དམིགས་བསལ་རྩ་སྒྲིག་ཚུ་ནང་ནང་དོན་ཚུ་སྦྱར་དོ།

འཛིན་པང་གུ་གསོག་འཇོག་འབད་ཡོད་མི་ནང་དོན་ཚུ་རྩ་སྒྲིག་སོ་སོ་ལག་ལེན་འཐབ་ཐོག་ལས་ཁྱོད་ཀྱི་ཡིག་ཆ་ནང་ལུ་སྦྱར་ཚུགས། LibreOffice ནང་ཁྱོད་ཀྱིས་གདམ་ཐོའི་ངོས་དཔར་ ཡང་ན་ ཌའི་ལོག་ལག་ལེན་འཐབ་ཐོག་ལས་ནང་དོན་ཚུ་ག་དེ་སྦེ་སྦྱར་ནི་ཨིན་ན་གདམ་ཁ་བརྐྱབ་ཚུགས།

ཐོབ་ཚུགས་པའི་གདམ་ཁ་ཚུ་འཛིན་པང་གི་ནང་དོན་ཚུ་གུ་ལུ་རྟེནམ་ཨིན།

དཔེར་ན་ +V ལག་ལེན་འཐབ་ཐོག་ལས་ པར་རིས་དངོས་པོ་བཙུགས།

ངོས་དཔར་དཀར་ཆག་ལག་ལེན་འཐབ་ཐོག་ལས་འཛིན་པང་ནང་དོན་ཚུ་སྦྱར་དོ།

  1. དཀར་ཆག་ཁ་ཕྱེ་ནི་ལུ་ཚད་ལྡན་ཕྲ་རིང་གུ་ སྦྱར་ནིའི་ངོས་དཔར་གྱི་ཤུལ་མམ་གྱི་མདའ་རྟགས་འདི་ཨེབ་གཏང་།

  2. གདམ་ཁ་ཚུ་ལས་གཅིག་སེལ་འཐུ་འབད།

ཁྱོད་ཀྱིས་གྲུབ་འབྲས་འདི་མ་དགའ་བ་ཅིན་ འབད་བཤོལ་ངོས་དཔར་ཨེབ་གཏང་ཞིནམ་དང་ དེ་ལས་གདམ་ཁ་གཞན་དང་གཅིག་ཁར་ ད་རུང་སྦྱར།

ཌའི་ལོག་ལག་ལེན་འཐབ་ཐོག་ལས་འཛིན་པང་ནང་དོན་ཚུ་སྦྱར་དོ།

  1. ཞུན་དག་ - དམིགས་བསལ་གྱི་སྦྱར་གདམ་ཁ་རྐྱབས།.

  2. གདམ་ཁ་ཚུ་ལས་གཅིག་སེལ་འཐུ་འབད་ཞིནམ་དང་བཏུབ་ཨེབ་གཏང་།.

ཁྱོད་ཤོག་ཁྲམ་ཅིག་ནང་ལུ་ཨིན་པ་ཅིན་དང་ འཛིན་པང་འདི་གི་ནང་དོན་འདི་ཚུ་ ཤོག་ཁྲམ་ནང་ཐིག་ཨིན་པ་ཅིན་ དེ་ལས་ དམིགས་བསལ་སྦྱར་ ཌའི་ལོག་སོ་སོ་ཅིག་འབྱུང་འོང་། དམིགས་བསལ་སྦྱར་ ཌའི་ལོག་འདི་ གཞི་རིམ་ཡང་ན་མཐོ་རིམ་གདམ་ཁ་ཚུ་ལག་ལེན་འཐབ་ཐོག་ ནང་ཐིག་ཚུ་འདྲ་བཤུས་རྐྱབས་ནིའི་དོན་ལས་ ལག་ལེན་འཐབ།