ཡིག་ཆ་ལུ་བརྡ་བཀོད་ཨེབ་རྟ་ཁ་སྐོང་རྐྱབ་དོ།

ཁྱོད་ཀྱིས་འབྲི་ཤོག་ཚད་འཛིན་གྱི་ལག་ཆས་ཕྲ་རིང་འདི་ དཔྱད་སྒྲོམ་ ཨེབ་རྟ་ གནད་སྡུད་དྲན་ཐོ་སྟོན་མི་ཐིག་ཁྲམ་ཚུ་ དང་གཞན་མི་ཡིག་ཆ་ཅིག་ལུ་ཚད་འཛིན་འབད་མི་ཚུ་ ཁ་སྐོང་རྐྱབས་ནིའི་དོན་ལས་ ལག་ལེན་འཐབ་བཏུབ།

ཡིག་ཆ་ལུ་ཨེབ་རྟ་ཁ་སྐོང་བརྐྱབ་ནི་ལུ།

  1. མཐོང་སྣང་ - ལག་ཆས་ཚུ་ - འབྲི་ཤོག་ཚད་འཛིན་ཚུ་གདམ་ཁ་རྐྱབས།.

  2. འབྲི་ཤོག་ཚད་འཛིན་ཚུཡི་ལག་ཆས་ཕྲ་རིང་གུ་འཕུལ་ཨེབ་རྟ་ངོས་དཔར་ཨེབ་གཏང་།

    མཱའུསི་དཔག་བྱེད་འདི་ཀོརོསི་ཧེའར་ལུ་བསྒྱུར་བཅོས་འབདཝ་ཨིན།

  3. ཡིག་ཆ་ནང་ ཨེབ་རྟ་འབྲི་ནི་ལུ་འདྲུད།

  4. ཨེབ་རྟ་འདི་གཡས་-ཨེབ་གཏང་ཞིནམ་དང་ཚད་འཛིན་ གདམ་ཁ་རྐྱབས།.

  5. ཨེབ་རྟ་གི་རྒྱུ་དངོས་ཚུ་གསལ་བཀོད་འབད།

  6. ཨེབ་རྟའི་ཁ་ཡིག་བསྒྱུར་བཅོས་འབད་ནི་ལུ་ ཡོངས་ཁཡབ་ཕྲ་རིང་ཨེབ་གཏང་ཞིནམ་དང་ ཁ་ཡིག་སྒྲོམ་ནང་ ཚིག་ཡིག་ཞུན་དག་རྐྱབས།

  7. མེཀ་རོ་ཅིག་ཨེབ་འདི་ལུ་མཉམ་སྦྲགས་འབད་ནིའི་དོན་ལས་ བྱུང་ལས་ཚུའི་ མཆོང་ལྡེ་འདི་ཨེབ་གཏང་ དེ་ལས་ ... ཨེབ་རྟ་འདི་ ཁྱོད་ཀྱིས་མེཀ་རོ་གཡོག་བཀོལ་དགོ་མནོ་མི་ ཨེབ་རྟ་བྱ་བ་འདི་གི་ཟུར་ཁ་ཨེབ་གཏང་། འགན་སྤྲོད་མེཀ་རོ་ ཌའི་ལོག་འདི་ནང་ལུ་ ཁྱོད་ཀྱིས་ལག་ལེན་འཐབ་ནི་ཨིན་མི་མེཀ་རོ་འདི་ ག་ཡོད་འཚོལ་ དེ་ལས་ བཏུབ་ཨེབ་གཏང་།

  8. རྒྱུ་དངོས་ཚུའི་ཌའི་ལོག་ ཁ་བསྡམས།

  9. (གདམ་ཁ་ཅན་) ཨེབ་རྟ་བང་མི་འབྲི་ཤོག་གི་རྒྱུ་དངོས་ཚུ་གསལ་བཀོད་འབད།

  10. ཨེབ་རྟ་འདི་གཡས་-ཨེབ་གཏང་ཞིནམ་དང་འབྲི་ཤོག་གདམ་ཁ་རྐྱབས།.

  11. འབྲི་ཤོག་རྒྱུ་དངོས་ཚུའི་ ཌའི་ལོག་ཁ་ཕྱེཝ་ཨིན།

  12. འབྲི་ཤོག་གི་དོན་ལས་རྒྱུ་དངོས་ཚུ་གསལ་བཀོད་འབད་ཞིནམ་དང་དེ་ལས་ཌའི་ལོག་ཁ་བསྡམས།