ཨེལ་ཌི་ཨེ་པི་མཐུད་ལམ།

གནད་སྡུད་གཞི་རྟེན་ཅིག་ལག་ལེན་འཐབ་ནི་དོན་ལུ་ ཨེལ་ཌི་ཨེ་པི་ (Lightweight Directory Access Protocol)སྒྲིག་སྟངས་ཚུ་གསལ་བཀོད་འབདཝ་ཨིན། ཁྱོད་ཀྱིས་ ཨེལ་ཌི་ཨེ་པི་སར་བར་འདི་ ཁ་བྱང་གནད་སྡུད་གཞི་རྟེན་སྦེ་ ཐོ་འགོད་འབད་དེ་ཡོད་པ་ཅིན་རྐྱངམ་ཅིག་ ཤོག་ལེབ་འདི་འཐོབ་ཚུགས།

སར་བར་ཡུ་ཨར་ཨེལ།

རྩ་སྒྲིག་འདི་ལག་ལེན་འཐབ་སྟེ་ ཨེལ་ཌི་ཨེ་པི་སར་བར་གྱི་མིང་འདི་བཙུགས།"ldap.server.com".

གཞི་རྟེན་ཌི་ཨེན།

ཨེལ་ཌི་ཨེ་པི་གནད་སྡུད་གཞི་རྟེན་འཚོལ་ནི་ལུ་ འགོ་བཙུགས་ས་ཚིག་འདི་བཙུགས་ དཔེར་ན་ "dc=com".

འདྲེན་ལམ་གྱི་ཨང་གྲངས།

༣༨༩ སྤྱིར་བཏང་སྦེ་ ཨེལ་ཌི་ཨེ་པི་གི་འདྲེན་ལམ་བཙུགས།

མཐའ་བཙན་མཐུད་ལམ་ལག་ལེན་འཐབ་ (ཨེསི་ཨེསི་ཨེལ་)

མཐའ་བཙན་སོ་ཀེཊིསི་བང་རིམ་(ཨེསི་ཨེསི་ཨེལ་)བརྒྱུད་དེ་ཨེལ་ཌི་ཨེ་པི་སར་བར་ལུ་མཐའ་བཙན་མཐུད་ལམ་གསར་བསྐྲུན་འབདཝ་ཨིན། སྔོན་སྒྲིག་གི་ཐོག་ལས་ ཨེསི་ཨེསི་ཨེལ་མཐུལ་ལམ་གྱིས་འདྲེན་ལམ་༦༣༦ལག་ལེན་འཐབ་ཨིན། དུས་རྒྱུན་མཐུད་ལམ་གྱིས་འདྲེན་ལམ་༣༨༩ལག་ལེན་འཐབ་ཨིན།