གསར་བསྐྲུན་དང་དཔར་བསྐྲུན་འབད་ནིའི་ཁ་ཡིག་ཚུ་དང་ཚོང་འབྲེལ་ཤོག་བྱང་ཚུ།

ཌའི་ལོག་བརྒྱུད་དེ་ཚོང་འབྲེལ་ཤོག་བྱང་ཚུ་བཀོད་བསྒྲིག་འབད་དོ།

ཁྱོད་ཀྱི་ཚོང་འབྲེལ་ཤོག་བྱང་ཚུ་ག་དེ་སྦེ་མཐོང་ནི་ཨིན་ན་གདམ་ཁ་འབད་བཅུག་མི་ཚོང་འབྲེལ་ཤོག་བྱང་ཚུའི་ཌའི་ལོག་ཁ་ཕྱེ་ནི་ལུ་ ཡིག་སྣོད་ - གསརཔ་ - ཚོང་འབྲེལ་ཤོག་བྱང་ཚུ་གདམ་ ཁ་ རྐྱབས།

ཁ་ཡིག་ཚུ་དང་ཚོང་འབྲེལ་ཤོག་བྱང་ཚུ་བཀོད་བསྒྲིག་འབད་དོ།

ཁྱོད་ཀྱིས་ཁ་ཡིག་ཚུའི་ཌའི་ལོག་ བརྒྱུད་དེ་ཁ་ཡིག་ཚུ་དང་ཚོང་འབྲེལ་ཤོག་བྱང་ཚུ་གཉིས་ཆ་རང་བཀོད་བསྒྲིག་འབད་ཚུགས།

  1. ཁ་ཡིག་ཚུའི་ ཌའི་ལོག་ཁ་ཕྱེ་ནི་ལུ་ཡིག་སྣོད་ - གསརཔ་ - ཁ་ཡིག་ཚུ་ གདམ་ཁ་ རྐྱབས།

  2. ཁ་ཡིག་ཚུའི་མཆོང་ལྡེ་གུ་ རྩ་སྒྲིག་གི་ འོག་ལུ་,ཁ་ཡིག་རྩ་སྒྲིག་ངེས་འཛིན་འབད།

    ཁ་ཡིག་ཚུ་དང་ལས་རྟགས་ཚུ་དེ་ལས་ཚོང་འབྲེལ་ཤོག་བྱང་ཚུ་གི་དོན་ལུ་ LibreOffice རྩོམ་འབྲི་པ་འདི་ལུ་ཚོང་ལས་ཀྱི་ཐོབ་ཚུགས་པའི་ཤོག་ཁྲམ་གྱི་རྩ་སྒྲིག་ཚུ་ལེ་ཤ་ཡོདཔ་ཨིན། ཁྱོད་ཀྱིས་ཡང་གཞན་ཁ་སྐོང་བརྐྱབ་ཚུགས་ ལག་ལེན་པ་-ངེས་འཛིན་འབད་ཡོད་པའི་རྩ་སྒྲིག།

  3. ཁ་ཡིག་གི་ མཆོང་ལྡེ་གུ་ལུ་ བརྐོས་ཡིག་གི་འོག་ལུ་ ཁྱོད་ཀྱིས་ ཁ་ཡིག་གུ་ག་ཅི་འབྲི་སྟེ་དགོ་ནི་ཨིན་ན་ གདམ་ཁ་རྐྱབས་བཏུབ།

    འདི་འཕྲལ་འཕྲལ་རང་གནད་སྡུད་གཞི་རྟེན་ས་སྒོ་ཚུ་ལུ་འབྲེལ་བ་ཡོདཔ་ཨིན་ དེ་འབདཝ་ལས་ཁ་ཡིག་འདི་ཚུ་ དཔེར་ན་ "Form Letters" གཏངམ་ད་ བསྒྱུར་བཅོས་འབད་བཏུབ་པའི་ནང་དོན་གཅིག་ཁར་དཔར་བསྐྲུན་འབད་ཚུགས། དེ་ཡང་ཁ་ཡིག་རེ་རེ་གུ་དཔར་བསྐྲུན་འབད་ཡོད་པའི་ཚིག་ཡིག་གཅིག་པ་འོང་ཚུགས།

    གནད་སྡུད་ས་སྒོ་ཚུ་ལེན་ཡོད་མི་ལས་ཐིག་ཁྲམ་དང་གནད་སྡུད་གཞི་རྟེན་སེལ་འཐུ་འབད་ནི་ལུ་ ཐིག་ཁྲམ་ཐོ་ཡིག་སྒྲོམ་ཚུ་དང་ གནད་སྡུད་ གཞི་རྟེན་ ལག་ལེན་འཐབ། འབྲི་བཀོད་མངའ་ཁོངས་ནང་ལུ་སེལ་འཐུ་འབད་ཡོད་པའི་གནད་སྡུད་ས་སྒོ་གནས་སོར་འབད་ནི་ལུ་མདའ་རྟགས་ཨེབ་རྟ་གུ་ཨེབ་གཏང་། གྱལ་མཚམས་བཙུགས་ནི་ལུ་བཙུགས་ཨེབ། ཁྱོད་ཀྱིས་ཡང་བར་སྟོང་ཚུ་དང་གཏན་བཟོས་ཚིག་ཡིག་གཞན་གང་རུང་ཅིག་བཙུགས་ཚུགས།

    རྩ་སྒྲིག་ཕྲ་རིང་གུ་ ཁྱོད་ཀྱིས་ སྔ་གོང་ལས་ངེས་འཛིན་འབད་ཡོད་པའི་རྩ་སྒྲིག་ཚུ་གིས་ཁེབས་འདི་མེད་མི་ ཁྱོད་རའི་རང་དབང་གི་ཁ་ཡིག་རྩ་སྒྲིག་ཚུ་ངེས་འཛིན་འབད་ཚུགས། འདི་འབད་ནི་ལུ་ དབྱེ་བའི་ཐོ་ཡིག་སྒྲོམ་ལས་ "User" སེལ་འཐུ་འབད། གདམ་ཁ་ཚུའི་ མཆོང་ལྡེ་གུ་ ཁྱོད་ཀྱིས་ཁ་ཡིག་ཚུ་ཆ་མཉམ་ཡང་ན་ངེས་ཅན་ཚུ་རྐྱངམ་ཅིག་གསར་བསྐྲུན་འབད་ནི་ཨིན་ན་གསལ་བཀོད་འབད་ཚུགས།

  4. གདམ་ཁ་ཚུའི་མཆོང་ལྡེ་ཤོག་ལེབ་གུ་ མཉམ་འབྱུང་ནང་དོན་ཚུའི་སྒྲོམ་འདི་ སེལ་འཐུ་འབད་ཡོདཔ་ ངེས་ཏིག་བཟོ། འ་ནི་འདི་སེལ་འཐུ་འབད་དེ་ཡོད་པ་ཅིན་ ཁ་ཡིག་འདི་རྐྱངམ་གཅིག་ (ལྟག་ལུ་གཡོན་གྱི་ཁ་ཡིག་གུ་) བཙུགས་དགོཔ་དང་ཚར་གཅིག་ཞུན་དག་འབད་དགོ།

  5. ཁྱོད་ཀྱིས་བཙུགས་ཡོད་པའི་སྒྲིག་སྟངས་ཚུ་དང་གཅིག་ཁར་ཡིག་ཆ་གསརཔ་གསར་བསྐྲུན་འབད་ནི་ལུ་ཡིག་ཆ་གསརཔ་གུ་ཨེབ་གཏང་།

  6. ཁྱོད་ཀྱིས་ ཡིག་ཆ་གསརཔ་གུ་ཨེབ་གཏང་ཚརཝ་ཅིན་ ཁྱོད་ཀྱིས་ སྒོ་སྒྲིག་ཆུང་ཀུ་ཅིག་ མཉམ་འབྱུང་ཁ་ཡིག་གི་ཨེབ་རྟ་དང་གཅིག་ཁར་འབད་མི་ཅགི་མཐོང་ཚུགས་ ད་ལྟོའི་ངོ་རྐྱང་ཁ་ཡིག་འདི་ ལེབ་གྲངས་གུའི་ཁ་ཡིག་གཞན་མི་ཆ་མཉམ་ལུ་ འདྲ་བཤུས་རྐྱབས་ཡོདཔ་ཨིན།

ཁ་བྱང་ཁ་ཡིག་ཚུ་དཔར་བསྐྲུན་འབད་དོ།

གནད་སྡུད་གཞི་རྟེན་གསརཔ་གསར་བསྐྲུན་འབད་དོ།

ཚོང་འབྲེལ་ཤོག་བྱང་ཚུ།