ཤོག་ཁྲམ་གྱི་མངའ་ཁོངས་ཚུ་ ཚིག་ཡིག་གི་ཡིག་ཆ་ཚུ་ལུ་འདྲ་བཤུས་རྐྱབས་དོ་

  1. ཚིག་ཡིག་ཡིག་ཆ་དང་ཤོག་ཁྲམ་གཉིས་ཆ་རང་ཁ་ཕྱེ།

  2. ཁྱོད་ཀྱིས་འདྲ་བཤུས་རྐྱབ་ནི་ཨིན་མི་ཤིཊི་གི་མངའ་ཁོངས་སེལ་འཐུ་འབད།

  3. སེལ་འཐུ་འབད་ཡོད་པའི་མངའ་ཁོངས་ལུ་དཔག་ཞིནམ་དང་མཱའུསི་ཨེབ་རྟ་ཨེབ། མཱའུསི་ཨེབ་རྟ་འདི་ཡུད་ཙམ་ཅིག་ཨེབ་བཞག་ དེ་ལས་ཚིག་ཡིག་ཡིག་ཆ་ནང་ལུ་མངའ་ཁོངས་འདྲུད།

  4. འོད་རྟགས་འདི་ཚར་གཅིག་ ཁྱོད་ཀྱིས་ལེབ་གྲངས་མངའ་ཁོངས་འདི་བཙུགས་དགོ་མནོ་སར་ ག་ཡོད་འཚོལ་ཚར་ཞིནམ་ལས་ མའུསི་ཨེབ་རྟ་འདི་གསར་བཏོན་འབད། ལེབ་གྲངས་ཀྱི་མངའ་ཁོངས་འདི་ ཨོ་ཨེལ་ཨི་དངོས་པོ་ཅིག་སྦེ་ བཙུགས་ཡོདཔ་ཨིན།

  5. ཁྱོད་ཀྱིས་སེལ་འཐུ་འབད་ཞིནམ་དང་ཨོ་ཨེལ་ཨི་དངོས་པོ་འདི་དུས་ཚོད་གང་རུང་ཅིག་ལུ་ཞུན་དག་བརྐྱབ་ཚུགས།

  6. ཨོ་ཨེལ་ཨི་དངོས་པོ་ཞུན་དག་རྐྱབ་ནི་ལུ་ དེ་གུ་ལུ་ཐེངས་གཉིས་-ཨེབ་གཏང་།

    ཐབས་གཞན་གྱི་ཐོག་ལས་ དངོས་པོ་འདི་སེལ་འཐུ་འབད་ཞིནམ་ལས་ ཞུན་དག་ - དངོས་པོ་ - ཞུན་དག་ གདམ་ཁ་རྐྱབས་ ཡང་ན་ ཞན་དག་ འདི་སྐབས་དོན་དཀར་ཆག་ལས་ གདམ་ཁ་རྐྱབས། ཁྱོད་ཀྱིས་དངོས་པོ་འདི་ དེའི་བདག་དབང་གི་གཞི་ཁྲམ་ནང་ ཚིག་ཡིག་གི་ཡིག་ཆའི་ནང་འཁོད་ལུ་ ཞུན་དག་འབད་ དེ་འབདཝ་ད་ ཁྱོད་ཀྱིས་ཤོག་ཁྲམ་གྱི་དོན་ལུ་དགོ་མི་ ངོས་དཔར་ཚུ་དང་དཀར་ཆག་བརྡ་བཀོད་ཚུ་བལྟ།

  7. ཨོ་ཨེལ་ཨི་དངོས་པོ་གི་འབྱུང་ཁུངས་ཡིག་ཆ་ཁ་ཕྱེ་ནི་ལུ་ཁ་ཕྱེ་གདམ་ཁ་རྐྱབས།

LibreOffice ཡིག་ཆ་ནང་འཁོད་ལུ་འདྲུད་ནི་དང་བཀོག་བཞག་ནི་

ཡིག་ཆ་ཚུ་གི་བར་ན་ཚད་རིས་ཚུ་འདྲ་བཤུས་རྐྱབས་དོ་

སྟོན་ཁང་ལས་ཚད་རིས་ཚུ་འདྲ་བཤུས་རྐྱབ་དོ།

སྟོན་ཁང་ལུ་ཚད་རིས་ཚུ་ཁ་སྐོང་རྐྱབ་དོ།