ཡིག་ཆ་ཚུ་གི་བར་ན་ཚད་རིས་ཚུ་འདྲ་བཤུས་རྐྱབས་དོ་

འདྲུད་-དང་-བཀོག་བཞག་གིས་འབད་ ཁྱོད་ཀྱིས་ཚད་རིས་ཅིག་ ཡིག་ཆ་གཅིག་ལས་ གཞན་མི་ཅིག་ལུ་ འདྲ་བཤུས་རྐྱབས་ཚུགས། ཁྱོད་ཀྱིས་ཁྱོད་རའི་ཡིག་ཆ་དཔེ་བསྐྲུན་འབད་ནིི་འཆར་གཞི་བརྩམ་ཨིན་པ་ཅིན་ འདྲ་བཤུས་དབང་ཆའི་ཁྲིམས་ཚུ་བལྟ་ཞིནམ་ལས་ རྩོམ་པ་པོ་ཚུའི་ཁས་ལེན་འདི་ལེན།

  1. ཁྱོད་ཀྱིས་ཚད་རིས་དངོས་པོ་འདི་བཙུགས་དགོ་མནོ་སའི་ ཡིག་ཆ་འདི་ཁ་ཕྱེ།

  2. ཁྱོད་ཀྱིས་ཚད་རིས་འདི་འདྲ་བཤུས་རྐྱབས་དགོ་མནོ་མི་ཡིག་ཆ་འདི་ཁ་ཕྱེ།

  3. ལྡེ་མིག་འདི་ ཨེབ་པའི་སྐབས་ ཚད་རིས་འདི་ དེ་གིས་གཞི་བསྟུན་འབད་མི་ཚད་བརྒལ་འབྲེལ་ལམ་ག་ཅི་ཡང་ ལག་ལེན་མ་འཐབ་པར་ སེལ་འཐུ་འབད་ནིའི་དོན་ལས་ ཨེབ་གཏང་།

  4. མའུསི་ཨེབ་རྟ་འདི་ཨེབ་བཞག་ཞིནམ་ལས་ དངོས་པོ་འདི་ ནང་འཁོད་ཀྱི་དྲན་ཚད་ཅིག་ལུ་ འདྲ་བཤུས་རྐྱབས་པའི་སྐབས་ ཡུད་ཙམ་ཅིག་བསྒུག

  5. ཚད་རིས་འདི་ཡིག་ཆ་གཞན་མི་ནང་འདྲུད།

  6. མའའུསི་ཨེབ་རྟ་འདི་ སྐྱ་ཐལ་ཚིག་ཡིག་འོད་རྟགས་འདི་གིས་ ཁྱོད་ཀྱིས་ པར་གྱི་འདྲ་བཤུས་ཅིག་བཙུགས་ནི་ཨིན་སའི་ གནས་ས་འདི་བརྡ་སྟོན་འབདཝ་ཅིན་ གསར་བཏོན་འབད།

  7. ཚད་རིས་འདི་ ཚད་བརྒལ་འབྲེལ་རྟགས་ཅིག་དང་གཅིག་ཁར་མཐུད་ཡོདཔ་ཨིན་པ་ཅིན་ ཚད་འིས་འདི་མེན་པར་ ཚད་བརྒལ་འབྲེལ་ལམ་འདི་བཙུགསཔ་ཨིན།

LibreOffice ཡིག་ཆ་ནང་འཁོད་ལུ་འདྲུད་ནི་དང་བཀོག་བཞག་ནི་

ཤོག་ཁྲམ་གྱི་མངའ་ཁོངས་ཚུ་ ཚིག་ཡིག་གི་ཡིག་ཆ་ཚུ་ལུ་འདྲ་བཤུས་རྐྱབས་དོ་

སྟོན་ཁང་ལས་ཚད་རིས་ཚུ་འདྲ་བཤུས་རྐྱབ་དོ།

སྟོན་ཁང་ལུ་ཚད་རིས་ཚུ་ཁ་སྐོང་རྐྱབ་དོ།