ཐིག་ཁྲམ་ཚུ་དང་གཅིག་ཁར་ལཱ་འབད་དོ།

གནད་སྡུད་འདི་ཐིག་ཁྲམ་ཚུ་ནང་གསོག་འཇོག་འབད་ཡོད། དཔེར་བརྗོད་བཟུམ་ཅིག་སྦེ་ ཁྱོད་རའི་གློག་འཕྲིན་ཁ་བྱང་གི་དོན་ལུ་ ཁྱོད་ཀྱིས་ལག་ལེན་འཐབ་མི་ ཁྱོད་རའི་རིམ་ལུགས་ ཁ་བྱང་ཀི་དེབ་འདི་ ཁ་བྱང་ཀི་དེབ་གནད་སྡུད་གཞི་རྟེན་འདི་གི་ ཐིག་ཁྲམ་ཅིག་ཨིན། ཁ་བྱང་རེ་རེ་བཞིན་ གནད་སྡུད་དྲན་ཐོ་ ཐིག་ཁྲམ་དེ་ནང་ལུ་གྲལ་ཐིག་ཅིག་སྦེ་གསལ་སྟོན་འབད་ཡོད་མི་ ཅིག་ཨིན། གནད་སྡུད་དྲན་ཐོ་འདི་ནང་ གནད་སྡུད་ས་སྒོ་ དཔེར་ན་ ས་སྒོ་ཚུ་གི་དང་པ་དང་མཇུག་གི་མིང་ དང་གློག་འཕྲིན་གྱི་ས་སྒོ་ ཡོདཔ་ཨིན།

ཐིག་ཁྲམ་ཝི་ཛརཌི་གཅིག་ཁར་ཐིག་ཁྲམ་གསརཔ་གསར་བསྐྲུན་འབད་དོ།

LibreOffice ནང་ ཁྱོད་ཀྱིས་ཐིག་ཁྲམ་ཝི་ཛརཌི་ལག་ལེན་འཐབ་ཐོག་ལས་ ཐིག་ཁྲམ་གསརཔ་གསར་བསྐྲུན་འབད་ཚུགས།:

  1. ཁྱོད་ཀྱིས་ཐིག་ཁྲམ་གསརཔ་འདི་ག་སྟེ་ལུ་གསར་བསྐྲུན་འབད་ནི་ཨིན་ན་གནད་སྡུད་གཞི་རྟེན་ཡིག་ཆ་ཁ་ཕྱེ།

  2. གནད་སྡུད་གཞི་རྟེན་སྒོ་སྒྲིག་གི་གཡོན་གྱི་པེན་ནང་ ཐིག་ཁྲམ་ཚུའི་ ངོས་དཔར་ཨེབ་གཏང།

  3. ཐིག་ཁྲམ་གསར་བསྐྲུན་འབད་ནི་ལུ་ཝི་ཛརཌི་ལག་ལེན་འཐབ་ཨེབ་གཏང་།.

བཀོད་བསྒྲིག་མཐོང་སྣང་གཅིག་ཁར་ཐིག་ཁྲམ་གསརཔ་གསར་བསྐྲུན་འབད་དོ།

  1. ཁྱོད་ཀྱིས་ཐིག་ཁྲམ་གསརཔ་འདི་ག་སྟེ་ལུ་གསར་བསྐྲུན་འབད་ནི་ཨིན་ན་གནད་སྡུད་གཞི་རྟེན་ཡིག་ཆ་ཁ་ཕྱེ།

  2. གནད་སྡུད་གཞི་རྟེན་སྒོ་སྒྲིག་གི་གཡོན་གྱི་པེན་ནང་ ཐིག་ཁྲམ་ཚུའི་ ངོས་དཔར་ཨེབ་གཏང།

  3. བཀོད་བསྒྲིག་མཐོང་སྣང་ནང་ཐིག་གསར་བསྐྲུན་འབད་ཨེབ་གཏང་།.

ཁྱོད་ཀྱིས་ཐིག་ཁྲམ་བཀོད་བསྒྲིག་ སྒོ་སྒྲིག་འདི་བལྟ།

ཐིག་ཁྲམ་མཐོང་སྣང་གསརཔ་གསར་བསྐྲུན་འབད་དོ།

གནད་སྡུད་གཞི་རྟེན་དབྱེ་བ་ཚུ་ལ་ལོ་ཅིག་གིས་ཐིག་ཁྲམ་མཐོང་སྣང་ཚུ་རྒྱབ་སྐྱོར་འབདཝ་ཨིན། ཐིག་ཁྲམ་མཐོང་སྣང་འདི་གནད་སྡུད་གཞི་རྟེན་གཅིག་ཁར་གསོག་འཇོག་འབད་ཡོད་མི་འདྲི་དཔྱད་ཨིན། གནད་སྡུད་གཞི་རྟེན་བཀོལ་སྤྱོད་ཚུའི་དོན་ལུ་ མཐོང་སྣང་འདི་ཁྱོད་ཀྱིས་ཐིག་ཁྲམ་ལག་ལེན་འཐབ་དོ་བཟུམ་སྦེ་ལག་ལེན་འཐབ་ཚུགས།

  1. ཁྱོད་ཀྱིས་ཐིག་ཁྲམ་མཐོང་སྣང་གསརཔ་འདི་ག་སྟེ་ལུ་གསར་བསྐྲུན་འབད་ནི་ཨིན་ན་གནད་སྡུད་གཞི་རྟེན་ཡིག་སྣོད་ཁ་ཕྱེ།

  2. གནད་སྡུད་གཞི་རྟེན་སྒོ་སྒྲིག་གི་གཡོན་གྱི་པེན་ནང་ ཐིག་ཁྲམ་ཚུའི་ ངོས་དཔར་ཨེབ་གཏང།

  3. ཐིག་ཁྲམ་མཐོང་སྣང་གསར་བསྐྲུན་འབད་ཨེབ་གཏང་།

འདྲི་དཔྱད་བཀོད་སྒྲིག་སྒོ་སྒྲིག་འདི་དང་ཧ་ལམ་གཅིག་པ་སྦེ་ཡོད་མི་ མཐོང་སྣང་བཀོད་སྒྲིག་གི་སྒོ་སྒྲིག་འདི་བལྟ།