བསྒྱུར་བཅོས་ཚུ་དང་ལེན་ཡང་ན་དང་ལེན་སྤངས་དོ།

བསྐྱར་ཞིབ་ལས་འགན་འདི་ ཚིག་ཡིག་ཡིག་ཆ་དང་ཤོག་ཁྲམ་ཡིག་ཆ་གཉིས་ཀྱི་དོན་་ལུ་ LibreOffice ནང་ལུ་ལངམ་འབད་ཡོདཔ་ཨིན།

ཁྱོད་ཀྱིས་ གཞན་མི་ཚུ་གིས་བསྒྱུར་བཅོས་ཚུ་བཟོ་ཡོད་མི་ནང་ཡིག་ཆ་ཞུན་དག་འབདཝ་ད་ ཁྱོད་ཀྱིས་བསྒྱུར་བཅོས་ཚུ་ཆ་མཉམ་གཅིག་ཁར་ ཡང་ན་ རེ་རེ་སྦེ་དང་ལེན་ཡང་ན་དང་ལེན་སྤངས་ཚུགས།

  1. ཁྱོད་ཀྱིས་ ཡིག་ཆ་འདི་གི་སྣ་མང་འདྲ་བཤུས་ཚུ་ བཀྲམ་སྤེལ་ནང་བཙུགས་ཡོདཔ་ཨིན་པ་ཅིན་ དང་པ་རང་ འདི་ཚུ་ ཡིག་ཆ་གཅིག་ནང་མཉམ་བསྡོམས་འབད་( ཐོན་རིམ་ཚུ་མཉམ་བསྡོམས་འབད་དོ། བལྟ།)

  2. Open the document and choose Edit - Track Changes - Manage. The Manage Changes dialog appears.

  3. ཐོ་ཡིག་མཆོང་ལྡེ་གུ་བསྒྱུར་བཅོས་ སེལ་འཐུ་འབད། བསྒྱུར་བཅོས་འདི་སེལ་འཐུ་འབད་ཞིནམ་དང་ཡིག་ཆ་ནང་བཀྲམ་སྟོན་འབདཝ་ཨིནམ་དང་ཁྱོད་ཀྱིས་ད་ལྟོ་ཨེབ་རྟ་ཚུ་ལས་གཅིག་དང་གཅིག་ཁར་ཁྱོད་ཀྱི་གྲོས་ཆོད་བཙུགས་ཚུགས།

རྩོམ་པ་པོ་གཅིག་ རྩོམ་པ་པོ་གཞན་མི་གི་བསྒྱུར་བཅོས་འདི་ ལེགས་བཅོས་འབད་ཡོདཔ་ཨིན་པ་ཅིན་ ཁྱོད་ཀྱིས་ བསྒྱུར་བཅོས་ཚུ་ སྡེ་རིམ་འདི་ཁ་ཕྱེ་ནིའི་དོན་ལུ་ བསྡོམས་རྟགས་ཅིག་དང་གཅིག་ཁར་ སྡེ་རིམ་སྦེ་བདེ་ཞིབ་འབད་ཡོདཔ་མཐོང་ཚུགས།

བསྒྱུར་བཅོས་ཚུ་གི་ཐོ་ཡིག་འདི་རིང་དྲག་པ་ཅིན་ ཁྱོད་ཀྱིས་ ཚགས་མ་ མཆོང་ལྡེ་འདི་ ཌའི་ལོག་ནང་ལུ་སོར་བསྒྱུར་འབད་ཞིནམ་ལས་ ཁྱོད་ཀྱིས་ རྩོམ་པ་པོ་ལ་ལོ་ཅིག་གི་བསྒྱུར་བཅོས་འདི་རྐྱངམ་ཅིག་བལྟ་ནི་ཨིནམ་ ཡང་ན་ ཉིནམ་མཇུག་གི་བསྒྱུར་བཅོས་འདི་རྐྱངམ་ཅིག་ ཡང་ན་ ཁྱོད་ཀྱིས་ཐོ་ཡིག་འདི་ཐབས་ལམ་གཞན་མི་ཅིག་ནང་ལུ་བཀག་དམ་འབད་ནི་ཨིནམ་ འབད་གསལ་བཀོད་འབད།

ཚོས་གཞི་-ཀོ་ཌེཌི་ ཐོ་བཀོད་ཚུ་གིས་ གཞི་སྒྲིག་འབད་ཡོད་པའི་ཚགས་མ་འདི་གི་ གྲུབ་འབྲས་འདི་བཀྲམ་སྟོན་འབདཝ་ཨིན། གནགཔོ་ནང་ཡོད་མི་ཐོ་བཀོད་ཚུ་ དང་ལེན་དང་ དང་ལེན་སྤང་བཏུབ་ དེ་ལས་ཚགས་མའི་ཁྱད་ཚད་འདི་མཐུན་སྒྲིག་འབད་བཏུབ། ཧོནམ་ནང་ཡོད་མི་ཐོ་བཀོད་ཚུ་ཁོང་རང་ར་ ཚགས་མའི་ཁྱད་ཚད་ལུ་མཐུན་སྒྲིག་མི་འབད་ དེ་འབདཝ་ད་ ཚགས་མ་གིས་གྲངས་སུ་བཙུགས་ཡོད་མི་ཡན་ལག་ཐོ་བཀོད་ཚུ་ཡོད། སྐྱ་ཐལ་ཐོ་བཀོད་ཚུ་ དང་ལེན་དང་ དང་ལེན་སྤང་མི་བཏུབ་ དེ་ལས་ ཚགས་མའི་ཚད་གཞི་འདི་ལུ་མཐུན་སྒྲིག་མི་འབད། ལྗང་ཁུ་ཐོ་བཀོད་ཚུ་ ཚགས་མ་འདི་ལུ་མཐུན་སྒྲིག་མི་འབད་ དེ་འབདཝ་ད་ དང་ལེན་ དང་དང་ལེན་སྤང་མི་བཏུབ།