ཡིག་ཆ་སྤྱི་མཐོང་གི་དོན་ལས་འགྲུལ་བསྐྱོདཔ།

འགྲུལ་བསྐྱོད་པའི་སྒོ་སྒྲིག་འདི་གི་ནང་དོན་ཚུ་ཆ་མཉམ་ ན་ལུ་ "categories," སྦེ་ ཡང་ཅིན་ མགོ་མིང་ ལེབ་གྲངས་ ཐིག་ཁྲམ་ ཚིག་ཡིག་གཞི་ཁྲམ་ ཚད་རིས་ ཨོ་ཨེལ་ཨི་དངོས་པོ་ དབྱེ་ཚན་ ཚད་བརྒལ་འབྲེལ་ལམ་ གཞི་བསྟུན་ ཟུར་ཐོ་ ཡང་ན་ དྲན་འཛིན་ཚུ་བཟུམ་སྦེ་ གཞི་བསྟུན་འབད་ཡོད།

འགྲུལ་བསྐྱོད་པ་གིས་ ཡིག་ཆ་ནང་ལུ་ཡོད་མི་ དངོས་པོ་ཚུ་གི་དབྱེ་བ་ཆ་མཉམ་ བཀྲམ་སྟོན་འབདཝ་ཨིན། བསྡོམས་རྟགས་ཅིག་ དབྱེ་རིམ་གྱི་ཤུལ་མ་འབྱུང་པ་ཅིན་ འདི་གིས་ ཉུང་མཐའ་འ་ནི་དབྱེ་བ་བཟུམ་གྱི་དངོས་པོ་གཅིག་ ཡོདཔ་སྦེ་བརྡ་སྟོན་འབདཝ་ཨིན། ཁྱོད་ཀྱིས་མའུསི་དཔག་བྱེད་འདི་ དབྱེ་རིམ་མིང་གུ་ངལ་འཚོ་བཞག་པ་ཅིན་ དངོས་པོ་གི་ཨང་འདི་ རྒྱ་བསྐྱེད་ཅན་ཕན་བསླབ་ཅིག་ནང་བཀྲམ་སྟོན་འབདཝ་ཨིན།

དབྱེ་རིམ་ཅིག་ བསྡོམས་རྟགས་འདི་གུ་ཨེབ་གཏང་འབད་ཐོག་ཁ་ཕྱེ། ཁྱོད་ཀྱིས་དབྱེ་རིམ་དག་པ་ཅིག་ནང་ ཐོ་བཀོད་འདི་ཚུ་ སྟོན་ནི་རྐྱངམ་ཅིག་འབད་ནི་ཨིན་པ་ཅིན་ དབྱེ་རིམ་འདི་སེལ་འཐུ་འབད་ཞིནམ་ལས་ ནང་དོན་མཐོང་སྣང་ ངོས་དཔར་འདི་ཨེབ་གཏང་། ཁྱོད་ཀྱིས་ངོས་དཔར་འདི་ལོག་ཨེབ་མ་གཏང་ཚུན་ འ་ནི་དབྱེ་རིམ་འདི་གི་དངོས་པོ་འདི་ཚུ་རྐྱངམ་ཅིག་ བཀྲམ་སྟོན་འབདཝ་ཨིན།

ཁྱོད་ཀྱིས་འགྲུལ་བསྐྱོད་པ་འདི་ ཡིག་ཆ་མཐའ་མཚམས་ག་འབད་རུང་ཅིག་ལུ་ ཌོཀ་འབད་བཏུབ་ ཡང་ན་ འདི་རང་དབང་སྒོ་སྒྲིག་ (སྐྱ་ཐལ་མངའ་ཁོངས་འདི་གུ་ཚར་གཉིས་ཨེབ་གཏང་) ཅིག་ནང་ལུ་རྒྱབ་ལོག་བཏུབ། ཁྱོད་ཀྱིས་འགྲུལ་བསྐྱོདཔའི་ཚད་འདི་ རང་དབང་སྒོ་སྒྲིག་ཨིན་པའི་སྐབས་ བསྒྱུར་བཅོས་འབད་བཏུབ།

དངོས་པོ་ཚིུ་འཕྲལ་མགྱོགས་སྦེ་ལྷོད་ནི་ལུ་འགྲུལ་བསྐྱོདཔ།

LibreOffice ཡིག་ཆ་ནང་འཁོད་ལུ་འདྲུད་ནི་དང་བཀོག་བཞག་ནི་