ།

  1. ཚད་བརྒལ་འབྲེལ་ལམ་ནང་འོད་རྟགས་བཞག

  2. བཙུགས་ - ཚད་བརྒལ་འབྲེལ་ལམ་གདམ་ཁ་རྐྱབས།.

  3. བྱུང་ལས་ཚུའི་ཨེབ་རྟ་ ཨེབ་གཏང་།

  4. སེལ་འཐུ་འབད་ཞིནམ་དང་ལྟག་གི་གནས་ལུགས་བཟུམ་སྦེ་འགན་སྤྲོད་འབད།

ཚད་རིས་ལུ་ཡིག་ཚུགས་འགན་སྤྲོད་འབད་ནི་ལུ།

  1. ཁྱོད་ཀྱི་ཡིག་ཆ་ནང་ཚད་རིས་སེལ་འཐུ་འབད།

  2. རྩ་སྒྲིག་ - པར་ - མེཀ་རོ་གདམ་ཁ་རྐྱབས།.

  3. སེལ་འཐུ་འབད་ཞིནམ་དང་ལྟག་གི་གནས་ལུགས་བཟུམ་སྦེ་འགན་སྤྲོད་འབད།

འབྲི་ཤོག་ཚད་འཛིན་ལུ་ཡིག་ཚུགས་འགན་སྤྲོད་འབད་ནི་ལུ།

  1. འབྲི་ཤོག་ཚད་འཛིན་བཙུགས་ དཔེར་ན་ཨེབ་རཏ་བཟུམ་: འབྲི་ཤོག་ཚད་འཛིན་ཚུའི་ལག་ཆས་ཕྲ་རིང་ཁ་ཕྱེ་ འཕུལ་ཨེབ་རྟ་ངོས་དཔར་ཨེབ་གཏང་ ཁྱོད་ཀྱི་ཡིག་ཆ་གུ་ཨེབ་རྟ་འདྲུད་ཁ་ཕྱེ།

  2. སེལ་འཐུ་འབད་ཡོད་པའི་འབྲི་ཤོག་ཚད་འཛིན་གཅིག་ཁར་འབྲི་ཤོག་ཚད་འཛིན་ཚུའི་ལག་ཆས་ཕྲ་རིང་གུ་ཚད་འཛིན་ ཨེབ་གཏང་།

  3. རྒྱུ་དངོས་ཚུའི་ཌའི་ལོག་གི་ བྱུང་ལས་ཚུའི་ཕྲ་རིང་ཨེབ་གཏང་།

  4. ཁྱོད་ཀྱིས་སེལ་འཐུ་འབད་ཡོད་པའི་བྱུང་ལས་ལུ་ཡིག་ཚུགས་འགན་སྤྲོད་འབད་ཚུགས་ནི་ཨིན་མི་ཌའི་ལོག་ཁ་ཕྱེ་ནི་ལུ་...ཨེབ་རྟ་ཚུ་ལས་གཅིག་ཨེབ་གཏང་།

LibreOffice གཞི་རིམ་ཌའི་ལོག་ནང་ཚད་འཛིན་ལུ་ཡིག་ཚུགས་འགན་སྤྲོད་འབད་ནི་ལུ།

  1. LibreOffice གཞི་རིམ་ཌའི་ལོག་ཞུན་དགཔ་ཁ་ཕྱེ་ དེ་ལས་དེ་གུ་ཚད་འཛིན་གཅིག་ཁར་ཚད་འཛིན་གསར་བསྐྲུན་འབད།

  2. ཚད་འཛིན་འདི་གཡས་-ཨེབ་གཏང་འབད་ དེ་ལས་རྒྱུ་དངོས་ཚུ་གདམ་ཁ་རྐྱབས།.

  3. རྒྱུ་དངོས་ཚུའི་ཌའི་ལོག་གི་ བྱུང་ལས་ཚུའི་ཕྲ་རིང་ཨེབ་གཏང་།

  4. ཁྱོད་ཀྱིས་སེལ་འཐུ་འབད་ཡོད་པའི་བྱུང་ལས་ལུ་ཡིག་ཚུགས་འགན་སྤྲོད་འབད་ཚུགས་ནི་ཨིན་མི་ཌའི་ལོག་ཁ་ཕྱེ་ནི་ལུ་...ཨེབ་རྟ་ཚུ་ལས་གཅིག་ཨེབ་གཏང་།