དམིགས་བསལ་གྱི་ཡིག་འབྲུ་ཚུ་བཙུགས་དོ།
འ་ནི་ལས་འགན་འདི་གིས་ཁྱོད་ལུ་ དམིགས་བསལ་གྱི་ཡིག་འབྲུ་ དཔེར་ན་དཔྱད་རྟགས་ སྒྲོམ་ དང་བརྒྱུད་འཕྲིན་བརྡ་མཚོན་བཟུམ་ཚུ་ ཁྱོད་རའི་ཚིག་ཡིག་ནང་ལུ་ བཙུགས་བཅུགཔ་ཨིན།
-
ཡིག་འབྲུ་་ཆ་མཉམ་གྱི་སེལ་འཐུ་སྟོན་ནི་ལུ་ བཙུགས་ - དམིགས་བསལ་གྱི་ཡིག་འབྲུ་གདམ་ཁ་རྐྱབས།.
-
སེལ་འཐུ་འབད་ནིའི་ས་སྒོ་ཆེ་བ་ནང་ལུ་ རེ་འདུན་ཡོད་པའི་ཡིག་འབྲུ་ཡང་ན་ཡིག་འབྲུ་ལེ་ཤ་ཅིག་ རྗེས་འཛིན་འབད་ཨེབ་གཏང་། ཡིག་འབྲུ་འདི་ཚུ་ ཌིའི་ལོག་གི་མཇུག་ལུ་བཀྲམ་སྟོན་འབད་ཡོདཔ་ཨིན། ཁྱོད་ཀྱིས་ཌའི་ལོག་འདི་ བཏུབ་དང་གཅིག་ཁར་ཁ་བསྡམ་པའི་སྐབས་ སེལ་འཐུ་འབད་འབད་བའི་ཡིག་གཟུགས་ནང་ལུ་བཀྲམ་སྟོན་འབད་འབད་བའི་ཡིག་འབྲུ་ཚུ་ ད་ལྟོའི་ཡིག་ཆ་ནང་ལུ་བཙུགསཔ་ཨིན།
-
ཚིག་ཡིག་ཨིན་པུཊི་ས་སྒོ་ག་ཅི་ནང་འབད་རུང་ (དཔེར་ན་ འཚོལ་ཞིནམ་ལས་ཚབ་བཙུགས་ ཌའི་ལོག་ནང་གི་ཨིན་པུཊི་ས་སྒོ་བཟུམ་ཚུ་) ཁྱོད་ཀྱིས་སོར་ལྡེ་+བརྡ་བཀོད་ ཚད་འཛིན་+S འདི་ དམིགས་བསལ་གྱི་ཡིག་འབྲུའི་ ཌའི་ལོག་འདི་བོད་བརྡ་འབད་ནིའི་དོན་ལས་ ཨེབ་བཏུབ།
ད་ལྟོ་འདི་ནང་ལུ་ ལྡེ་སྒྲོམ་ལས་ཐད་ཀར་དུ་ བརྗོད་གདངས་དང་གཅིག་ཁར་ཡིག་གུའི་ཐོ་བཀོད་འབད་ནི་གི་ ཐབས་ལམ་གསུམ་ཡོད།
སཱན་ སོ་ལ་རིས་: སཱན་ལྡེ་སྒྲོམ་ལག་ལེན་འཐབ་ཐོག། དང་པ་རང་ བརྩམ་ནིའི་ལྡེ་མིག་འདི་ བར་སྟོང་ཕྲ་རིང་འདི་གི་གཡསལུ་ཨེབ་ དེ་ལས་ ལེགས་བཅོས་འབད་མི་དང་པ་དང་གཉིས་འདི་ཐོ་བཀོད་འབད།
ལི་ནགསི / ནེཊི་བི་ཨེསི་ཌི་: ཌེཌི་ཀིསི་ལག་ལེན་འཐབ་དོ། ཨེགསི་ཊམ་སྒོ་སྒྲིག་ནང་ལུ་ དང་པ་རང་ (´) ཡང་ན་ (`) ལྡེ་མིག་འདི་ཨེབ། ཡིག་འབྲུ་འདི་གསལ་གཞི་གུ་འབྱུང་ནི་མི་འོང་། ད་ཡིག་གུ་ཅིག་ཨེབ་ དཔེར་ན་ "e" བཟུམ། e འདི་བརྗོད་གདངས་ཅིག་བྱིན་ཏེ་ཡོད་ é ཡང་ན་ è ། དེ་མེན་པ་ཅིན་ དེ་ལས་ XF86Config ཡིག་སྣོད་ནང་ "nodeadkeys" XkbdVariant འདི་དེ་ནང་ལུ་མོངན་གསལ་འབད་ཡོདཔ་ཨིན་པ་ཅིན་ ཞིབ་དཔྱད་འབད་ཞིནམ་ལས་ ཚབ་བཙུགས། ཁྱོད་ཀྱིས་ མཐའ་འཁོར་འགྱུར་ཅན་ SAL_NO_DEADKEYS ཌེཌི་ཀིསི་འདི་ཤུགས་མེད་བཟོ་མི་འདི་ གཞི་སྒྲིག་ཡང་འབད་འབདཝ་འོང་།
ཡུ་ནིགསི་རིམ་ལུགས་ཆ་མཉམ་: (གདམ་ལྡེ་ཚད་ཁྲམ་) འདི་ཁ་སྐོང་བརྩམ་ནིའི་ལྡེ་མིག་སྦེ། (གདམ་ལྡེ་ཚད་ཁྲམ་)ལྡེ་མིག་འདི་གིས་ LibreOffice ནང་ ཁྱོད་ཀྱིས་མཐའ་འཁོར་འགྱུར་ཅན་ SAL_ALTGR_COMPOSE འདི་གཞི་སྒྲིག་འབད་ཡོདཔ་ཨིན་པ་ཅིན་ བརྩམ་ནིའི་ལྡེ་མིག་བཟུམ་སྦེ་ལཱ་འབདཝ་ཨིན། (གདམ་ལྡེ་ཚད་ཁྲམ་)ལྡེ་མིག་འདི་གིས་ ཐབས་ལམ་ཐར་རྟ་འབད་དགོ དཔེར་ན་ ཨེགསི་མོཊི་མེཔ་ -e "keysym Alt_R = Mode_switch" འདི་ /usr/openwin/include/X11/Suncompose.h ཡིག་སྣོད་འདི་ནང་གི་ སོ་ལ་རིསི་རིམ་ལུགས་ཅིག་གུ་ འགྲེལ་བཤད་རྐྱབས་ཡོད་དོ་བཟུམ་སྦེ་ མཉམ་མཐུད་འབད་དགོ།