ཐིག་ཁྲམ་བཀོད་བསྒྲིག

སེལ་འཐུ་འདི་ལུ་བཀོད་བསྒྲིག་མཐོང་སྣང་ནང་གནད་སྡུད་གཞི་རྟེན་ཐིག་ཁྲམ་གསརཔ་འདི་གསར་བསྐྲུན་ག་དེ་སྦེ་འབད་ནི་ཨིན་ནིའི་སྐོར་ལས་བརྡ་དོན་ནང་ན་ཡོདཔ་ཨིན།.

ཁྱོད་ལུ་ཐིག་ཁྲམ་གསརཔ་དགོ་ནི་ཨིན་མི་དེ་ཁར་གནད་སྡུད་གཞི་རྟེན་གྱི་གནད་སྡུད་གཞི་རྟེན་ཡིག་སྣོད་ཁ་ཕྱེ། ཐིག་ཁྲམ་ཚུའི་ངོས་དཔར་ ཨེབ་གཏང་། ཐིག་ཁྲམ་གསརཔ་གསར་བསྐྲུན་འབད་ནི་ལུ་ བཀོད་བསྒྲིག་མཐོང་སྣང་ནང་ཐིག་ཁྲམ་གསར་བསྐྲུན་གདས་ཁ་རྐྱབས།

བཀོད་བསྒྲིག་མཐོང་སྣང་ནང་ ཁྱོད་ཀྱིས་ད་ལྟོ་ཁྱོད་ཀྱི་ཐིག་ཁྲམ་གྱི་དོན་ལས་ས་སྒོ་ཚུ་གསར་བསྐྲུན་འབད་ཚུགས།

དྲན་འཛིན་ངོས་དཔར།

ས་སྒོ་རེ་རེ་བཞིན་གྱིས་ གསལ་བཀོད་འབད་ཡོད་པའི་ས་སྒོའི་དབྱེ་བ་ལུ་ ཆ་མཉམ་པའི་ གནད་སྡུད་རྐྱངམ་ཅིག་དང་ལེན་འབདཝ་ཨིན། དཔེར་ན་ ཨང་གི་ས་སྒོ་ཅིག་ནང་ལུ་ ཚིག་ཡིག་ཐོ་བཀོད་འབད་ནི་འདི་སྲིད་པ་མེན། ཌི་གཞི་རྟེན་ III རྩ་སྒྲིག་ནང་གི་བརྗེད་ཐོ་ས་སྒོ་ཚུ་ ཀེ་བི་༦༤་ཚིག་ཡིག་ཚུན་འབག་ཚུགས་མི་ ནང་ཁོད་ལུ་འཛིན་སྐྱོང་འབད་ཡོད་མི་ ཚིག་ཡིག་ཡིག་སྣོད་ཚུ་ཨིན།


ཁྱོད་ཀྱིས་ས་སྒོ་རེ་རེའི་དོན་ལུ་གདམ་ཁ་ཅན་གྱི་འགྲེལ་བཤད་བཙུགས་ཚུགས། འགྲེལ་བཤད་ཀྱི་ཚིག་ཡིག་འདི་ཐིག་ཁྲམ་མཐོང་སྣང་ནང་ཀེར་ཐིག་མགུ་རྒྱན་གུ་ཕན་བསླབ་བཟུམ་སྦེ་འབྱུངམ་ཨིན།

ས་སྒོའི་རྒྱུ་དངོས་ཚུ།

སེལ་འཐུ་འབད་ཡོད་པའི་གནད་སྡུད་ཀྱི་ས་སྒོ་རེ་རེའི་དོན་ལུ་རྒྱུ་དངོས་ཚུ་བཙུགས། གནད་སྡུད་གཞི་རྟེན་དབྱེ་བ་ལུ་བརྟེན་འདི་ ཨིན་པུཊི་མཐུན་རྐྱེན་ཚུ་ལ་ལོ་ཅིག་ཐོབ་མི་ཚུགས་འོང་།

སྔོན་སྒྲིག་གནས་གོང་སྒྲོམ་ནང་སྙན་ཞུ་གསརཔ་རེ་རེ་ལུ་སྔོན་སྒྲིག་ནང་དོན་ཚུ་བཙུགས། འ་ནི་ནང་དོན་འདི་ཚུ་ཤུལ་ལས་ཞུན་དག་འབད་ཚུགས།

ཐོ་བཀོད་དགོས་མཁོ་ཡོད་པའི་སྒྲོམ་ ནང་་ གསལ་བཀོད་འབད་རུང་མ་འབད་རུང་ས་སྒོ་འདི་སྟོངམ་སྦེ་ལུས་ནི་འོང་།

རིང་ཚད་ སྒྲོམ་གྱི་དོན་ལས་ ཐོབ་ཚུགས་པའི་གདམ་ཁ་ཚུ་བྱིན་མི་བརྟག་སྒྲོམ་ནང་སྟོན་ནི་འོང་།

གནད་སྡུད་གཞི་རྟེན་སྤཡི་མཐོང་།