ཡིག་སྣོད།

གནད་སྡུད་གཞི་རྟེན་སྒོ་སྒྲིག་གི་ཡིག་སྣོད་དཀར་ཆག། གནད་སྡུད་གཞི་རྟེན་ལུ་ འཛུལ་ཞུགས་ཀྱི་གསལ་བཀོད་རྐྱངམ་ཅིག་ཐོ་ཡིག་འབད་དེ་ཡོད།

སྲུངས།

གིས་ ད་ལྟོའི་གནད་སྡུད་གཞི་རྟེན་ཡིག་སྣོད་དང་ འདྲི་དཔྱད་དེ་ལས་ རྣམ་པ་དང་ཐོ་འགོད་ཚུ་སྲུངས་བཞགཔ་ཨིན། གནད་སྡུད་གཞི་རྟེན་ཡིག་སྣོད་དོན་ལུ་ ཁྱོད་ཀྱིས་ ཡིག་སྣོད་སྲུངས་ཌའི་ལོག་ལུ་བལྟ་ད། དངོས་པོ་གཞན་མི་དོན་ལུ་ ཁྱོད་ཀྱིས་ སྲུངས་ ཌའི་ལོག་ལུ་བལྟ་ད།

དེ་སྦེ་སྲུངས།

མིང་གཞན་མི་དང་བཅས་ ད་ལྟོའི་གནད་སྡུད་གཞི་རྟེན་ཡིག་སྣོད་འདི་སྲུངམ་ཨིན། ཡིག་སྣོད་སྲུངས་ ཌའི་ལོག་ནང་ལུ་ འདྲེན་ལམ་ཅིག་ སེལ་འཐུ་འབད་ནི་དང་ སྲུངས་ནིའི་དོན་ལུ་ ་་ཡིག་སྣོད་མིང་ཅིག་སེལ་འཐུ་འབད།

ཕྱིར་འདྲེན།

ཚིག་ཡིག་ཡིག་ཆ་ལུ་ སེལ་འཐུ་འབད་ཡོད་པའི་སྙན་ཞུ་ཡང་ན་ རྣམ་པ་ཕྱིར་འདྲེན་འབདཝ་ཨིན། ཕྱིར་འདྲེན་འབད་ནིའི་ཆུ་ཚོད་ལུ་ ནུས་ཅན་སྙན་ཞུ་འདི་ གནད་སྡུད་གཞི་རྟེན་གྱི་ནང་དོན་ཚུ་གི་འདྲ་བཤུས་སྦེ་ ཕྱིར་འདྲེན་འབད་ཡོདཔ་ཨིན།

གཏང་།

ཡན་ལག་དཀར་ཆག་ཅིག་ཁ་ཕྱེཝ་ཨིན།

E-mail Document

གློག་འཕྲིན་གསརཔ་ཅིག་གཏང་ནིའི་དོན་ལུ་ སྔོན་སྒྲིག་གི་གློག་འཕྲིན་ཅིག་ཁ་ཕྱེཝ་ཨིན། ད་ལྟོའི་གནད་སྡུད་གཞི་རྟེན་ཡིག་སྣོད་འདི་ མཉམ་སྦྲགས་སྦེ་མཇུག་སྣོན་འབདཝ་ཨིན། ཁྱོད་ཀྱིས་ དོན་ཚན་དང་ ལེན་མཁན་དེ་ལས་ ཡིག་འཕྲིན་གྱི་མ་གཟུགས་འདི་བཙུགསཔ་ཨིན།

གློག་འཕྲིན་སྦེ་སྙན་ཞུ་འབདཝ་ཨིན།

གློག་འཕྲིན་གསརཔ་ཅིག་གཏང་ནི་ལུ་ སྔོན་སྒྲིག་གི་གློག་འཕྲིན་ཅིག་ཁ་ཕྱེཝ་ཨིན། སེལ་འཐུ་འབད་ཡོད་པའི་སྙན་ཞུ་འདི་ མཉམ་སྦྲགས་སྦེ་མཇུག་སྣོན་འབད་ཡོདཔ་ཨིན། ཁྱོད་ཀྱིས་ དོན་ཚན་དང་ ལེན་མཁེན་དེ་ལས་ གློག་འཕྲིན་མ་གཟུགས་བཙུགས། ཕྱིར་འདྲེན་གྱི་ཆུ་ཚོད་ལུ་ གནད་སྡུད་གཞི་རྟེན་ནང་དོན་གྱི་འདྲ་བཤུས་སྦེ་ ནུས་ཅན་གྱི་སྙན་ཞུ་འདི་ཕྱིར་འདྲེན་འབདཝ་ཨིན།

ཚིག་ཡིག་ཡིག་ཆ་ལུ་སྙན་ཞུ་འབད།

ཚིག་ཡིག་ཡིག་ཆ་ལུ་ སེལ་འཐུ་འབད་ཡོད་པའི་ཐོ་འགོད་འདི་ཕྱིར་འདྲེན་འབདཝ་ཨིན། ཕྱིར་འདྲེན་གྱི་ཆུ་ཚོད་ལུ་ གནད་སྡུད་གཞི་རྟེན་གྱི་ནང་དོན་གྱི་འདྲ་བཤུས་སྦེ་ ནུས་ཅན་ཐོ་འགོད་འདི་ཕྱིར་འདྲེན་འབད་ཡོད།