ཚགས་མའི་འགྲུལ་བསྐྱོདཔ་ལག་ལེན་འཐབ་དོ།

ཚགས་མའི་གནས་སྟངས་དག་པ་ཅིག་ བུ་ལིན་ ཨོ་ཨར་ དང་གཅིག་ཁར་མཐུད་ནིའི་དོན་ལས་ ཚགས་མ་འགྲུལ་བསྐྱོད་པ་ ངོས་དཔར་འདི་ཚགས་མ་ཕྲ་རིང་གུ་ཨུབ་གཏང་། ཚགས་མ་འགྲུལ་བསྐྱོད་པ་ སྒོ་སྒྲིག་འདི་འབྱུངམ་ཨིན།

ཚགས་མའི་གནས་སྟངས་གཞི་སྒྲིག་འབད་ཡོད་མི་ཚུ་ ཚགས་མ་འགྲུལ་བསྐྱོད་པ་ནང་འབྱུངམ་ཨིན། ཚགས་མ་འདི་གཞི་སྐྲིག་འབད་ཚརཝ་ཅིན་ ཁྱོད་ཀྱིས་ ཚགས་མ་སྟོངམ་གི་ཐོ་བཀོད་ཅིག་ ཚགས་མ་འགྲུལ་བསྐྱོད་པ་ འདི་གི་མཇུག་ལུ་མཐོང་ཚུགས། ཁྱོད་ཀྱིས་འ་ནི་ཐོ་བཀོད་འདི་ མིང་ཚིག ་"Or" ཨེབ་གཏང་འབད་བའི་ཐོག་ སེལ་འཐུ་འབད་ཚུགས། ཁྱོད་ཀྱིས་ཚར་གཅིག་ཚགས་མའི་ཐོ་བཀོད་སྟོངམ་འདི་སེལ་འཐུ་འབད་ཚར་ཞིནམ་ལས་ ཁྱོད་ཀྱིས་ འབྲི་ཤོག་ནང་ལུ་ ཚགས་མའི་གནས་སྟངས་ཁ་སྐོང་ཐོ་བཀོད་འབད་ཚུགས། འ་ནི་གནས་སྟངས་ཚུ་ བུ་ལིན་ཨོ་ཨར་གིས་ ཧེ་མ་ངེས་འཛིན་འབད་ཡོད་པའི་གནས་སྟངས་ཚུ་ལུ་འབྲེལ་མཐུད་འབད་ཡོད།

སྐབས་དོན་དཀར་ཆག་འདི་ ཚགས་མ་འགྲུལ་བསྐྱོད་པ་འདི་ནང་ལུ་ ཐོ་བཀོད་རེ་རེའི་དོན་ལུ་ བོད་བརྡ་འབད་བཏུབ། ཁྱོད་ཀྱིས་ ཚགས་མ་གནས་སྟངས་འདི་ འ་ནི་མངའ་ཁོངས་ནང་ལུ་ ཐད་ཀར་དུ་ཚིག་ཡིག་སྦེ་ཞུན་དག་འབད་བཏུབ། ཁྱོད་ལུ་ས་སྒོ་ཅིག་ལུ་ནང་དོན་ཡོད་མེད་ ཞིབ་དཔྱད་འབད་ནིའི་རེ་འདོད་ཡོདཔ་ཨིན་པ་ཅིན་ ཁྱོད་ཀྱིས་ཚགས་མའི་གནས་སྟངས་ "empty" (SQL:"Is Null") ཡང་ན་ "not empty" (SQL: "Is not Null") འདི་སེལ་འཐུ་འབད་བཏུབ། འདི་སྐབས་དོན་དཀར་ཆག་ལག་ལེན་འཐབ་ཐོག་ བཏོན་གཏང་ནི་ཡང་འབད་ཚུགས།

You can move filter conditions in the Filter navigator by dragging and dropping, or use the keys +Alt+Up Arrow or +Alt+Down Arrow. To copy filter conditions, drag them while holding down the key.

ཁྱོད་རའི་འབྲི་ཤོག་ཅིག་ བཀོད་སྒྲིག་འབདཝ་ད་ ཁྱོད་ཀྱི་ཆ་མཉམ་ རྒྱུ་དངོས་ཚུ་གི་གནད་སྡུད་ཨེབ་ལྡེ་གི་ཌའི་ལོག་ནང་ ཚིག་ཡིག་གི་སྒྲོམ་རེ་རེ་བཞིན་གྱི་དོན་ལུ་ "ཚགས་གྲོས་འཆར་"རྒྱུ་དངོས་དེ་གཞི་སྒྲིག་འབད་བཏུབ། ཚགས་མ་ཐབས་ལམ་གྱི་འཚོལ་ཞིབ་ཀྱི་ཤུལ་ལུ་ ཁྱོད་ཀྱི་ འ་ནཱི་ས་སྒོ་ནང་ཡོད་པའི་ བརྡ་དོན་ཆ་མཉམ་ནང་ལས་ སེལ་འཐུ་འབད་བཏུབ། རང་བཞིན་མཇུག་བསྡུའི་ ལས་འགན་དེ་ ལག་ལེན་འཐབ་ཐོག་ལས་ ས་སྒོའི་ནང་དོན་ཚུ་སེལ་འཐུ་འབད་བཏུབ། འ་ནཱི་ལས་འགན་འདི་ལུ་ དྲན་ཚད་ཀྱི་ས་སྒོ་དང་ དུས་ཚོད་ དེ་ལས་དམིགས་བསལ་གྱི་ གནད་སྡུད་གཞི་རྟེན་ཆེ་བ་ཚུ་ནང་ ག་དེ་སྦེ་དགོཔ་ཨིན་ན་དང་ ་དེ་མ་ཚད་ཉུང་སུ་སྦེ་ལག་ལེན་འཐབ་དགོཔ་ཨིན་ན་ཚུ་སེམས་ཁར་བཞག

ཐིག་ཁྲམ་ཚུ་དང་འབྲི་ཤོག་ཡིག་ཆ་ཚུ་འཚོལ་ཞིབ་འབད་དོ།