མར་ཕབ་ཡོད་པའི་གནད་སྡུད་གཅིག་ཁར་མགྱོགས་སུ་དཔར་བསྐྲུན་འབད་དོ།

ཁྱོད་ཀྱི་ཡིག་ཆ་དཔར་བསྐྲུན་འབད་ནི་ལུ་ ཁྱོད་ཀྱིས་གནད་སྡུད་ཉེར་མཁོ་མར་ཕབ་འབད་ནི་ལུ་ཐག་བཅད་ཚུགས། སྒྲིག་སྟངས་ཚུ་ཡིག་སྣོད་ལུ་དཔར་བསྐྲུན་འབད་ནིའི་དོན་ལུ་ ཡང་ན་ དཔར་འཕྲུལ་ལུ་ཐད་ཀར་དུ་དཔར་བསྐྲུན་འབད་ནིའི་དོན་ལས་སོ་སོ་སྦེ་ངེས་འཛིན་འབད་ཚུགས།

  1. Choose - LibreOffice - Print.

  2. འོག་གི་སྒྲིག་སྟངས་ཚུའི་གདམ་ཁ་ཚུ་ལས་གཅིག་ཨེབ་གཏང་:

    དཔར་འཕྲུལ་ལུ་ཐད་ཀར་དུ་- དཔར་བསྐྲུན་འབདཝ་ད་གནད་སདུད་མར་ཕབ་འབད་ནིའི་དོན་ལས་གདམ་ཁ་ཚུ་ངེས་འཛིན་འབད་ནི་ལུ་དཔར་འཕྲུལ།

    ཡིག་སྣོད་ལུ་- དཔར་བསྐྲུན་འབདཝ་ད་མར་ཕབ་འབད་ནིའི་དོན་ལུ་གདམ་ཁ་ཚུ་ངེས་འཛིན་འབད་ནི་ལུ་ཡིག་སྣོད་ལུ་ཡིག་དཔར་རྐྱབས།

  3. གདམ་ཁ་༤་ལས་མཉམ་མཐུད་གང་རུང་སེལ་འཐུ་འབད་ དེ་ལས་བཏུབ་ཨེབ་གཏང་།.

    ཁྱོད་ཀྱིས་ད་ལྟོ་ལས་ཡིག་དཔར་བརྐྱབ་མི་ཡིག་ཆ་ཚུ་ཆ་མཉམ་གིས་བསྒྱུར་བཅོས་འབད་ཡོད་པའི་གདམ་ཁ་ཚུ་ལག་ལེན་འཐབ་འོང་།

  4. ཁྱོད་ཀྱི་ཡིག་ཆ་དཔར་བསྐྲུན་རྐྱབས།

ཁྱོད་ཀྱིས་ དྭངས་གསལ་ཅན་ སྟེགས་རིས་ ཡང་ན་ བིཊི་མེཔ་གི་དོན་ལུ་ གནད་སྡུད་མར་ཕབ་འབད་ཚུགས། ཁྱོད་ཀྱིས་གནད་སྡུད་འདི་མར་ཕབ་འབད་བའི་སྐབས་ དཔར་འཕྲུལ་མང་ཤོས་གུ་ལུ་ ཁྱོད་ཀྱིས་ དཔར་བསྐྲུན་སྤུས་ཚད་ཀྱི་མར་ཕབ་འབད་ནི་འདི་མི་མཐོང་། དེ་འབདཝ་ད་ དཔར་བསྐྲུན་དུས་ཚོད་འདི་ རྒྱ་ཆེ་དྲགས་འབད་ཐུང་ཀུ་ཨིན་ དེ་ལས་ཁྱོད་ཀྱིས་ཡིག་སྣོད་ཅིག་དཔར་བསྐྲུན་འབད་བའི་སྐབས་ ཡིག་སྣོད་ཚད་འདི་ ཆུང་ཀུ་ཨིན་པས།