འདྲི་དཔྱད་ཀྱི་བཀོད་སྒྲིག་

འདྲི་དཔྱད་བཀོད་སྒྲིག་མཐོང་སྣང་འདི་གིས་ ཁྱོད་ལུ་ གནད་སྡུད་འདྲི་དཔྱད་ཞུན་དག་དང་གསར་བསྐྲུན་འབད་བཅུགཔ་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

གནས་སྡུད་གཞི་རིམ་ཡིག་སྣོད་ཝིནཌོ་ཅིག་ནང་དྲི་བ་ ངོས་དཔར་འདི་གདམ་ དེ་ལས་ ཞིན་དག་ - ཞུན་དག་གདམ།


དྲན་འཛིན་ངོས་དཔར།

ཁྱོད་རའི་གློག་རིག་གུ་ ཐོ་འགོད་ཚུ་བཀྲམ་སྟོན་འབད་ནི་ལུ་ གནད་སྡུད་གཞི་རྟེན་མང་ཤོས་ཅིག་གིས་རང་ ཚགས་མ་བཙུགས་ནི་དང་ གནད་སྡུད་གཞི་རྟེན་ཐིག་ཁྲམ་དབྱེ་སེལ་འབད་ནིའི་དོན་ལུ་ འདྲི་དཔྱད་འདི་ལག་ལེན་འཐབ་ཨིན། མཐང་སྣང་དེ་གིས་ འདྲི་དཔྱད་བཟུམ་སྦེ་ ལས་འགན་གཅིག་པ་བྱིནམ་ཨིན་ དེ་འབདཝ་ད་ སར་བར་གྱི་ཕྱོགས་ལུ་བྱིནམ་ཨིན། ཁྱོད་ཀྱི་གནད་སྡུད་གཞི་རྟེན་འདི་ མཐོང་སྣང་རྒྱབ་སྐྱོར་འབད་མི་སར་བར་གུ་ཡོད་པ་ཅིན་ ཁྱོད་ཀྱིས་ བཀྲམ་སྟོན་ཆུ་ཚོད་འདི་མགྱོགས་ཚད་བཟོ་ནི་ལུ་ སར་བར་གུ་ཐོ་འགོད་ཚུ་ཚགས་མ་བཙུགས་ནིའི་དོན་ལུ་ མཐོང་སྣང་འདི་ལག་ལེན་འཐབ།


དྲན་འཛིན་ངོས་དཔར།

གནད་སྡུད་གཞི་རྟེན་ལ་ལོ་ཅིག་གིས་ ཐིག་ཁྲམ་མཐོང་སྣང་གསརཔ་ གསར་བསྐྲན་འབད་ནི་ལུ་རྒྱབ་བསྐྱོར་འབདཝ་ཨིན། མཐོང་སྣང་གསར་བསྐྲུན་འབད་ ཐིག་ཁྲམ་ལས་བརྡ་བཀོད་ ཐིག་ཁྲམ་གནད་སྡུད་གཞི་རྟེན་ཡིག་ཆ་གི་ ཨེབ་ལྡེ་ཤོག་ལེབ་ སེལ་འཐུ་འབད་བའི་ཤུལ་ལས་ ནཱ་ལུ་འགྲེལ་བཤད་འབད་ཡོད་མི་འདྲི་དཔྱད་ཀྱི་བཀོད་སྒྲིག་ སྒོ་སྒྲིག་འདི་འདྲ་བ་བཟོ་མི་ བཀོད་སྒྲིག་སྟོན་སྒོ་སྒྲིག་འདི་ཁྱོད་ཀྱིས་མཐོངམ་ཨིན།


The Query Design window layout is stored with a created query, but cannot be stored with a created view.

བཀོད་སྒྲིག་གི་མཐོང་སྣང་།

འདྲི་དཔྱད་འདི་གསར་བསྐྲུན་འབད་ནིའི་དོན་ལས་ འདྲི་དཔྱད་ གནད་སྡུད་གཞི་རྟེན་ཡིག་ཆ་ནང་གི་ ངོས་དཔར་འདི་ཨེབ་གཏང་ དེ་ལས་ བཀོད་སྒྲིག་མཐོང་སྣང་གི་ནང་ལུ་འདྲི་དཔྱད་འདི་ གསར་བསྐྲུན་འབད་ཟེར་མི་འདི་ཨེབ་གཏང་།

The lower pane of the Design View is where you define the query. To define a query, specify the database field names to include and the criteria for displaying the fields. To rearrange the columns in the lower pane of the Design View, drag a column header to a new location, or select the column and press +arrow key.

འདྲི་དཔྱད་བཀོད་སྒྲིག་མཐོང་སྣང་སྒོ་སྒྲིག་གི་མགོ་ལུ་ ངོས་དཔར་ གི་ འདྲི་དཔྱད་བཀོད་སྒྲིག་གི་ངོས་དཔར་ ཕྲ་རིང་དང་ བཀོད་སྒྲིག་ཕྲ་རིང་ཚུ་བཀྲམ་སྟོན་འབད་དེ་ཡོད།

ཁྱོད་ཀྱིས་འདྲི་དཔྱད་འདི་ བརྟག་ཞིབ་འབད་དགོ་པ་ཅིན་ གནད་སྡུད་གཞི་རྟེན་ཡིག་ཆ་ནང་གི་ འདྲི་དཔྱད་མིང་དེ་ལུ་གཡེབ་གཏང་ཐེང་གཉིས་ཨེབ་ད། འདྲི་དཔྱད་གྲུབ་འབྲས་འདི་ གནད་སྡུད་འབྱུང་ཁུངས་མཐོང་སྣང་དང་ ཆ་འདྲ་བའི་ཐིག་ཁྲམ་ནང་བཀྲམ་སྟོན་འབད་ཡོད། དྲན་འཛིན : བཀྲམ་སྟོན་འབད་ཡོད་པའི་ཐིག་ཁྲམ་འདི་ གནས་སྐབས་ཀྱི་དོན་ལུ་རྐྱངམ་ཅིག་ཨིན།

འདྲི་དཔྱད་བཀོད་སྒྲིག་མཐོང་སྣང་ནང་ལྡེ་མིག་ཚུ།

ལྡེ་མིག

ལས་འགན།

ཨེཕ་༤།

སྔོན་ལྟ།

ཨེཕ་༥

འདྲི་དཔྱད་གཡོག་བཀོལ།

ཨེཕ་༧

ཐིག་ཁྲམ་ཡང་ན་འདྲི་དཔྱད་ཁ་སྐོང་རྐྱབས།


བརྡ་འཚོལ།

When you open the query design for the first time, you see a dialog in which you must first select the table or query that will be the basis for your new query.

དེ་ཚུ་འདྲི་དཔྱད་ལུ་ཁ་སྐོང་རྐྱབས་ནིའི་དོན་ལས་ ས་སྒོ་ཚུ་ལུ་གཡེབ་གཏང་ཐེང་གཉིས་ཨེབ་གཏང་། མཐུན་འབྲེལ་ཚུ་ངེས་འཛིན་འབད་ནི་ལུ་ འདྲུད་བཞིནམ་ལས་མར་བཞག

དྲན་འཛིན་ངོས་དཔར།

འདྲི་དཔྱད་འདི་བཀོད་སྒྲིག་འབདཝ་ད་ལུ་ ཁྱོད་ཀྱིས་ སེལ་འཐུ་འབད་ཡོད་པའི་ཐིག་ཁྲམ་ཚུ་ལེགས་བཅོས་འབད་མི་བཏུབ།


ཐིག་ཁྲམ་ཚུ་རྩ་བསྐྲད་གཏང་།

གནད་སྡུད་མཐོང་སྣང་ལས་ ཐིག་ཁྲམ་འདི་རྩ་བསྐྲད་གཏང་ནིའི་དོན་ལས་ ཐིག་ཁྲམ་སྒོ་སྒྲིག་གི་ཡར་གྱི་མཐའ་མཚམས་འདི་ཨེབ་གཏང་ནི་དང་ སྐབས་དོན་དཀར་ཆག་འདི་བཀྲམ་སྟོན་འབད། བཀོད་སྒྲིག་མཐོང་སྣང་ལས་ ཐིག་ཁྲམ་འདི་རྩ་བསྐྲད་གཏང་ནི་དོན་ལུ་ བཏོན་གཏང་བརྡ་བཀོད་འདི་ལག་ལེན་འཐབ། གདམ་ཁ་གཞན་མི་འདི་ བཏོན་གཏང་ཟེར་མི་ལྡེ་མིག་འདེ་གུ་ཨེབ་ད།

ཐིག་ཁྲམ་འདི་སྤོ་བཤུད་འབད་ནི་དང་ ཐིག་ཁྲམ་གྱི་ཚད་འདི་ལེགས་བཅོས་འབད།

ཁྱོད་རའི་དགའ་གདམ་དང་འཁྲིལ་ཏེ་ ཁྱོད་ཀྱིས་ ཚད་བསྐྱར་བཟོ་འབད་ནི་དང་ ཐིག་ཁྲམ་ཚུ་བདེ་ཞིབ་བཟོ་བཏུབ། ཐིག་ཁྲམ་ཚུ་སྤོ་བཤུད་འབད་ནི་ལུ་ ཡར་གྱི་མཐའ་མཚམས་འདི་ རེ་འདུན་ཡོད་པའི་གནས་ས་ལུ་འདྲུད་ད། མཱའུསི་འོད་རྟགས་མཐའ་མཚམས་གུ་གནས་ས་བཀལ་ནི་དང་ ཡང་ན་ ཟུར་ཁ་དང་ ཐིག་ཁྲམ་འདི་ རེ་འདུན་གྱི་ཚད་ལུ་མ་ལྷོད་ཚུན་ འདྲུད་པའི་ཐོག་ལས་ ཚད་འདི་ཆེར་བསྐྱེད་འབད་ནི་ཡང་ན་ མར་ཕབ་འབད།

ཐིག་ཁྲམ་གྱི་མཐུན་འབྲེལ་ཚུ།

ཐིག་ཁྲམ་ཅིག་གི་ནང་ལུ་ས་སྒོའི་མིང་དང་ ས་སྒོའི་མིང་གཞན་མི་གཉིས་ཀྱི་བར་ན་ གནད་སྡུད་མཐུན་འབྲེལ་ཡོད་པ་ཅིན་ ཁྱོད་རང་ འདྲིད་དཔྱད་ཀྱི་དོན་ལས་མཐུན་འབྲེལ་འདི་ལག་ལེན་འཐབ་བཏུབ།

དཔེར་ན་ ཁྱོད་ལུ་དངོས་པོའི་ཨང་གྲངས་ཀྱིས་ ངོས་འཛིན་འབད་ཡོད་པའི་དངོས་ཀྱི་དོན་ལུ་ ཤོག་ཁྲམ་འདི་ཡོད་ནི་དང་ ཚོང་མགྲོན་པ་ཚུ་གིས་དངོས་པོའི་ཨང་གྲངས་ཚུ་ མཉམ་པའི་ཐོག་ལས་མངགས་པ་ལག་ལེན་འཐབ་མི་འདི་ ཁྱོད་ཀྱིས་དྲན་ཐོ་འབད་དོ་ཡོད་པའི་དངོས་པོའི་དོན་ལས་ཤོག་ཁྲམ་ཡོད་པ་ཅིན་ དེ་ལས་ "article number" data fieldsགཉིས་ཀྱི་བར་ན་མཐུན་འབྲེལ་ཡོདཔ་ཨིན། ཚོང་མགྲོན་པ་གིས་མངགས་ཏེ་ཡོད་པའི་ དངོས་པོ་ཆ་མཉམ་སླར་ལོག་འབད་མི་ འདྲི་དཔྱད་ཅིག་ཁྱོད་ཀྱིས་གསར་བསྐྲུན་འབད་ནི་ཨིན་པ་ཅིན་ ཁྱོད་ཀྱིས་ཤོག་ཁྲམ་གཉིས་ལས་ གནད་སྡུད་འདི་སླར་འདྲེན་འབད་དགོ། དེ་བཟུམ་འབད་ནིའི་དོན་ལས་ ཁྱོད་ཀྱིས་ LibreOffice ལུ་ ཤོག་ཁྲམ་གཉིས་ཀྱི་གནད་སྡུད་ཚུ་གི་བར་ན་ མཐུན་འབྲེལ་ག་ཅི་ཡོདཔ་ཨིན་ན་སླབ་དགོ།

དེ་བཟུམ་འབད་ནིའི་དོན་ལས་ (དཔེར་ན་ , ས་སྒོའི་མིང་ "Item-Number" ཚོང་མགྲོན་པའི་ཐིག་ཁྲམ་ལས་)ཐིག་ཁྲམ་ནང་གི་ ས་སྒོའི་མིང་ལུ་ཨེབ་གཏང་ མཱའུསི་ཨེབ་རྟ་དེ་གུ་འཆང་བཞིནམ་ལས་ ས་སྒོའི་མིང་འདི་ ཐིག་ཁྲམ་གཞན་མི་གི་ས་སྒོའི་མིང་ལུ་ ("Item-Number"རྣམ་གྲངས་ཀྱི་ཐིག་ཁྲམ་)འདྲུད་ད། ཁྱོད་ཀྱིས་མཱའུསི་ཨེབ་རྟ་འདི་ འཛིན་གྲོལ་འབད་བའི་བསྒང་ ས་སྒོ་གཉིས་མཐུད་མིའི་གྲལ་ཐིག་འདི་ ཝིན་ཌཱོསི་ནང་འབྱུངམ་ཨིན། ས་སྒོའི་མིང་གཉིས་ དབྱེར་མེད་སྦེ་འོང་དགོ་མི་གི་ ཆ་མཉམ་པའི་གནས་སྟང་འདི་ ཨེསི་ཀིའུ་ཨེལ་འདྲི་དཔྱད་ཀྱི་གྲུབ་འབྲས་ནང་བཙུགས་ཡོད།

ལེབ་གྲངས་སྣ་མང་འབྲེལ་མཐུད་གུ་ གཞི་བཞག་ཡོད་པའི་ འདྲི་དཔྱད་ཀྱི་གསར་བསྐྲུན་འདི་ ཁྱོད་ཀྱིས་ LibreOfficeའདི་ འབྲེལ་མཐུད་གནད་སྡུད་གཞི་རྟེན་གྱི་དོན་ལུ་ ལག་ལེན་འཐབ་པ་ཅིན་རྐྱངམ་ཅིག་ཚུགས།

དྲན་འཛིན་ངོས་དཔར།

འདྲི་དཔྱད་ཀྱི་ནང་ལུ་ ཁྱོད་ཀྱིས་ གནད་སྡུད་གཞི་རྟེན་སོ་སོ་ལས་ ཐིག་ཁྲམ་འདི་འཛུལ་སྤྱོད་འབད་མི་བཏུབ། སྣ་མང་དང་འབྲེལ་བ་ཡོད་མི་ཐིག་ཁྲམ་རྐྱངམ་ཅིག་ གནད་སྡུད་གཞི་རྟེན་གྱི་ནང་འཁོད་གསར་བསྐྲུན་འབད་བཏུབ།


འབྲེལ་མཐུད་དབྱེ་བ་འདི་གསལ་བཀོད་འབད་དོ།

ཁྱོད་ཀྱིས་ ས་སྒོའི་འབྲེལ་མཐུད་གཉིས་ལུ་ གྲལ་ཐིག་མཐུད་ལམ་དེ་གུ་གཡེབ་གཏང་ཐེང་གཉིས་ཨེབ་པ་ཅིན་ ཡང་ན་ དཀར་ཆག་རྡ་བཀོད་དེ་ལུ་འབོ་བ་ཅིན་ བཙུགས་ - འབྲེལ་མཐུད་གསརཔ་ ཁྱོད་ཀྱིས་ འབྲེལ་མཐུད་ཚུ་ ཌའི་ལོག་ནང་གི་འབྲེལ་མཐུད་ཀྱི་དབྱེ་བ་འདི་ གསལ་བཀོད་འབད་བཏུབ།

Alternatively, press Tab until the line is selected, then press Shift+F10 to display the context menu and there choose the command Edit. Some databases support only a subset of the possible join types.

འབྲེལ་མཐུད་ཚུ་བཏོན་གཏང་དོ།

ཐིག་ཁྲམ་གཉིས་ཀྱི་བར་ན་མཐུན་འབྲེལ་འདི་བཏོན་གཏང་ནི་དོན་ལུ་ མཐུད་ལམ་གྲལ་ཐིག་འདི་ཨེབ་གཏང་ནི་དང་ བཏོན་གཏང་གི་ལྡེ་མིག་འདི་ཨེབ་ད།

ཐབས་གཞན་གྱི་ཐོག་ལས་ འབྲེལ་བ་ཡོད་མི་ས་སྒོ་ཚུ་་ ནང་ འབྲེལ་བ་ ཌའི་ལོག་ནང་ འཛུལ་ཞུགས་རེ་རེ་སྦེ་བཏོན་གཏང་། ཡང་ན་ མཐུད་ལམ་གྱི་མཉམ་ཐིག་འདི་ གཙོ་དམིགས་བཀོད་དེ་བཀྲམ་སྟོན་མ་འབད་ཚུན་ཚོད་ ཨེབ་ལྡེ་འདི་ཨེབ་ད་ དེ་ལས་ སྐབས་དོན་དཀར་ཆག་འདི་ ཁ་ཕྱེ་ནིའི་དོན་ལས་ སོར་ལྡེ་+ཨེཕ་ ༡༠ ཨེབ་ནི་དང་ བཏོན་གཏང་ བརྡ་བཀོད་འདི་སེལ་འཐུ་འབད།

འདྲི་དཔྱད་འདི་ངེས་འཛིན་འབད།

འདྲི་དཔྱད་འདི་ངེས་འཛིན་འབད་ནིའི་དོན་ལས་གནས་སྟངས་འདི་སེལ་འཐུ་འབད། འདྲི་དཔྱད་ཀྱི་དོན་ལས་ ཐིག་ཁྲམ་བཀོད་སྒྲིག་གི་ཀེར་ཐིག་རེ་གིས་ གནད་སྡུད་ས་སྒོ་འདི་ དང་ལེན་འབདཝ་ཨིན། གྲལ་ཐིག་གཅིག་ནང་གི་གནས་སྟང་ཚུ་ བུ་ལིན་ཨེ་ཨེན་ཌི་དང་བཅས་འབྲེལ་མཐུད་འབད་ཡོད།

ས་སྒོའི་མིང་འདི་གསལ་བཀོད་འབད།

དང་པ་རང་ ཁྱོད་ཀྱིས་འདྲི་དཔྱད་ལུ་ཁ་སྐོང་རྐྱབས་དགོ་པའི་ ཐིག་ཁྲམ་ཚུ་ལས་ ས་སྒོའི་མིང་ཆ་མཉམ་སེལ་འཐུ་འབད། འ་ནི་འདི་ཁྱོད་ཀྱིས་ འདྲུད་ནི་དང་བཞག་ནི་ ཡང་ན་ ཐིག་ཁྲམ་སྒོ་སྒྲིག་ས་སྒོའི་མིང་ལུ་ གཡེབ་གཏང་ཐེང་གཉིས་ཀྱི་ཐོག་ལས་འབད་བཏུབ། འདྲུད་ནི་དང་བཞག་ནིའི་ཐབས་ལམ་གྱི་ཐོག་ལས་ ས་སྒོའི་མིང་འདི་ཐིག་ཁྲམ་སྒོ་སྒྲིག་ལས་ འོག་གི་འདྲི་དཔྱད་བཀོད་སྒྲིག་ནང་འདྲུད་ནི་དོན་ལུ་ མཱའུསི་འདི་ལག་ལེན་འཐབ། ཁྱོད་ཀྱིས་ནི་བཟུམ་འབད་བའི་བསྒང་ ས་སྒོ་དེ་ལུ་ཀེར་ཐིག་ག་འདི་ཁ་སྐོང་རྐྱབས་ནི་ཨིན་ན་ ཁྱོད་ཀྱིས་གྲོས་ཐག་བཅད། ས་སྒོའི་མིང་འདི་གཡེབ་གཏང་ཐེང་གཉིས་ཨེབ་ཐོག་ལས་སེལ་འཐུ་འབད། དེ་སྦེ་འབད་བ་ཅིན་རྐྱངམ་ཅིག་ གཞན་མི་ཀེར་ཐིག་སྟོངམ་ལུ་ཁ་སྐོང་རྐྱབས་འགྱོ་འོང་།

ས་སྒོའི་མིང་ཚུ་བཏོན་གཏང་དོ།

འདྲི་དཔྱད་ལས་ས་སྒོའི་མིང་རྩ་བསྐྲད་གཏང་ནི་དོན་ལུ་ ས་སྒོ་གི་ཀེར་ཐིག་མགོ་ཡིག་དེ་གུ་ཨེབ་གཏང་ནི་དང་ ཀེར་ཐིག་གི་དོན་ལས་སྐབས་དོན་དཀར་ཆག་གུ་བརྡ་བཀོད་ བཏོན་གཏང་གདམ་ཁ་རྐྱབས།

འདྲི་དཔྱད་འདི་སྲུང་བཞག

འདྲི་དཔྱད་འདི་སྲུང་སྐྱོབས་འབད་ནི་ལུ་ ཚད་ལྡན་ཕྲ་རིང་གུ་ སྲུངས་ངོས་དཔར་འདི་ལག་ལེན་འཐབ། འདྲི་དཔྱད་ཀྱི་དོན་ལས་མིང་བཙུགས་ཟེར་ ཁྱོད་ཀྱིས་ཌའི་ལོག་མཐོངམ་ཨིན། གནད་སྡུད་གཞི་རྟེན་དེ་གིས་ལས་འཆར་འདི་ལུ་རྒྱབ་སྐྱོར་འབད་བ་ཅིན་ ཁྱོད་ཀྱིས་ ལས་འཆར་ཡང་བཙུགས་ད།

ལས་འཆར།

འདྲི་དཔྱད་ཡང་ན་ ཐིག་ཁྲམ་མཐོང་སྣང་ལུ་ འགན་སྤྲོད་ཡོད་པའི་ ལས་འཆར་གྱི་མིང་འདི་བཙུགས

འདྲི་དཔྱད་ཀྱི་མིང་ ཡང་ན་ ཐིག་ཁྲམ་མཐོང་སྣང་གི་མིང་།

འདྲི་དཔྱད་ཀྱི་མིང་ཡང་ན་ ཐིག་ཁྲམ་མཐོང་སྣང་གི་མིང་འདི་བཙུགས།

གནད་སྡུད་འདི་ཚགས་མ་བཙུགས་དོ།

འདྲི་དཔྱད་ཀྱི་དོན་ལས་གནད་སྡུད་ཚགས་མའི་དོན་ལུ་ བཀོད་སྒྲིག་མཐོང་སྣང་གི་འོག་གི་མངའ་ཁོངས་ནང་ རེ་འདུན་ཡོད་པའི་དགའ་གདམ་ཚུ་གཞི་སྒྲིག་འབད། འོག་གི་གྲལ་ཐིག་ཚུ་འཐོབ་ཚུགས :

ས་སྒོ།

ཁྱོད་ཀྱིས་འདྲི་དཔྱད་ནང་ལུ་ གཞི་བསྟུན་འབད་ཡོད་པའི་ གནད་སྡུད་ས་སྒོ་གི་མིང་འདི་བཙུགས། འོག་གི་གྲལ་ཐིག་ཚུ་གི་ནང་ལུ་ བཟོ་ཡོད་མི་སྒྲིག་སྟང་ཚུ་ཆ་མཉམ་རང་ ས་སྒོ་དེ་ལུ་གཞི་བསྟུན་འབད་ཡོདཔ་ཨིན། ཁྱོད་ཀྱིས་ནང་ཐིག་འདི་མཱའུསི་དང་བཅས་ཤུགས་ལྡན་བཟོ་བ་ཅིན་ ཁྱོད་ལུ་ ས་སྒོ་སེལ་འཐུ་ལྕོག་ཅན་བཟོ་བཅུགས་མི་ མདའ་རྟགས་ཀྱི་ཨེབ་རྟ་འདི་མཐོངམ་ཨིན། "Table name.*" དེ་གིས་ གནད་སྡུད་ས་སྒོ་ཚུ་ཆ་མཉམ་རང་སེལ་འཐུ་འབདཝ་ཨིནམ་དང་ ཁྱད་ཚད་འདི་ ཐིག་ཁྲམ་ས་སྒོ་ཆ་མཉམ་གྱི་དོན་ལས་ ནུས་ཅན་ཡོདཔ་ཨིན།

མིང་གཞན།

གིས་མིང་གཞན་གསལ་བཀོད་འབདཝ་ཨིན། འ་ནི་མིང་གཞན་འདི་ ས་སྒོའི་མིང་མེན་པར་ འདྲི་དཔྱད་ཀྱི་ནང་ལུ་ཐོ་ཡིག་བཀོད་བཞག་འོང་། དེ་གིས་ ངེས་འཛིན་འབད་ཡོད་པའི་ ཀེར་ཐིག་ཁ་ཡིག་ཚུ་ ལག་ལེན་འཐབ་ཚུགསཔ་བཟོཝ་ཨིན། དཔེར་ན་ གནད་སྡུད་ས་སྒོ་འདི་ལུ་མིང་ པི་ཊི་ཨེན་ཨོ་དང་ མིང་དེ་མ་ཡིན་པ་གཞན་ དེ་ཡང་ འདྲི་དཔྱད་ཀྱི་ནང་ལུ་ཁྱོད་ཀྱི་མིང་ པརཊི་ནཱམ་འབྱུང་དགོཔ་ཨིན་པ་ཅིན་ མིང་གཞན་སྦེ་པརཊི་ནཱམ་ཟེར་བཙུགས།

ཨེསི་ཀིའུ་ཨེལ་གསལ་བཤད་ནང་ལུ་ མིང་གཞན་ཚུ་ འོག་གི་བཟུམ་སྦེ་ངེས་འཛིན་འབད་དེ་ཡོད:

ཐིག་ཁྲམ་ལས་ མིང་གཞན་ཀེར་ཐིག་ ཨེ་ཨེསི་འདི་སེལ་འཐུ་འབད།

དཔེར་ན:

"PtNo" AS "PartNum" FROM "Parts"སེལ་འཐུ་འབད།

ཐིག་ཁྲམ།

སེལ་འཐུ་འབད་ཡོད་པའི་ གནད་སྡུད་ཀྱི་ཆ་མཉམ་པའི་ གནད་སྡུད་གཞི་རྟེན་འདི་ ནཱ་ལུ་ཐོ་ཡིག་འབད་དེ་ཡོད། ཁྱོད་ཀྱིས་ མཱའུསི་ཨེབ་གཏང་དང་བཅས་ ནང་ཐིག་འདི་ཤུགས་ལྡན་བཟོ་བ་ཅིན་ ད་ལྟོའི་འདྲི་དཔྱད་ཀྱི་ ཐིག་ཁྲམ་གཞན་མི་སེལ་འཐུ་འབད་ཟེར་བའི་ མདའ་རྟགས་འབྱུངམ་ཨིན།

དབྱེ་སེལ།

ཁྱོད་ཀྱིས་ ནང་ཐིག་འདི་ཨེབ་གཏང་པ་ཅིན་ སེལ་འཐུ་འབད་ནི་ཡོད་པའི་གདམ་ཁ་: ཡར་འཛེགས་ མར་འབབ་ དང་ དབྱེ་སེལ་མ་འབད་མི་ཚུ་ལས་ སེལ་འཐུ་འབད་བཏུབ། ཚིག་ཡིག་གི་ས་སྒོ་ཚུ་ ཀ་ཁའི་གོ་རིམ་བཞིན་ (A to Z)དང་ ཨང་གྲངས་ས་སྒོའི་ཨང་གྲངས་ཐོག་ལས་འབད་(0 to 9)དབྱེ་སེལ་འབད་ནི་ཨིན།

མཐོང་ཚུགས་པའི།

ཁྱོད་ཀྱིས་ གནད་སྡུད་ས་སྒོའི་དོན་ལས་ Visibleརྒྱུ་དངོས་ འདི་ རྟགས་བཀལ་ཏེ་ཡོད་པ་ཅིན་ འ་ཕི་ས་སྒོ་འདི་འདྲི་དཔྱད་ནང་ལུ་མཐོང་ཚུགས། ཁྱོད་ཀྱིས་ གནས་སྟང་འདི་སྒྲིག་ནི་ལུ་ གནད་སྡུད་ས་སྒོ་འདི་ལག་ལེན་འཐབ་པ་ཅིན་རྐྱངམ་ཅིག་ ཁྱོད་ཀྱིས་ཉེ་བར་མཁོ་བ་འབད་སྟོན་མི་དགོ།

ཁྱད་ཚད།

གིས་ criteria ཁྱད་ཚད་འདི་གསལ་བཀོད་འབདཝ་ཨིན། དེ་ཡང་ གནད་སྡུད་ས་སྒོ་གི་ནང་དོན་འདི་ཚགས་མ་ བཙུགས་དགོཔ་འབད།

ཡང་ན།

ནཱ་ལུ་ཁྱོད་ཀྱིས་ གྲལ་ཐིག་རེ་གི་ཚགས་མ་བཙུགས་ནིའི་དོན་ལས་ ཁྱད་ཚད་ཁ་སྐོང་ཅིག་བཙུགས། ཀེར་ཐིག་གཅིག་གི་ཁྱད་ཚད་སྣ་མང་འདི་ ཨོ་ཨར་འབྲེལ་མཐུད་ཀྱིས་མཐུད་འོང་།

ལས་འགན་གྱི་དོན་ལས་ གྲལ་ཐིག་གཞན་མི་ཅིག་བཙུགས་ནིའི་ལུ་ འདྲི་དཔྱད་བཀོད་སྒྲིག་གི་ འོག་གི་མངའ་ཁོངས་ནང་གི་ གྲལ་ཐིག་མགོ་ཡིག་ཚུ་གི་ སྐབས་དོན་དཀར་ཆག་འདི་ལག་ལེན་འཐབ:

ལས་འགན་ཚུ།

གཡོག་བཀལ་བཏུབ་པའི་ལས་འགན་འདི་ གནད་སྡུད་གཞི་རྟེན་ལུ་རག་ལས།

ཨ་ཌ་བཱསི་གནད་སྡུད་གཞི་རྟེན་དང་བཅས་ ཁྱོད་ལཱ་འབད་དོ་ཡོད་པ་ཅིན་ Functionནང་གི་ཐོ་ཡིག་སྒྲོམ་གྲལ་ཐིག་གིས་ ཁྱོད་ལུ་འོག་གི་གདམ་ཁ་ཚུ་བྱིནམ་ཨིན:

གདམ་ཁ།

ཨེསི་ཀིའུ་ཨེལ།

ནུས་པ།

ལས་འགན་མེད།

ལས་འགན་ཚུ་ལག་ལེན་མི་འཐབ།

ཆ་སྙོམས།

ཨེ་ཝི་ཇི།

ས་སྒོ་གི་ཨང་རྩིས་འདི་རྩིས་སྟོན་དོ།

གྱངས་ག་རྐྱབས།

གྱངས་ཁ་རྐྱབས།

ཐིག་ཁྲམ་ནང་གི་ཐོ་བཀོད་ཚུ་གི་ཨངས་གྲངས་འདི་ གཏན་འབེབས་བཟོཝ་ཨིན། ས་སྒོ་སྟོངམ་ཚུ ་གྱངས་ཁ་རྐྱབས་བཏུབ་(a) ཡང་ན་ མི་བཏུབ་(b)།

a) COUNT(*):སྒྲུབ་རྟགས་སྦེ་ སྐར་རྟགས་ལག་བརྒྱུད་འཐབ་མི་འདི་ ཐིག་ཁྲམ་ནང་གི་ཐོ་ཡིག་་ཚུ་ཆ་མཉམ་རང་གྱངས་ཁ་རྐྱབས་ཨིན།

b) COUNT(column): སྒྲུབ་རྟགས་སྦེ་ས་སྒོའི་མིང་ལག་བརྒྱུད་འཐབ་པ་ཅིན་་ གནས་གོང་གནས་དེ་ཡོད་པའི་འདྲི་བ་ནང་གི་ ས་སྒོའི་ས་སྒོ་རྐྱངམ་ཅིག་གྱངས་ཁ་རྐྱབས་ཨིན། གནས་གོང་སྟོང་ཆ་དེ་ཚུ་གྱངས་ཁ་མི་རྐྱབས་ (ས་སྒོ་སྟོངམ་ཚུ།)

མང་མཐའ།

མཐོ་ཤོས།

ས་སྒོ་གི་གནས་གོང་མཐོ་ཤོས་འདི་ གཏན་འབེབས་བཟོཝ་ཨིན།

ཉུང་མཐའ།

སྐར་ཆ།

ས་སྒོ་གི་གནས་གོང་དམའ་ཤོས་འདི་གཏན་འབེབས་བཟོཝ་ཨིན།

བསྡོམས།

བསྡོམས།

ས་སྒོ་འབྲེལ་བའི་བསྡོམས་འདི་རྩིས་སྟོནམ་ཨིན།

སྡེ་ཚན།

སྡེ་ཚན་གྱི།

སེལ་འཐུ་འབད་ཡོད་པའི་ས་སྒོའི་མིང་དང་འཁྲིལཝ་ད་ སྡེ་ཚན་འདྲི་དཔྱད་གནད་སྡུད། ལས་འགན་ཚུ་ གསལ་བཀོད་འབད་ཡོད་པའི་སྡེ་ཚན་དང་འཁྲིལ་ཏེ་ ལག་ལེན་འཐབ་ཨིན། ཨེསི་ཀིའུ་ཨེལ་ནང་ལུ་འབད་བ་ཅིན་ གདམ་ཁ་འདི་ སྡེ་ཚན་གྱི་དབྱེ་དོན་ལུ་ ཆ་མཉམ་དོ་ཡོདཔ་ཨིན། ཁྱད་ཚད་འདི་ཁ་སྐོངས་རྐྱབས་པ་ཅིན་ འ་ནི་ཐོ་བཀོད་འདི་ ཨེསི་ཀིའུ་ཨེལ་ཡོད་མི་ནང་འབྱུངམ་ཨིན།


ཁྱོད་ཀྱིས་ ཨེསི་ཀིའུ་ཨེལ་གསལ་བཤད་ནང་ལུ་ ལས་འགན་གྱི་འབོད་བརྡ་ཚུ་ཐད་ཀར་དུ་བཙུགས་བཏུབ། ཚིག་སྦྱོར་འདི:

ཐིག་ཁྲམ་ལས་ ལས་འགན་འདི་སེལ་འཐུ་འབད།(ཀེར་ཐིག་)

དཔེར་ན་ བསྡོམས་རྩིས་སྟོན་ནིའི་དོན་ལས་ ཨེསི་ཀིའུ་ཨེལ་ནང་གི་ ལས་འགན་འབོད་བརྡ་འདི:

"Article" ལས་བསྡོམས་ ("Price") སེལ་འཐུ་འབད།

སྡེ་ཚནལས་འགན་རྐྱངམ་ཅིག་ གཞན་མི་མགོ་ལུ་ཡོད་པའི་ལས་འགན་ཚུ་ལུ་ སྤྱི་སྙོམས་ལས་འགན་ཟེར་སླབ་ཨིན། གྲུབ་འབྲས་ཚུ་ལས་ བཅུད་དོན་གསར་བསྐྲུན་འབད་ནི་ལུ་ གནད་སྡུད་རྩིས་སྟོན་འབད་མི་ལས་འགན་དེ་ཚུ་ཨིན། ཐོ་ཡིག་སྒྲོམ་གྱི་ནང་ལུ་ཐོ་ཡིག་་མ་འབད་བར་ཡོད་མི་ ཁ་སྐོང་ལས་འགན་ཚུ་ཡང་སྲིད་པ་ཨིན། དེ་ཚུ་ ལག་ལེན་འཐབ་བཏུབ་པའི་ གསལ་བཀོད་གནད་སྡུད་གཞི་རྟེན་གུ་རག་ལས། འདྲེན་བྱེད་གསལ་བཀོད་ལས་འགན་ཚུ་གི་སྐོར་ལས་ བརྡ་དོན་དགོ་པ་ཅིན་ ཁྱོད་རའི་གནད་སྡུད་གཞི་རྟེན་རིམ་ལུགས་ཀྱི་ཡིག་ཆ་ལུ་གཞི་བསྟུན་འབད།

To use other functions not listed in the list box, you must enter them under Field.

འབོད་བརྡ་དེ་ཚུ་ལས་འགན་གྱི་དོན་ལུ་ ཁྱོད་ཀྱིས་མིང་གཞན་ཚུ་འགན་སྤྲོད་འབད། འདྲི་དཔྱད་འདི་ ཀེར་ཐིག་མགོ་མིང་ནང་ལུ་བཀྲམ་སྟོན་འབད་ནི་མེན་པ་ཅིན་ མིང་གཞན་འོག་ལུ་རེ་འདུན་གྱི་མིང་བཙུགས།

ཨེསི་ཀིའུ་ཨེལ་གསལ་བཤད་ནང་ ཆ་མཉམ་པའི་ལས་འགན་འདི:

ཐིག་ཁྲམ་ལས་ མིང་གཞན་འདི་ལས་འགན་()སྦེ་སེལ་འཐུ་འབད།

དཔེར་ན:

"Item"གྱངས་ཁ་ལས་ གྱངས་ཁ་(*)སྦེ་སེལ་འཐུ་འབད།

དྲན་འཛིན་ངོས་དཔར།

ལས་འགན་འདི་ཁྱོད་ཀྱིས་གཡོག་བཀལ་བ་ཅིན་ ཀེར་ཐིག་དེ་ཚུ་"Group"སྦེ་ཐོབ་ནི་མ་ཏོག་ འདྲི་དཔྱད་ཀྱི་དོན་ལས་ཀེར་ཐིག་ཁ་སྐོངས་བཙུགས་མི་ཚུགས།


དཔེ་དེ་ཚུ་

འོག་གི་དཔེ་ནང་འབད་བ་ཅིན་ འདྲི་དཔྱད་འདི་ ཐིག་ཁྲམ་གཉིས་ལས་བརྒྱུད་དེ་གཡོག་བཀལཝ་ཨིན: "Item"ཐིག་ཁྲམ་འདི་ "Item_No"ས་སྒོ་ གི་ཐོག་ལས་དང་ "Suppliers"ཐིག་ཁྲམ་འདི་"Supplier_Name"ས་སྒོ་གི་ཐོག་ལས། བསྡོམས་སྦེ་སླབ་པ་ཅིན་ ཐིག་ཁྲམ་གཉིས་ཆ་རང་ལུ་ མཐུན་མོང་གི་མིང་"Supplier_No." ཡོདཔ་ཨིན།

འོག་གི་རིམ་པ་ཚུ་ རྣམ་གྲངས་གསུམ་ལས་ལྷག་སྟེ་ འགྲེམ་སྤེལ་འབད་མིའི་ བཀྲམ་སྤེལ་ཆ་མཉམ་ཡོད་མི་འདྲི་དཔྱད་ཅིག་ གསར་བསྐྲུན་འབད་ནི་ལུ་དགོས་མཁོ་ཡོདཔ་ཨིན།

  1. འདྲི་དཔྱད་བཀོད་སྒྲིག་ནང་ལུ་ "Item" དང་ "Suppliers" ཐིག་ཁྲམ་ཚུ་བཙུགས།

  2. དེ་བཟུམ་གྱི་འབྲེལ་མཐུད་ཀྱི་དབྱེ་བ་འདི་མེད་པ་ཅིན་ ཐིག་ཁྲམ་གཉིས་ཀྱི་ "Supplier_No"ས་སྒོ་ཚུ་འབྲེལ་མཐུད་འབད།

  3. "Item_No" field from the "Item"ཐིག་ཁྲམ་འདི་གཡེབ་གཏང་ཐེང་གཉིས་ཨེབ། སྐབས་དོན་དཀར་ཆག་ལག་ལེན་འཐམ་སྟེ་ ལས་འགན་གྲལ་ཐིག་འདི་བཀྲམ་སྟོན་འབད་ནི་དང་ གྱངས་ཁའི་ལས་འགན་འདི་སེལ་འཐུ་འབད།

  4. >༣ འདི་ཁྱད་ཚད་སྦེ་བཙུགས་ནི་དང་ མཐོང་ཚུགས་པའི་ས་སྒོ་འདི་ལྕོགས་མིན་བཟོ།

  5. "Suppliers" ཐིག་ཁྲམ་ནང་ "Supplier_Name" ས་སྒོ་འདི་གཡེབ་གཏང་ཐེང་གཉིས་་སྦེ་ཨེབ་ནི་དང་ ལས་འགན་སྡེ་ཚན་འདི་གདམ་ཁ་རྐྱབས།་

  6. འདྲི་དཔྱད་འདི་གཡོག་བཀལ།

"price" (དངོས་པོའི་ངོ་རྐྱང་གི་གོང་ཚད་དོན་ལས་)དང་ "Supplier_No"(དངོས་པོ་བཀྲམ་སྤེལ་གྱི་དོན་ལུ་) ས་སྒོ་ཚུ་"Item" ཐིག་ཁྲམ་ནང་གནས་དེ་ཡོད་པ་ཅིན་ བཀྲམ་སྤེལ་འབད་མི་གིས་ འོག་གི་འདྲི་དཔྱད་དང་བཅས་བྱིན་མི་ ཆ་སྙོམ་གོང་ཚད་ཀྱི་རྣམ་གྲངས་འདི་ ཁྱོད་ཀྱིས་ལེན།

  1. འདྲི་དཔྱད་བཀོད་སྒྲིག་ནང་ལུ་"Item" ཐིག་ཁྲམ་འདི་བཙུགས།

  2. "Price" དང་ "Supplier_No" ས་སྒོ་ཚུ་ལུ་གཡེབ་གཏང་ཐེང་གཉིས་ཨེབ་ད།

  3. ལས་འགན་གྲལ་ཐིག་ལྕོགས་ཅན་བཟོ་བཞིནམ་ལས་ "Price"ས་སྒོ་ལས་ ཆ་སྙོམ་ལས་འགན་འདི་སེལ་འཐུ་འབད།

  4. མིང་གཞན་མིང་གི་དོན་ལས་ (འདྲེན་ཚིག་གི་རྟགས་མེད་པར་) ཁྱོད་ཀྱིས་གྲལ་ཐིག་ནང་ "Average"འདི་བཙུགས་བཏུབ།

  5. "Supplier_No" ས་སྒོ་གི་དོན་ལས་ སྡེ་ཚན་གདམ་ཁ་རྐྱབས།

  6. འདྲི་དཔྱད་འདི་གཡོག་བཀལ།

འོག་གི་སྐབས་དོན་དཀར་ཆག་བརྡ་བཀོད་དང་ བརྡ་ཚོན་ཚུ་ཐོབ་ཚུགས :

ལས་འགན་ཚུ།

ལས་འགན་གྱི་སེལ་འཐུ་ཚུ་གི་དོན་ལས་ གྲལ་ཐིག་འདི་སྟོན་ནིདང་སྦཝ་ཨིན

ཐིག་ཁྲམ་གྱི་མིང་།

ཐིག་ཁྲམ་མིང་གི་དོན་ལས་ གྲལ་ཐིག་ཚུ་སྟོན་ནི་ཡང་ན་སྦཝ་ཨིན།

མིང་གཞན་གྱི་མིང་།

མིང་གཞན་མིང་གི་དོན་ལས་ གྲལ་ཐིག་ཚུ་སྟོན་ནི་ ཡང་ན་ སྦཝ་ཨིན།

གནས་གོང་ཁྱད་རྟགས་ཅན།

འདྲི་དཔྱད་ལུ་ གནས་གོང་ཁྱད་རྟགས་ཅན་རྐྱངམ་ཅིག་ འཇུག་སྤྱོད་འབདཝ་ཨིན། སེལ་འཐུ་འབད་ཡོད་པའི་ས་སྒོ་ཚུ་གི་ནང་ལུ་ ཚར་ལས་ཤ་འབྱུང་མི་ གནད་སྡུད་དྲན་ཐོ་ཚུ་ཡོད་མི་ལུ་ འཇུག་སྤྱོད་འབདཝ་ཨིན། གནས་གོང་ཁྱད་རྟགས་ཅན་བརྡ་བཀོད་འདི་ཤུགས་ལྡན་ཡོད་པ་ཅིན་ ཁྱོད་ཀྱིས་འདྲི་དཔྱད་ནང་ལུ་ (ཁྱད་རྟགས་ཅན་)དྲན་ཐོ་གཅིག་རྐྱངམ་ཅིག་མཐོངམ་ཨིན། དེ་མེན་པ་ཅིན་ འདྲི་དཔྱད་ཁྱད་ཚད་ལུ་ཆ་མཉམ་པའི་(ཆ་མཉམ་)དྲན་ཐོ་ཚུ་ཆ་མཉམ་སྦེ་མཐོངམ་ཨིན།

དཔེར་ན་ ཁྱོད་རའི་གནད་སྡུད་གཞི་རྟེན་གྱི་ཁ་བྱང་ནང་ "Smith" མིང་ཚར་ལས་ཤ་སྦེ་འབྱུང་པ་ཅིན་ ཁྱོད་ཀྱིས་ འདྲི་དཔྱད་ནང་ལུ་"Smith"མིང་ཚར་གཅིག་རྐྱངམ་ཅིག་འབྱུངམ་ཨིན་ཟེར་ གསལ་བཀོད་འབད་ནིའི་དོན་ལས་ གནད་སྡུད་ཁྱད་རྟགས་བརྡ་བཀོད་འདི་གདམ་ཁ་རྐྱབས།

ས་སྒོ་སྣ་མང་འབྲེལ་བ་ཡོད་མི་འདྲི་དཔྱད་ཀྱི་དོན་ལས་ ས་སྒོ་ཆ་མཉམ་ལས་ གནས་གོང་གི་འབྲེལ་མཐུད་ཡོད་མི་ཚུ་ མཐུན་མོང་མ་ཡིན་པ་ཅིག་དགོ་ དེ་སྦེ་ཨིན་པ་ཅིན་རྐྱངམ་ཅིག་ གྲུབ་འབྲས་འདི་ དམིགས་བསལ་གྱིས་དྲན་ཐོ་ལས་གཞི་བསྒྲུབ་ཨིན། དཔེར་ན་ ཁྱོད་ཀྱི་ཁ་བྱང་ཀི་དེབ་ནང་ "Smith in Chicago" ཚར་ཅིག་དང་ "Smith in London" ཚར་གཉིས་ཡོདཔ་མས། གནད་གོང་ཁྱད་རྟགས་ཅན་བརྡ་བཀོད་དང་བཅས་ འདྲི་དཔྱད་དེ་གིས་ ས་སྒོ་གཉིས་ལག་ལེན་འཐབ་ནི་ "last name"དང་ "city"དང་ འདྲི་དཔྱད་གྲུབ་འབྲས་འདི ་"Smith in Chicago"ཚར་ཅིག་དང་ "Smith in London" ཚར་ཅིག་སླར་ལོག་འབད།

ཨེསི་ཀིའུ་ཨེལ་ནང་ བརྡ་བཀོད་དེ་གིས་ ཁྱད་རྟགས་ལུ་ཆ་མཉམ་འབདཝ་ཨིན།

ཚད།

Allows you to maximize the number of records with which query returns.

If there is added a Limit, you will get at most as many rows as the number you specify. Otherwise, you will see all records corresponding to the query criteria.

ཚགས་མའི་གནས་སྟང་ཚུ་་སྒྲིག་དོ།

ཚགས་མའི་གནས་སྟང་ཚུ་སྒྲིག་པའི་བསྒང་ བཀོལ་སྤྱོད་པ་སྣ་མང་དང་ བརྡ་བཀོད་ཚུ་ ཁྱོད་ལུ་ཐོབ་ཚུགསཔ་ཡོད། མཐུན་འབྲེལ་གྱི་བཀོལ་སྤྱོདཔ་ཚུ་ལས་ ཨེསི་ཀིའུ་ཨེལ་ གནད་སྡུད་གཞི་རྟེན་ས་སྒོ་ཚུ་གི་འདྲི་དཔྱད་ དམིགས་བསལ་གྱི་བརྡ་བཀོད་ཚུ་ཡོད། འ་ནི་བརྡ་བཀོད་ཚུ་ཁྱོད་ཀྱིས་ LibreOffice ཚིག་སྦྱོར་ནང་ལག་ལེན་འཐབ་པ་ཅིན་ LibreOfficeའདི་རང་བཞིན་གྱིས་ དེ་ཚུ་ ཆ་མཉམ་པའི་ཨེསི་ཀིའུ་ཨེལ་ནང་ལུ་གཞི་བསྒྱུར་འབདཝ་ཨིན། ཁྱོད་ཀྱིས་ཨེསི་ཀིའུ་ཨེལ་ བརྡ་བཀོད་འདི་ཐད་ཀར་དུ་བཙུགས་བཏུབ། འོག་གི་ཐིག་ཁྲམ་ཚུ་གིས་ བཀོལ་སྤྱོད་པ་ དང་བརྡ་བཀོད་ཚུ་གི་སྤྱི་མཐོང་ཚུ་བྱིནམ་ཨིན།

བཀོལ་སྤྱོད་པ།

དོན་དག

གནས་སྟང་འདི་ངལ་རང་ཡི་ ག་དེམ་ཅིག་སྦེ....

=

མཉམ་པ་འབད།

... ས་སྒོ་གི་ནང་དོན་འདི་ ངོས་འཛིན་འབད་ཡོད་པའི་ གསལ་བརྗོད་ལུ་དབྱེར་མེད།

ས་སྒོའི་འདྲི་དཔྱད་ནང་ལུ་ =བཀོལ་སྤྱོད་འདི་བཀྲམ་སྟོན་མི་འབད། ཁྱོད་ཀྱིས་གནས་གོང་འདི་བཀོལ་སྤྱོད་མེད་པར་ བཙུགས་པ་ཅིན་ བཀོལ་སྤྱོད་པ་= འདི་ རང་བཞིན་གྱིས་རང་ལུགས་བསྟེནམ་ཨིན།

<>

མཉམ་པ་མིན་འདུག

... དམིགས་བསལ་གྱི་གསལ་བརྗོད་ལུ་ ས་སྒོའི་ནང་དོན་གྱིས་ཆ་མཉམ་མི་འབད།

>

སྦོམ་མི།

... དམིགས་བསལ་གསལ་བརྗོད་ལས་ ས་སྒོའི་ནང་དོན་འདི་སྦོམ་ཡོད།

<

ཉུང་མི།

... དམིགས་བསལ་གྱི་གསལ་བརྗོད་ལས་ ས་སྒོའི་ནང་དོན་འདི་ ཉུང་།

>=

འདི་ལས་སྦོམ་མི་ཡང་ན་ མཉམ་པ་སྦེ།

... དམགས་བསལ་གྱི་གསལ་བརྗོད་ལས་ ས་སྒོའི་ནང་དོན་འདི་ སྦོམ།

<=

འདི་ལས་ཉུང་མི་ཡང་ན་ མཉམ་པ།

... དམིགས་བསལ་གྱི་གསལ་བརྗོད་ལས་ ས་སྒོའི་ནང་དོན་འདི་ ཉུང་།


LibreOfficeབརྡ་བཀོད།

ཨེསི་ཀིའུ་ཨེལ་བརྡ་བཀོད།

དོན་དག

གནས་སྟང་འདི་ངལ་རང་ཡི་ ག་དེམ་ཅིག་སྦེ....

འདི་སྟོངམ་ཨིན་མས།

སྟོངམ་ཨིན།

འདི་སྟོངམ་ཨིན།

... The value of the field is empty. For Yes/No fields with three states, this command automatically queries the undetermined state (neither Yes nor No).

འདི་སྟོངམ་མེན་བས།

འདི་སྟོང་ཆ་མེན་པས།

འདི་སྟོངམ་མེན།

...ས་སྒོ་གི་མིང་འདི་སྟོངམ་མེན།

འདྲ་བ།

ཡིག་འབྲུ་གི་ཨང་གྲངས་གང་རུང་གི་དོན་ལས་ (placeholder *

ཡིག་འབྲུ་ཏག་ཏག་གཅིག་གི་དོན་ལས་ ས་གནས་འཛིན་མི ?

འདྲ་བ།

(ཡིག་འབྲུ་གི་ཨང་གྲངས་གང་རུང་གི་དོན་ལས་ % ས་གནས་འཛིན་མི་ཚུ།

ཡིག་འབྲུ་ཏག་ཏག་གཅིག་གི་དོན་ལས་ _ས་གནས་སའཛིན་མི)

འདི་ཆ་ཤས་གི།

... གནད་སྡུད་ས་སྒོ་དེ་གིས་གསལ་བརྗོད་བརྡ་སྟོན་འདི་ཡོདཔ་ཨིན། (*)ས་གནས་འཛིན་པ་དེ་གིས་ གསལ་བརྗོད་ ཨེགསི་འདི་ (x*)གི་མགོ་ལུ་དང་ (*x)གི་མཇུག་ལུ་ ཡང་ན་ ས་སྒོའི་ནང་དོན་ (*x*)ལུ་འབྱུངམ་ཨིན་ན་མེན་བརྡ་སྟོནམ་ཨིན། ཨེསི་ཀིའུ་ཨེལ་འདྲི་དཔྱད་ནང་ ས་གནས་འཛིན་པ་སྦེ་ LibreOffice ངོས་འདྲ་བའི་ནང་ ཨེསི་ཀིའུ་ཨེལ་%ཡིག་འབྲུ་ ཡང་ན་ འབྲེལ་བ་ཡོད་མི་(*)ཡིག་སྣོད་རིམ་ལུགས་ཀྱི་ས་གནས་འདི་བཙུགས།

* or %ས་གནས་འཛིན་པ་དེ་གིས་ ཡིག་འབྲུ་ཚུ་གི་ཨང་གྲངས་གང་རུང་གི་དོན་ལས་གོཝ་ཨིན། LibreOffice ངོས་འདྲ་བ་ནང་གི་འདྲི་བའི་རྟགས་(?) ཡང་ན་ ཨེསི་ཀིའུ་ཨེལ་འདྲི་དཔྱད་ནང་གི་ གཤམ་ཐིག་ (_) འདི་ ཡིག་འབྲུ་ཏག་ཏག་གཅིག་ངོ་ཚབ་ལུ་ལག་ལེན་འཐབ་ཨིན།

འདྲ་བ་་མེན་པས།

འདྲ་བ་་མེན་པས།

འདི་ཆ་ཤས་ཀྱི་མེན་པས།

... ས་སྒོའི་མིང་དེ་གིས་ གསལ་བཀོད་འབད་མི་གསལ་བརྗོད་འདི་མི་ཤོང་།

ཨེགསི་དང་ཝའི་གི་བར་ན།

ཨེགསི་དང་ཝའི་གི་བར་ན།

[x,y] བར་མཚམས་ཀྱི་ནང་འཁོད་འོངམ་ཨིན།

... ས་སྒོའི་མིང་ལུ་ གནས་གོང་ ཨེགསི་དང་ཝའི་གཉིས་ཀྱི་བར་ན་ཡོད་མི་ གནས་གོང་འདི་ཡོདཔ་ཨིན།

ཨེགསི་དང་ཝའི་གི་བར་ན་མེན།

ཨེགསི་དང་ཝའི་གི་བར་ན་མེན།

[x,y] བར་མཚམས་ཀྱི་ནང་འཁོད་མི་འོང་།

... གནས་གོང་ཨེགསི་དང་ཝའི་གཉིས་ཀྱི་བར་ན་ གནས་དེ་མེད་མི་ གནས་གོང་འདི་ས་སྒོའི་མིང་ནང་ཡོདཔ་ཨིན།

(ཨེ་; བི་; སི་...)ནང་།

སེ་མི་ཀོ་ལཱོན་ཚུ་ གནས་གོང་ཐོ་འགོད་ཚུ་གི་ནང་ལུ་ དབྱེ་བྱེད་སྦེ་ལག་ལེན་འཐབ་ཨིན་!ཟེར་དྲན་འཛིན་འབད།

(ཨེ་, བི་, སི་...)ནང་།

ཨེ་, བི་, སི་...ཡོདཔ་ཨིན།

... ས་སྒོའི་མིང་དེ་གིས་ གསལ་བཀོད་འབད་ཡོད་པའི་གསལ་བརྗོད་ ཨེ་, བི་, སི་,...གང་རུང་གཅིག་ཡོདཔ་ཨིན། གསལ་བརྗོད་ཀྱི་ཨང་གྲངས་གང་རུང་གཅིག་གསལ་བཀོད་འབད་བཏུབ་ནི་དང་ འདྲི་དཔྱད་ཀྱི་གྲུབ་འབྲས་འདི་ ཨོར་འབྲེལ་ལམ་གྱིས་གཏན་འབེབས་བཟོཝ་ཨིན། གསལ་བརྫོད་ཨེ་, བི་, སི་...འདི་ ཨང་གྲངས་དང་ཡིག་འབྲུ་གང་རུང་ཅིག་བཏུབ།

(ཨེ་; བི་; སི་...)ནང་མེད།

(ཨེ་, བི་, སི་...)ནང་མེད།

ཨེ་, བི་, སི་...འདི་མེདཔ་ཨིན།

... ཨེ་, བི་, སི་,...གསལ་བཀོད་འབད་ཡོད་པའི་གསལ་བརྗོད་གང་རུང་ཅིག་ ས་སྒོའི་མིང་ནང་མེདཔ་ཨིན།

=བདེན་པ།

=བདེན་པ།

བདེན་པའི་གནས་གོང་ཡོདཔ་ཨིན།

... ས་སྒོའི་མིང་དེ་ལུ་བདེན་ཕའི་གནས་གོང་ཡོདཔ་ཨིན།

=རྫུན་མ།

=རྫུན་མ།

རྫུན་མའི་གནས་གོང་ཡོད།

... ས་སྒོའི་མིང་དེ་ལུ་ རྫུན་མའི་གནས་གོང་ཡོད།


དཔེར་བརྗོད་དེ་ཚུ།

='Ms.'

ས་སྒོའི་ནང་དོན་ "Ms." དང་བཅས་ ས་སྒོའི་མིང་དེ་ཚུ་སླར་ལོག་འབདཝ་ཨིན།

<'2001-01-10'

returns dates that occurred before January 10, 2001

'g?ve' བཟུམ།

ས་སྒོའི་ནང་དོན་ "give" and "gave".བཟུམ་དང་བཅས་ ས་སྒོའི་མིང་ཚུ་སླར་ལོག་འབདཝ་ཨིན།

'S*' བཟུམ།

"Sun" བཟུམ་གྱི་ས་སྒོའི་ནང་དོན་དང་བཅས་ ས་སྒོའི་གནད་སྡུད་ཚུ་ སླར་ལོག་འབདཝ་ཨིན།

༡༠ དང་ ༢༠ བར།

གནས་གོང་ ༡༠ དང་ ༢༠ བར་ས་སྒོའི་ནང་དོན་དང་བཅས་ ས་སྒོའི་མིང་འདི་སླར་ལོག་འབདཝ་ཨིན། (ས་སྒོ་འདི་ ཚིག་ཡིག་གི་ས་སྒོ་འབད་རུང་ ཡང་ན་ ཨང་གྲངས་ཀྱི་ས་སྒོ་གང་རུང་བཏུབ།)

(༡; ༣; ༥; ༧)ནང་།

གནས་གོང་ ༡, ༣, ༥, ༧དང་བཅས་ས་སྒོའི་མིང་སླར་ལོག་འབདཝ་ཨིན། ས་སྒོའི་མིང་དེ་གིས་རྣམ་གྲངས་ཀྱི་ཨང་གྲངས་ཡོད་པ་ཅིན་ དཔེར་ན་ ཁྱོད་ཀྱིས་ གསལ་བཀོད་འབད་ཡོད་པའི་ཨང་གྲངས་ཡོད་མི་ རྣམ་གྲངས་ སླར་ལོག་འབད་མི་འདྲི་དཔྱད་ཅིག་ གསར་བསྐྲུན་འབད་བཏུབ།

('Smith') ནང་མེན།

"Smith" མེད་མི་ས་སྒོའི་མིང་ཚུ་ སླར་ལོག་འབདཝ་ཨིན།


འདྲ་བ་ འབྱུང་རིམ་ཐར:{escape 'escape-character'}

དཔེར་ན: རྣམ་གྲངས་མིང་ 'The *%' {escape '*'}བཟུམ་ཡོད་མི་ རྣམ་གྲངས་ལས་ * སེལ་འཐུ་འབད།

དཔེ་དེ་ཚུ་གིས་ཁྱོད་ལུ་ རྣམ་གྲངས་མིང་'The *' འགོ་བཙུགས་མིའི་འཛུལ་ཞུགས་ཚུ་ཆ་མཉམ་བྱིནམ་ཨིན། དེའི་དོན་དག་འདི་ *, ?, _, % བཟུམ་ ཡང་ན་ དུས་ཡུན་བཟུམ་གྱི་ ས་གནས་འཛིན་པ་སྦེ་ ཁ་བསྒྱུར་འབད་འོང་སྲིད་པའི་ཡིག་འབྲུ་ཚུ་གི་དོན་ལུ་ ཁྱོད་ཀྱིས་འཚོལ་བཏུབ།

ཕྱི་མཐུད་ འབྱུང་རིམ་ཐར་: {oj outer-join}

དཔེར་ན: *{oj item LEFT OUTER JOIN orders ON item.no=orders.ANR} ལས་དངོས་པོ་སེལ་འཐུ་འབད།

ཚིག་ཡིག་ས་སྒོ་ཚུ་འདྲི་དཔྱད་འབད་དོ།

ཚིག་ཡིག་ས་སྒོ་གི་ནང་དོན་འདྲི་དཔྱད་འབད་ནིའི་དོན་ལས་ ཁྱོད་ཀྱིས་ གསལ་བརྗོད་འདི འདྲེན་ཚིག་རྐྱང་པའི་བར་ན་བཙུགས་དགོ། ཚུགས་ཡིག་དང་ཡིག་ཆུང་གི་བར་ན་ ཁྱད་རྟགས་འདི་ གནད་སྡུད་གཞི་རྟེན་ལག་ལེན་འཐབ་མི་ལུ་རག་ལས། ངེས་ཚིག་བཟུམ་འདི་ ཡི་གུ་-ཚོར་ཅན་ཨིན་(གནད་སྡུད་གཞི་རྟེན་ལ་ལོ་ཅིག་དམ་དྲགས་མ་མཐོང་རུང་).

ཚེས་གྲངས་ས་སྒོ་ཚུ་འདྲི་དཔྱད་འབད་དོ།

Date fields are represented as #Date# to clearly identify them as dates. Date, time and date/time constants (literals) used in conditions can be of either the SQL Escape Syntax type, or default SQL2 syntax.

Date Type Element

SQL Escape syntax #1 - may be obsolete

SQL Escape syntax #2

SQL2 syntax

ཚེས་གྲངས།

{D'YYYY-MM-DD'}

{d 'YYYY-MM-DD'}

{D'YYYY-MM-DD'}

ཆུ་ཚོད།

{D'HH:MM:SS'}

{t 'HH:MI:SS[.SS]'}

'HH:MI:SS[.SS]'

ཚེས་གྲངས་དུས་ཡུན།

{D'YYYY-MM-DD HH:MM:SS'}

{ts 'YYYY-MM-DD HH:MI:SS[.SS]'}

'YYYY-MM-DD HH:MI:SS[.SS]'


དཔེར་ན: འཛམ་གླིང་ལོ་ལས་ {d '1999-12-31'}སེལ་འཐུ་འབད།

Example: select * from mytable where years='1999-12-31'

All date expressions (literals) must be enclosed with single quotation marks. (Consult the reference for the particular database and connector you are using for more details.)

ཨིན་/མེན་ས་སྒོ་ཚུ་འདྲི་དཔྱད་འབད་དོ།

ཨིན་/མེན་ས་སྒོ་ཚུ་འདྲི་དཔྱད་འབད་ནི་ལུ་ འོག་གི་ ཌི་གཞི་རྟེན་ཐིག་ཁྲམ་ཚུ་གི་དོན་ལུ་ཡོད་པའི་ ཚིག་སྦྱོར་ལག་ལེན་འཐབ:

གནས་ཚད།

འདྲི་དཔྱད་ཁྱད་ཚད།

དཔེར་ན།

ཨིན།

ཌི་གཞི་རྟེན་ཐིག་ཁྲམ་གྱི་དོན་ལས་: བྱིན་དེ་ཡོད་པའི་གནས་གོང་གང་རུང་ཅིག་ལུ་མཉམ་པ་མིན་འདུག

ཨིན་/མེན་ས་སྒོ་ལུ་གནས་ཚད་ཡོདཔ་ད་=༡ གིས་ དྲན་ཐོ་ཚུ་ཆ་མཉམ་སླར་ལོག་འབདཝ་ཨིན་ (གནགཔ་གི་ནང་ལུ་སེལ་འཐུ་འབད་ཡོད།),

མེན།

.

ཨིན་/མེན་ས་སྒོ་ལུ་གནས་ཚད་ཡོདཔ་ད་ =0གིས་ དྲན་ཐོ་ཚུ་ཆ་མཉམ་རང་སླར་ལོག་འབདཝ་ཨིན་ (སེལ་འཐུ་མེད།)

སྟོང་ཆ།

སྟོངམ་ཨིན།

ཨིན་/མེན་ས་སྒོ་དེ་ལུ་གནས་ཚད་ཨིན་ཡང་ན་མེན་གང་ཡང་མེད་རུང་ འདི་སྟོང་ཆ་ཨིན་དེ་གིས་ དྲན་ཐོ་ཚུ་ཆ་མཉམ་སླར་ལོག་འབདཝ་ཨིན།


དྲན་འཛིན་ངོས་དཔར།

ཚིག་སྦྱོར་འདི་ གནད་སྡུད་གཞི་རྟེན་རིམ་ལུགས་ལག་ལེན་འཐབ་མི་གུ་ རག་ལསཔ་ཨིན། ཨིན་/མེན་ས་སྒོ་ཚུ་སོ་སོ་སྦེ་ངེས་འཛིན་འབད་བཏུབ་ཟེར་ ཁྱོད་ཀྱིས་ དྲན་འཛིན་འབད་དགོ། (༣ མེན་པར་གནས་ཚད་༢)


ཚད་བཟུང་འདྲི་དཔྱད།

Parameter queries allow the user to input values at run-time. These values are used within the criteria for selecting the records to be displayed. Each such value has a parameter name associated with it, which is used to prompt the user when the query is run.

Parameter names are preceded by a colon in both the Design and SQL views of a query. This can be used wherever a value can appear. If the same value is to appear more than once in the query, the same parameter name is used.

In the simplest case, where the user enters a value which is matched for equality, the parameter name with its preceding colon is simply entered in the Criterion row. In SQL mode this should be typed as WHERE "Field" = :Parameter_name

ཉེན་བརྡའི་ངོས་དཔར།

Parameter names may not contain any of the characters <space>`!"$%^*()+={}[]@'~#<>?/,. They may not be the same as field names or SQL reserved words. They may be the same as aliases.


ཊི་ཨའི་པི་ངོས་དཔར།

A useful construction for selecting records based on parts of a text field's content is to add a hidden column with "LIKE '%' || :Part_of_field || '%'" as the criterion. This will select records with an exact match. If a case-insensitive test is wanted, one solution is to use LOWER (Field_Name) as the field and LIKE LOWER ( '%' || :Part_of_field || '%' ) as the criterion. Note that the spaces in the criterion are important; if they are left out the SQL parser interprets the entire criterion as a string to be matched. In SQL mode this should be typed as LOWER ( "Field_Name" ) LIKE LOWER ( '%' || :Part_of_field || '%' ).


Parameter queries may be used as the data source for subforms, to allow the user to restrict the displayed records.

ཨིན་པུཊི་ཚད་བཟུང་།

The Parameter Input dialog asks the user to enter the parameter values. Enter a value for each query parameter and confirm by clicking OK or typing Enter.

The values entered by the user may consist of any characters which are allowable for the SQL for the relevant criterion; this may depend on the underlying database system.

ཊི་ཨའི་པི་ངོས་དཔར།

The user can use the SQL wild-card characters "%" (arbitrary string) or "_" (arbitrary single character) as part of the value to retrieve records with more complex criteria.


ཨེསི་ཀིའུ་ཨེལ་ཐབས་ལམ།

ཨེསི་ཀིའུ་ཨེལ་གྱིས་ "Structured Query Language"དོན་ལུ་གོ་ནི་དང་ མཐུན་འབྲེལ་གྱི་གནད་སྡུད་གཞི་རྟེན་ཚུ་ལུ་ བདག་སྐྱོང་འཐབ་ནི་དང་ དུས་མཐུན་བཟོ་ནིའི་དོན་ལས་ སླབ་སྟོན་གྲལ་བཤད་འབདཝ་ཨིན།

ཨེསི་ཀིའུ་ཨེལ་ཨང་རྟགས་འདི་ ཁྱོད་ཀྱིས་བཙུགས་མ་དགོཔ་ལས་ LibreOffice ནང་ལུ་ འདྲི་དཔྱད་མངམ་གྱི་དོན་ལུ་ ཁྱོད་ལུ་ཨེསི་ཀིའུ་ཨེལ་གྱི་ཤེས་ཡོན་གང་ཡང་མི་དགོ། ཁྱོད་ཀྱིས་ འདྲི་དཔྱད་བཀོད་སྒྲིག་ནང་ འདྲི་དཔྱད་ཅིག་གསར་བསྐྲུན་འབད་དགོ་པ་ཅིན་ LibreOfficeགིས་ ཁྱོད་ཀྱི་སླབ་སྟོན་ཚུ་ ཨེསི་ཀིའུ་ཨེལ་ཚིག་སྦྱོར་ནང་ ་རང་བཞིན་གྱིས་གཞི་བསྒྱུར་འབདཝ་ཨིན། བཀོད་སྒྲིག་འདི་ཨོན་/ཨོཕ་གློག་རྟའི་བཀོད་སྒྲིག་མཐོང་སྣང་གུ་ ཨེབ་རྟའི་ སྒྲོག་རམ་གྱི་ཐོག་ལས་ ཁྱོད་ཀྱིས་ ཨེསི་ཀིའུ་ཨེལ་མཐོང་སྣང་ལུ་ བསྒྱུར་བཅོས་འབད་ནི་ཨིན་པ་ཅིན་ འདྲི་དཔྱད་ཀྱི་དོན་ལུ་ཨེསི་ཀིའུ་ཨེལ་བརྡ བཀོད་འདིི་ཧེ་མ་ལས་རང་གསར་བསྐྲུན་འབད་ཡོདཔ་མཐོངམ་ཨིན།

ཁྱོད་རའི་འདྲི་དཔྱད་འདི་ ཐད་ཀར་དུ་སྦེ་ཨེསི་ཀིའུ་ཨེལ་ཨང་རྟ་ནང་ ཁྱོད་ཀྱིས་སྒྲིག་བཏུབ། ག་ལས་གོ་རུང་ དམིགས་བསལ་གྱི་ཚིག་སྦྱོར་འདི་ ཁྱོད་ཀྱིས་ལག་ལེན་འཐབ་པའི་གནད་སྡུད་གཞི་རྟེན་གྱི་ རིམ་ལུགས་ལུ་རག་ལས་ཟེར་ དྲན་འཛིན་འབད།

ཁྱོད་ཀྱིས་ཨེསི་ཀིའུ་ཨེལ་ཨང་རྟ་འདི་ལག་ཐོག་ལས་བཙུགས་པ་ཅིན་ འདྲི་དཔྱད་བཀོད་སྒྲིག་ནང་ཚད་རིས་ཀྱིས་རྒྱབ་སྐྱོར་མ་འབད་མི་ ཨེསི་ཀིའུ་ཨེལ་དམིགས་བསལ་འདྲི་དཔྱད་འདི་ གསར་བསྐྲུན་འབད་བཏུབ། འདྲི་དཔྱད་དེ་ཚུ་ ཨེསི་ཀིའུ་ཨེལ་ཐབས་ལམ་ནང་ལག་ལེན་འཐབ་དགོ།

ཨེསི་ཀིའུ་ཨེལ་མཐོང་སྣང་ནང་ ཨེསི་ཀིའུ་ཨེལ་བརྡ་བཀོད་འདི་ ཐད་ཀར་དུ་གཡོག་བཀོལ་བཏུབ་ངོས་དཔར་ཨེབ་གཏང་བཞིནམ་ལས་ LibreOfficeགིས་ལས་སྦྱོར་མ་འབད་བའི་འདྲི་དཔྱད་འདི་ ཁྱོད་ཀྱིས་སྒྲིག་ཚུགས།