ཐིག་ཁྲམ་བཀོད་སྒྲིག་

ཐིག་ཁྲམ་བཀོད་སྒྲིག་ནང་ཁྱོད་ཀྱིས་ ཐིག་ཁྲམ་གསརཔ་ངེས་འཛིན་འབད་ནི་ ཡང་ན་ ཐིག་ཁྲམ་གྱི་གཞི་བཀོད་འདི་ཞུན་དག་འབད།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

གནད་སྡུད་གཞི་རྟེན་ཡིག་སྣོད་སྒོ་སྒྲིག་ནང་ ཐིག་ཁྲམ་ངོས་དཔར་འདི་ཨེབ་གཏང་། བཙུགས་ - ཐིག་ཁྲམ་བཀོད་བསྒྲིག་ ཡང་ན་ ཞུན་དག་འབད་ - ཞུན་དག་འབད་


གནད་སྡུད་གཞི་རྟེན་སྤཡི་མཐོང་།

ཐིག་ཁྲམ་བཀོད་བསྒྲིག

སྒོ་སྒྲིག་དེ་ལུ་ ཁོང་རའི་ དཀར་ཆག་ཕྲ་རིང་དེ་ཡོད། དེ་གིས་འོག་གི་བརྡ་བཀོད་གསརཔ་ཚུ་ཡང་ཤོངམ་ཨིན: ཟུར་ཐོའི་བཀོད་སྒྲིག་

ཐིག་ཁྲམ་ངེས་ཚིག་གི་མངའ་ཁོངས།

འ་ནི་མངའ་ཁོངས་དེ་ ཁྱོད་ཀྱིས་ཐིག་ཁྲམ་གཞི་བཀོད་ངེས་འཛིན་འབད་ས་ཨིན་།

ས་སྒོའི་མིང་།

གནད་སྡུད་ས་སྒོའི་མིང་འདི་གསལ་བཀོད་འབདཝ་ཨིན། གནད་སྡུད་གཞི་རྟེན་གྱི་བཀག་དམ་ མིང་གི་རིང་ཚད་དང་དམིགས་བསལ་གྱི་ཡིག་འབྲུ་ཚུ་ དེ་ལས་ བར་སྟོང་ཚུ་དྲེན་འཛིན་འབད།

ས་སྒོའི་དབྱེ་བ།

ས་སྒོའི་དབྱེ་བ་འདི་གསལ་བཀོད་འབདཝ་ཨིན།

འགྲེལ་བཤད།

འགྲེལ་བཤད་གདམ་ཁ་ཅན་འདི་ གསལ་བཀོད་འབདཝ་ཨིན།

མགོ་ཡིག་གྲལ་ཐིག་དེ་གིས་ འོག་གི་སྐབས་དོན་དཀར་ཆག་བརྡ་བཀོད་འདི་ཡོདཔ་ཨིན:

བཏོག

འཛིན་པང་ལུ་སེལ་འཐུ་འབད་ཡོད་པའི་གྱལ་བཏོགཔ་ཨིན།

འདྲ་བཤུས།

འཛིན་པང་ལུ་སེལ་འཐུ་འབད་ཡོད་པའི་གྱལ་འདྲ་བཤུས་འབདཝ་ཨིན།

སྦྱར།

འཛིན་པང་གི་ནང་དོན་སྦྱརཝ་ཨིན།

བཏོན་གཏང་།

སེལ་འཐུ་འབད་ཡོད་པའི་གྱལ་བཏོན་གཏངམ་ཨིན།

གྲལ་ཐིག་ཚུ་བཙུགས།

ཐིག་ཁྲམ་བསྲུང་བཞག་འབད་འདི་མེད་པ་ཅིན་ ད་ལྟོའི་གྱལ་གྱི་ལྟག་ལུ་གྱལ་སྟོངམ་བཙུགསཔ་ཨིན། ཐིག་ཁྲམ་བསྲུང་བཞག་འབད་ཡོད་པ་ཅིན་ཐིག་ཁྲམ་གྱི་མཇུག་ལུ་གྱལ་སྟོངམ་བཙུགསཔ་ཨིན།

གཞི་རིམ་གྱི་ལྡེ་མིག

འ་ནི་བརྡ་བཀོད་དེ་ལུ་ ཞིབ་དཔྱད་ཀྱི་ཨང་རྟགས་ཡོད་པ་ཅིན་ གྲལ་ཐིག་དེ་ནང་ཡོད་པའི་གནད་སྡུད་སསྒོ་འདི་ གཞི་རིམ་གྱི་གཙོ་བོ་ཨིན། བརྡ་བཀོད་ལུ་ཨེབ་གཏང་བཞིནམ་ལས་ ཁྱོད་རང་ གནས་ཚད་འདི་ཤུགས་ལྡན་བཟོ་ནི/ཡང་ན་ ཤུགས་མེད་བཟོ། གནད་སྡུད་འབྱུང་ཁུངས་དེ་གིས་ གཞི་རིམ་གཙོ་བོ་འདི་རྒྱབ་སྐྱོར་འབད་བ་ཅིན་རྐྱངམ་ཅིག་ བརྡ་བཀོད་འདི་མཐོང་ཚུགས།

ས་སྒོའི་རྒྱུ་དངོས།

ད་ལྟོ་སེལ་འཐུ་འབད་ཡོད་པའི་ས་སྒོ་གི་ ས་སྒོའི་རྒྱུ་དངོས་འདི་ངེས་འཛིན་འབད།

རིང་ཚད།

གནད་སྡུད་ས་སྒོ་གི་རིང་ཚད་འདི་གསལ་བཀོད་འབདཝ་ཨིན།

བཅུ་ཚགས་གནས་ས་ཚུ།

ཨང་གྲངས་ཀྱི་ས་སྒོ་ཡང་ན་ བཅུ་ཚག་གི་ས་སྒོའི་དོན་ལས་ བཅུ་ཚག་ས་སྒོ་གི་ཨངས་གྲངས་འདི་གསལ་བཀོད་འབདཝ་ཨིན།

སྔོན་སྒྲིག་གནས་གོང་།

གནད་སྡུད་དྲན་ཐོ་གསརཔ་ཚུའི་ནང་གི་ སྔོན་སྒྲིག་གནས་གོང་འདི་གསལ་བཀོད་འབདཝ་ཨིན།

རྩ་སྒྲིག་གི་དཔེ་ཚུ།

ཁྱོད་ཀྱིས་ ... button.དང་བཅས་སེལ་འཐུ་འབད་ཚུགས་པའི་ རྩ་སྒྲིག་གི་ཨང་རྟགས་འདི་བཀྲམ་སྟོན་འབད་ད།

...

This button opens the ས་སྒོའི་རྩ་སྒྲིག་ ཌའི་ལོག་.

མངའ་ཁོངས་འདི་ལུ་གྲོགས་རམ་འབད།

གྲོགས་རམ་ཚིག་ཡིག་འདི་བཀྲམ་སྟོན་འབདཝ་ཨིན།