མཐུན་འབྲེལ་ཚུ།

འ་ནི་བརྡ་བཀོད་དེ་གིས་ གནད་སྡུད་གཞི་རྟེནགྱི་ཐིག་ཁྲམ་ཚུའི་བར་ན་ མཐུན་འབྲེལ་འདི་ངེས་འཛིན་འབད་བཅུག་མི་ Relation Design སྒོ་སྒྲིག་འདི་ཁ་ཕྱེཝ་ཨིན།

ནཱ་ལུ་ཁྱོད་ཀྱིས་ གནད་སྡུད་ས་སྒོ་ཚུ་ལས་རྒྱུད་དེ་ ད་ལྟོ་ཡོད་པའི་གནད་སྡུད་གཞི་རྟེན་ལས་ཐིག་ཁྲམ་ཚུ་འབྲེལ་མཐུད་འབད་བཏུབ། འབྲེལ་ལམ་གསར་བསྐྲུན་འབད་ནིའི་དོན་ལས་ དང་ ཡང་ན་ མཱའུསི་དང་བཅས་ འདྲུད་ནི་དང་བཞག་ནི་ལུ་ ཨེབ་གཏང་ མཐུན་འབྲེལ་གསརཔ་ངོས་དཔར་གུ་ཨེབ་གཏང་།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

གནས་སྡུད་གཞི་རིམ་ཡིག་སྣོད་ཝིནཌོ་ཅིག་ནང་ ལག་ཆས་ཚུ་ -མཐུན་འབྲེལ་ཚུ་གདམ།


དྲན་འཛིན་ངོས་དཔར།

འ་ནི་ལས་འགན་འདི་ ཁྱོད་མཐུན་འབྲེལ་གྱི་གནད་སྡུད་གཞི་རྟེན་དང་བཅས་ ལཱ་འབད་བ་ཅིན་རྐྱངམ་ཅིག་ འཐོབ་ཚུགས།


ཁྱོད་ཀྱིས་ ལག་ཆས་ཚུ་ - མཐུན་ལམ་ཚུ་གདམ་ཁ་རྐྱབ་པའི་སྐབས་ ད་ལྟོའི་གནད་སྡུད་གཞི་རྟེན་ཚུ་སྟོན་ཡོད་མི་གི་ཐིག་ཁྲམ་ཚུའི་བར་ན་ཡོད་བཞིན་པའི་མཐུན་ལམ་ཚུ་ཆ་མཉམ་ནང་ཁ་ཕྱེཝ་ཨིན། མཐུན་ལམ་ཚུ་ངེས་འཛིན་འབད་འདི་མེད་པ་ཅིན་དང་ ཡང་ན་ ཁྱོད་ཀྱིས་གནད་སྡུད་གཞི་རྟེན་གྱི་གཞན་ཐིག་ཁྲམ་ཚུ་གཅིག་གིས་གཅིག་ལུ་འབྲེལ་བ་འཐབ་ནི་ཨིན་པ་ཅིན་ ཁ་སྐོང་ཐིག་ཁྲམ་ཚུའི་ ངོས་དཔར་ ཨེབ་གཏང་། ཁ་སྐོང་ཐིག་ཁྲམ་ཚུའི་ ཌའི་ལོག་འདི་ཁྱོད་ཀྱིས་ཁྱོད་ལུ་དགོ་མི་ཐིག་ཁྲམ་ཚུ་སེལ་འཐུ་འབད་ཚུགས་ནི་ཨིན་མི་ནང་ཁ་ཕྱེཝ་ཨིན།

ངོས་དཔར་

ཐིག་ཁྲམ་ཚུ་བཙུགས།

དྲན་འཛིན་ངོས་དཔར།

མཐུན་འབྲེལ་བཀོད་སྒྲིག་སྒོ་སྒྲིག་ ཁ་ཕྱེ་ ཡོད་པ་ཅིན་ ཐིག་ཁྲམ་བཀོད་སྒྲིག་ཐབས་ལམ་ནང་ཡང་ སེལ་འཐུ་འབད་ཡོད་མི་ཐིག་ཁྲམ་ཚུ་ལེགས་བཅོས་བཟོ་མི་ཚུགས། ཨ་ནི་འདི་གིས་མཐུན་འབྲེལ་ཚུ་གསར་བསྐྲུན་འབད་ཡོད་པའི་སྐབས་ཐིག་ཁྲམ་ཚུ་བསྒྱུར་བཅོས་འབད་འདི་ཙེདཔ་ངེས་གཏན་བཟོཝ་ཨིན།


སེལ་འཐུ་འབད་ཡོད་པའི་ཐིག་ཁྲམ་ཚུ་ བཀོད་སྒྲིག་མཐོང་སྣང་གི་མགོའི་མངའ་ཁོངས་ནང་སྟོནམ་ཨིན། སྐབས་དོན་དཀར་ཆག་ཡང་ན་ བཏོན་གཏང་ཟེར་བའི་ལྡེ་མིག་གི་ཐོག་ལས་ ཁྱོད་ཀྱིས་ཐིག་ཁྲམ་འདི་ཁ་བསྡམས།

ཐིག་ཁྲམ་འདི་སྤོ་བཤུད་འབད་ནི་དང་ ཐིག་ཁྲམ་གྱི་ཚད་འདི་ལེགས་བཅོས་འབད།

ཁྱོད་རའི་དགའ་གདམ་དང་འཁྲིལ་ཏེ་ ཁྱོད་ཀྱིས་ ཚད་བསྐྱར་བཟོ་འབད་ནི་དང་ ཐིག་ཁྲམ་ཚུ་བདེ་ཞིབ་བཟོ་བཏུབ། ཐིག་ཁྲམ་ཚུ་སྤོ་བཤུད་འབད་ནི་ལུ་ ཡར་གྱི་མཐའ་མཚམས་འདི་ རེ་འདུན་ཡོད་པའི་གནས་ས་ལུ་འདྲུད་ད། མཱའུསི་འོད་རྟགས་མཐའ་མཚམས་གུ་གནས་ས་བཀལ་ནི་དང་ ཡང་ན་ ཟུར་ཁ་དང་ ཐིག་ཁྲམ་འདི་ རེ་འདུན་གྱི་ཚད་ལུ་མ་ལྷོད་ཚུན་ འདྲུད་པའི་ཐོག་ལས་ ཚད་འདི་ཆེར་བསྐྱེད་འབད་ནི་ཡང་ན་ མར་ཕབ་འབད།

གཞི་རིས་གྱི་གཙོ་བོ་དང་གཞན་མིའི་གཙོ་བོ།

ཐིག་ཁྲམ་སོ་སོ་ཚུ་ལས་ ཁྱོད་ཀྱིས་མཐུན་འབྲེལ་འདི་ངེས་འཛིན་འབད་ནི་ཨིན་པ་ཅིན་ གནས་དེ་ཡོད་པའི་ཐིག་ཁྲམ་གྱི་ གནད་སྡུད་ས་སྒོ་འདི་ སེལ་པོར་འབད་ངོས་འཛིན་འབད་མི་ གཞི་རིམ་གྱི་གཙོ་བོ་ཁྱོད་ཀྱིས་བཙུགས་དགོ། འ་ནི་ཐིག་ཁྲམ་གྱི་གནད་སྡུད་ས་སྒོ་འདི་ འཛུལ་སྤྱོད་འབད་ནི་ལུ་ ཁྱོད་ཀྱིས་ གཞི་རིམ་གཙོ་བོ་ལུ་གཞི་བསྟུན་འབད། གཞི་རིམ་གཙོ་བོ་འདི་ལུ་གཞི་བསྟུན་འབད་མི་ གནད་སྡུད་ས་སྒོ་ཚུ་ཆ་མཉམ་རང་ ཕྱིའི་གཙོ་རིམ་སྦེ་ངོས་འཛིན་འབདཝ་ཨིན།

གཞི་རིམ་གཙོ་བོ་ལུ་གཞི་བསྟུན་འབད་མི་ གནད་སྡུད་ས་སྒོ་ཚུ་ཆ་མཉམ་རང་ ལྡེ་མིག་གི་མཚོན་གྱི་ཐིག་ཁྲམ་སྒོ་སྒྲིག་ནང་ངེས་འཛིན་འབད་འོང་།

མཐུན་འབྲེལ་འདི་ངེས་འཛིན་འབདཝ་ཨིན།

གཞི་རིམ་དང་ལྡེ་མིག་གི་ས་སྒོ་ཚུ་ མཐུད་མིའི་གྲལ་མཐུད་ཀྱིས་ གནས་དེ་ཡོད་མི་འཐུན་འབྲེལ་ཚུ་ཆ་མཉམ་ འབྲེལ་མཐུད་ཀྱི་སྒོ་སྒྲིག་ཚུ་ནང་སྟོན་དེ་ཡོདཔ་ཨིན། ཐིག་ཁྲམ་གཞན་མི་དང་ ཐིག་ཁྲམ་གཅིག་གི་ས་སྒོ་བཀོག་བཞག་ནི་ལུ་ འདྲུད་ནི་དང་བཞག་ནི་འདི་ལག་ལེན་འཐབ་སྟེ་ ཁྱོད་ཀྱིས་འབྲེལ་མཐུད་འདི་ཁ་སྐོང་རྐྱབས་བཏུབ། ལོག་དེ་རང་ དེ་སེལ་འཐུ་འབད་བའི་ཐོག་ལས་དང་ བཏོན་གཏང་ཟེར་བའི་ལྡེ་མིག་ཨེབ་ཐོག་ལས་ འབྲེལ་མཐུད་དེ་རྩ་བསྐྲད་གཏང་བཏུབ།

ཁྱོད་ཀྱིས་ཐབས་གཞན་གྱི་ཐོག་ལས་ འབྲེལ་མཐུད་སསྒོ་གི་མགོའི་མངའ་ཁོངས་ནང་ལུ་ New Relationངོས་དཔར་གུ་ ཨེབ་གཏང་ནི་དང་ Relations ཌའི་ལོག་ནང་ ཐིག་ཁྲམ་གཉིས་ཀྱི་བར་ན་མཐུན་འབྲེལ་འདི་ངེས་འཛིན་འབད།

ངོས་དཔར།

མཐུན་འབྲེལ་གསརཔ།

ཉེན་བརྡའི་ངོས་དཔར།

མཐུན་འབྲེལ་ཅན་གྱི་གནད་སྡུད་གཞི་རྟེན་ཅིག་གི་དོན་ལས་ LibreOffice འདིམདོང་ཁའི་མཇུག་སྦེ་ལག་ལེན་འཐབ་པ་ཅིན་ འབྲེལ་ལམ་གྱི་གསར་བསྐྲུན་དང་བཏོན་གཏང་ནི་འདི་ LibreOffice,གིས་ མཚམས་སྦྱོར་དྲན་ཚད་གནས་ས་ནང་མ་བཞག་པས།


མཐུད་ལམ་གྲལ་ཐིག་ཅིག་ལུ་གཡེབ་གཏང་ཐེང་གཉིས་ཨེབ་བཞིནམ་ལས་ ཁྱོད་ཀྱིས་ མཐུན་འབྲེལ་ལ་ལོ་ཅིག་ལུ་ རྒྱུ་དངོས་ འགན་སྤྲོད་འབད་བཏུབ། The མཐུན་འབྲེལ་ ཌའི་ལོག་ཁ་ཕྱེཝ་ཨིན།