སྡེ་ཚན་ཆ་ཤས་ཝི་ཛརཌི་: སྔོན་སྒྲིག་ས་སྒོའི་སེལ་འཐུ་

ཁྱོད་ཀྱིས་ གདམ་ཁ་ས་སྒོ་ཅིག་ སྔོན་སྒྲིག་གདམ་ཁ་སྦེ་སེལ་འཐུ་འབད་དགོ་པའི་ གཏན་འབེབས་འབདཝ་ཨིན།

ཁྱོད་ཀྱིས་ ལག་ལེན་པའི་ཐབས་ལམ་ནང་ འབྲི་ཤོག་ཁ་ཕྱེ་བ་ཅིན་ སྔོན་སྒྲིག་སྒྲིག་སྟངས་ཚུ་དང་ལེན་འབད་འོང་། སྒྲིག་སྟངས་འདི་དང་གཅིག་ཁར་ ཁྱོད་ཀྱིས་ ཚད་འཛིན་རྒྱུ་དངོས་ སྔོན་སྒྲིག་གནས་ཚད་ གཏན་འབེབས་འབདཝ་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

རྣམ་པའི་བཀོད་སྒྲིག་ནང་ སྡེ་ཚན་གྱི་སྒྲོམ་ལག་ཆས་ཕྲ་རིང་གུ་ངོས་པར་གུ་ཨེབ་གཏང་ནི་དང་ གཞི་ཁྲམ་ ཝི་ཛརཌི་ཤོག་ལེབ་ ༢་པ་གསར་བསྐྲུན་འབད་ནིའི་དོན་ལས་ མཱའུསི་ལག་ལེན་འཐབ།


གདམ་ཁ་ས་སྒོ་གཅིགཔ་འདི་ སྔོན་སྒྲིག་སྦེ་སེལ་འཐུ་འབད་དགོཔ་ཨིན་ན་?

ཁྱོད་ཀྱིས་ གདམ་ཁའི་སྒྲོམ་ལུ་ སྔོན་སྒྲིག་སྒྲིག་སྟངས་ཚུ་གཞི་སྒྲིག་འབད་ནི་ཨིན་ནའི་གསལ་བཀོད་འབདཝ་ཨིན།

འོག་གི་འདི་ཨིན་:

འབྲི་ཤོག་འདི་ཁ་ཕྱེ་བའི་ཤུལ་ལུ་ ཁྱོད་ཀྱིས་ གདམ་ཁའི་ས་སྒོ་འདི་སྔོན་སྒྲིག་སྦེ་སེལ་འཐུ་འབད་དགོཔ་ཨིན་པའི་གསལ་བཀོད་འབདཝ་ཨིན། སྒྲོམ་ནང་ལས་ གདམ་ཁའི་ས་སྒོ་གདམས།

ཐོ་ཡིག་སྒྲོམ།

འབྲི་ཤོག་ཁ་ཕྱེ་བའི་སྐབས་ལུ་ ཁྱོད་ཀྱིས་ སྔོན་སྒྲིག་སྦེ་དགོ་ནི་ཨིན་མི་གདམ་ཁའི་ས་སྒོ་ སེལ་འཐུ་འབད།

བྱེ་བྲག་ཏུ་ས་སྒོ་གཅིག་ སེལ་འཐུ་མི་འབད།

ཁྱོད་ཀྱིས་ གདམ་ཁ་ས་སྒོ་གང་རུང་ སྔོན་སྒྲིག་གདམ་ཁ་སྦེ་མིན་དགོ་པའི་གསལ་བཀོད་འབདཝ་ཨིན།