LibreOffice ཡིག་ཆ་ནང་འཁོད་ལུ་འདྲུད་ནི་དང་བཀོག་བཞག་ནི་
འདྲུད་-དང་-བཀོག་བཞག་ལག་ལེན་འཐབ་ཐོག་ དངོས་པོ་ཚུ་སྤོ་ནི་ ཡང་ན་ འདྲ་བཤུས་རྐྱབས་ནིའི་དོན་ལུ་ གདམ་ཁ་ལེ་ཤ་ཡོད། ཚིག་ཡིག་དབྱེ་ཚན་ པར་རིས་དངོས་པོ་ འབྲི་ཤོག་ཚད་འཛིན་ ཚད་བརྒལ་འབྲེལ་རྟགས་ ནང་ཐིག་ཁྱབ་ཚད་ དང་དེ་ལས་ལྷག་སྟེ་ མའུསི་དང་གཅིག་ཁར་ སྤོ་བཤུད་ཡང་ན་འདྲ་བཤུས་རྐྱབས་ཚུགས།
མའུསི་དཔག་བྱེད་འདི་གིས་ འདྲ་བཤུས་རྐྱབས་པའི་སྐབས་ བསྡོམས་རྟགས་ཅིག་དང་ འབྲེལ་ལམ་ཡང་ན་ཚད་བརྒལ་འབྲེལ་རྟགས་ཅིག་ གསར་བསྐྲུན་འབད་བའི་སྐབས་ མདའ་རྟགས་ཅིག་ བཀྲམ་སྟོན་འབདཝ་ཨིནམ་ དྲན་དགོ།
མཱའུསི་དཔག་བྱེད། |
འགྲེལ་བཤད། |
འགུལ་བསྐྱོད། |
|
འདྲ་བཤུས་རྐྱབ་དོ། |
|
འབྲེལ་ལམ་གསར་བསྐྲུན་འབད་དོ། |
If you press CommandCtrl or Shift+CommandCtrl while releasing the mouse button, you can control whether the object is copied, moved, or a link is created.
ཁྱོད་ཀྱིས་དངོས་པོ་ཚུ་ འགྲུལ་བསྐྱོད་པ་འདི་གི་ཕྱི་ཁར་འདྲུདཔ་ཨིན་པ་ཅིན་ ཁྱོད་ཀྱིས་ འགྲུལ་བསྐྱོད་པའི་ འདྲུད་ནིའི་ཐབས་ལམ་ ངོས་དཔར་ འདི་གི་ཡན་ལག་དཀར་ཆག་ནང་ལུ་ ཡང་ཅིན་ དངོས་པོ་འདི་འདྲ་བཤུས་རྐྱབས་ནི་ཨིན་ན་ འབྲེལ་ལམ་སྦེ་བཙུགས་ནི་ཨིན་ན་ ཡང་ན་ ཚད་བརྒལ་འབྲེལ་རྟགས་ཅིག་སྦེ་བཙུགས་ནི་ཨིན་ན་ གསལ་བཀོད་འབད་ཚུགས།
ཁྱོད་ཀྱིས་ འདྲུད་-དང་-བཀོག་བཞག་བཀོལ་སྤྱོད་པ་འདི་ LibreOffice ནང་ལུ་ ནམ་འབད་རུང་ ཐར་ལྡེ་མིག་འདི་ མའུསི་ཨེབ་རྟ་འཛིན་གྲོལ་མ་འབད་བའི་ཧེ་མ་ ཨེབ་པའི་ཐོག་ ཆ་མེད་གཏང་བཏུབ།