ཡུ་ཨེན་ཨོ་ཆ་ཤས་གསརཔ་ཚུ་མཉམ་སྒྲིལ་འབད་དོ་

ལས་རིམ་ཚུ་གིས་ ཁོང་རའི་རང་དབང་གི་ཡུ་ཨེན་ཨོ་(འཛམ་གླིང་ཡོངས་ཁྱབ་ཡོངས་འབྲེལ་དངོས་པོ་ཚུ་) ཆ་ཤས་ཚུ་ LibreOffice ལུ་འབྲི་ནི་དང་མཉམ་སྒྲིལ་འབད་ཚུགས། ཆ་ཤས་གསརཔ་ཚུ་ LibreOffice དཀར་ཆག་ཚུ་དང་ལག་ཆས་ཕྲ་རིང་ཚུ་ལུ་ཁ་སྐོང་རྐྱབས་བཏུབ་ ང་བཅས་ཀྱིས་འདི་ལུ་ "Add-Ons" ཟེར་སླབ་ཨིན།

ཆ་ཤས་གསརཔ་གི་མཉམ་སྒྲིལ་འབད་ནི་འདི་ ལག་ཆས་དང་ཞབས་ཏོག་ལ་ལུ་ཅིག་གིས་རྒྱབ་སྐྱོར་འབད་ཡོདཔ་ཨིན། རྒྱས་བཤད་འདི་ LibreOffice བཟོ་མིའི་ལམ་སྟོན་འདི་ནང་འཐོབ་ཚུགས། རིམ་པ་གཙོ་བོ་གསུམ་འདི་འོག་ལུ་ཡོད་དོ་བཟུམ་ཨིན་:

  1. LibreOffice གི་ནང་འཁོད་ ཆ་ཤས་གསརཔ་ཚུ་ཐོ་འགོད་འབད། འ་ནི་འདི་ unopkgལག་ཆས་ {installpath} ལས་རིམ་ནང་འཐོབ་མི་འདི་ ལག་ལེན་འཐབ་ཐོག་འབད་ཚུགས།

  2. ཆ་ཤས་གསརཔ་ཚུ་ཞབས་ཏོག་སྦེ་མཉམ་སྒྲིལ་འབད། གནད་སྤེལ་ལམ་ལུགས་ལེགས་སྐྱོང་པ་འདི་དང་ ལས་གཡོག་ཕྱིར་གཏོང་ཞབས་ཏོག་ཚུ་གིས་ཁྱོད་ལུ་ ཆ་རོགས་འབདཝ་ཨིན་ བརྡ་དོན་ཐེབས་འདི་ LibreOffice བཟོ་མིའི་ལམ་སྟོན་ནང་ལུ་འཐོབ་ཚུགས།

  3. ལག་ལེན་པའི་ངོས་འདྲ་བ་(དཀར་ཆག་ཡང་ན་ལག་ཆས་ཕྲ་རིང་)འདི་བསྒྱུར་བཅོས་འབད། འ་ནི་འདི་ བསྒྱུར་བཅོས་ཚུ་འགྲེལ་བཤད་རྐྱབས་མི་ ཨེགསི་ཨེམ་ཨེལ་ཚིག་ཡིག་གི་ཡིག་སྣོད་ཅིག་འབྲི་ཐོག་ རང་བཞིན་གྱིས་འབད་ཚུགས། བརྡ་དོན་ཐེབས་འདི་ LibreOffice བཟོ་མིའི་ལམ་སྟོན་ནང་འཐོབ་ཚུགས།

བསྣན་བྱ་འདི་གིས་ LibreOffice གི་ལས་འགན་འདི་རྒྱ་བསྐྱེད་འབད་ཚུགས། འདི་ཚུ་ LibreOffice ཀེལཀི་གི་དོན་ལུ་ ལས་འགན་གསརཔ་བྱིན་མི་ འདི་ལུ་འབྲེལ་བ་མེད།