སྙན་ཞུ་ལག་ཆས་འཛོལ་བ།

The Error Report Tool starts automatically when a program crash occurs.

འཛོལ་བ་སྙན་ཞུའི་ལག་ཆས་འདི་གིས་ ཤུལ་མའི་ཐོན་རིམ་ཚུ་ནང་ འ་ནི་འཛོལ་བ་འདི་ཟུར་ནིའི་ཚུགས་ནིའི་དོན་ལས་ ཉེར་མཁོའི་བརྡ་དོན་ཆ་མཉམ་ ལས་རིམ་བཟོ་མི་ཚུ་ལུ་ ཨང་རྟགས་འདི་ལེགས་བཟོ་འབད་ནིའི་དོན་ལས་ བསྡུ་སྤུངས་འབདཝ་ཨིན། ང་བཅས་ལུ་ མཉེན་ཆས་འདི་ལེགས་བཟོ་འབད་ནི་ལུ་ གྲོགས་རམ་འབད་ཞིནམ་ལས་ བསྡུ་སྤུངས་འབད་ཡོད་པའི་ འཛོལ་བའི་སྙན་ཞུ་ཚུ་གཏང་།

སྙན་ཞུ་ལག་ཆས་འཛོལ་བ་འགོ་བཙུགས་དོ།

With most program crashes the Error Report Tool will start automatically.

སྙན་ཞུ་མཇུག་བསྡུ་དོ།

འཛོལ་བ་སྙན་ཞུའི་ལག་ཆས་ཌའི་ལོག་གཙོ་བོ་གུ་ལུ་ ཁྱོད་ཀྱིས་ ཟབོ་མི་ཚུ་ལུ་ འཛོལ་བ་འདི་ཡུལ་མཐུན་བཟོ་ནི་ལུ་གྲོགས་རམ་འབད་མི་ ཁ་སྐོང་གི་བརྡ་དོན་དག་པ་ཅིག་ཐོ་བཀོད་འབད་ཚུགས། དཔེར་ན་ འཛོལ་བ་འདི་ ཁྱོད་ཀྱི་སྲ་ཆས་ཡང་ན་མཉེན་ཆས་ཀྱི་མཐའ་སྐོར་བསྒྱུར་བཅོས་ཀྱི་ཤུལ་མ་ རྐྱངམ་ཅིག་འབྱུངམ་ཨིན་པ་ཅིན་ ཡང་ན་ ཁྱོད་ཀྱིས་ཨེབ་རྟ་ཅིག་ཨེབ་གཏང་འབད་ཡོདཔ་ཨིན་པ་ཅིན་ འ་ནི་བརྡ་དོན་འདི་གྲངས་སུ་བཙུགས་གནང་།

འཛོལ་བའི་སྙན་ཞུ་གཏང་དོ།

འཛོལ་བ་སྙན་ཞུའི་ལག་ཆས་ཕྲ་རིང་འདི་གིས་ ཨེཆ་ཊི་ཊི་པི་ པི་ཡུ་ཊི་ / ཨེསི་ཨོ་ཨེ་པི་ གནད་སྤེལ་ལམ་ལུགས་ འདི་ སྙན་ཞུའི་གནད་སྡུད་གཏང་ནིའི་དོན་ལས་ ལག་ལེན་འཐབ་ཨིན། ཁྱོད་ཀྱིས་གདམ་ཁའི་ཐོག་ འགྲེལ་བཤད་ཅན་གྱི་ཚིག་ཡིག་ ང་བཅས་ལུ་ལས་རིམ་བརྡབ་འཁྲུག་གི་སྐབས་དོན་འདི་ངེས་འཛིན་འབད་ནིའི་དོན་ལས་ གྲོགས་རམ་འབད་མི་ དག་པ་ཅིག་ཐོ་བཀོད་འབད་བཏུབ། དེ་ལས་ གཏང་ ཨེབ་རྟ་ཨེབ་གཏང་།

ཉེན་བརྡའི་ངོས་དཔར།

ཁྱོད་ཀྱིས་ཁྱོད་རའི་འཛོལ་བའི་སྙན་ཞུ་འདི་ལུ་ ལན་གསལ་ཅིག་མི་འཐོབ། ཁྱོད་ལུ་རྒྱབ་སྐྱོར་དགོ་པ་ཅིན་ རྒྱབ་སྐྱོར་གྲོས་གནས་ འདི་ ཨིན་ཊར་ནེཊི་གུ་ལུ་བལྟ་སྤྱོད་འབད་གནང་།


ཁྱོད་ཀྱིས་ བཟོ་མི་ཚུ་གིས་འཛོལ་བའི་སྐོར་ལས་སྙན་ཞུ་འབད་ཡོད་མི་ དྲི་བ་ཚུ་ལུ་ ལན་བཀོད་འབད་ནི་ལུ་གདམ་ཁ་རྐྱབས་བཏུབ། ཁྱོད་ཀྱིས་གློག་འཕྲིན་གྱི་ཐོག་ལས་ འབྲེལ་བ་འཐབ་བཅུག་ནི་ཨིན་པ་ཅིན་ དཔྱད་སྒྲོམ་འདི་རྟགས་བཀལ་ ཁ་སྐོང་བརྡ་དོན་འདི་དགོཔ་ཨིན། སྔོན་སྒྲིག་གིས་སྦེ་ འ་ནི་སྒྲོམ་འདི་རྟགས་མ་བཀལ་བས་ དེ་འབདཝ་ལས་ཁྱོད་ཀྱིས་གློག་འཕྲིན་ག་ནི་ཡང་མི་འཐོབ།

གནད་སྡུད་ག་ཅི་འདི་གཏང་ཡི?

འཛོལ་བ་སྙན་ཞུ་འདི་ནང་ ཡིག་སྣོད་ལེ་ཤ་ཅིག་ཡོདཔ་ཨིན། ཡིག་སྣོད་གཙོ་བོ་འདི་ནང་ འཛོལ་བའི་དབྱེ་བ་ བཀོལ་སྤྱོད་རིམ་ལུགས་ཀྱི་མིང་དང་ཐོན་རིམ་ དྲན་ཚད་ཀྱི་བེད་སྤྱོད་ དང་ ཁྱོད་ཀྱིས་ཐོ་བཀོད་འབད་མི་འགྲེལ་བཤད་ཀྱི་སྐོར་ལས་ བརྡ་དོན་ཚུ་ཡོདཔ་ཨིན། ཁྱོད་ཀྱིས་ སྙན་ཞུ་སྟོན་ ཨེབ་རྟ་འདི་ འཛོལ་བ་སྙན་ཞུའི་ལག་ཆས་འདི་གི་ ཌའི་ལོག་གཙོ་བོ་འདི་གུ་ ཡིག་སྣོད་གཙོ་བོ་འདི་ནང་གཏང་ཡོད་མི་ ག་ཅི་འཐོབ་ནི་ཨིན་ན་ སྟོན་ནིའི་དོན་ལས་ ཨེབ་གཏང་བཏུབ།

ཁ་སྐོང་ལུ་ འབྲེལ་བ་ཡོད་པའི་དྲན་ཚད་ཀྱི་ནང་དོན་དང་ བརྩེགས་བཤུལ་ཚུ་ རིམ་ལུགས་ཚད་ལྡན་ལག་ཆས་ ("dbhhelp.dll" སྒོ་སྒྲིག་རིམ་ལུགས་གུ་ལུ་ "pstack" ཡུ་ནིགསི་རིམ་ལུགས་གུ་ལུ་) གིས་བསྡུ་སྤུངས་འབད་ཡོདཔ་ཨིན། འ་ནི་བརྡ་དོན་འདི་ཡང་གཏང་འོང་།