ཨེཅ་ཊི་ཨེམ་ཨེལ་ ཕྱིར་འདྲེན་ - ཤོག་ལེབ་ ༣

ཚད་རིས་དབྱེ་བ་དང་དམིགས་གཏད་གསལ་གཞི་ཧུམ་ཆ་ གསལ་བཀོད་འབདཝ་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

LibreOffice Draw/LibreOffice དཀར་ཆག་ཨིམ་པེརེསི་ ཡིག་སྣོད་ - ཕྱིར་འདྲེན་, ཝི་ཛརཌི་་ཤོག་ལེབ་ ༣་པ གི་ཨེཆ་ཊི་ཨེམ་ཨེལ་ཡིག་སྣོད་དབྱེ་བ་འདི་ སེལ་འཐུ་འབད།


Save images as

གཟུགས་བརྙན་རྩ་སྒྲིག་ གཏན་འབེབས་བཟོཝ་ཨིན། དེ་མ་ཚད་ཁྱོད་ཀྱིས་ ཕྱིར་འདྲེན་དོན་ལས་ ཨེབ་བཙུགས་བེ་ལུ་ ངེས་འཛིན་འབད་བཏུབ།

PNG - Portable Network Graphics format

The files are exported as PNG files. PNG files are compressed without loss of data, and can contain more than 256 colors.

ཇི་ཨའི་ཨེཕ་-ཚད་རིས་ཕན་ཚུན་བརྗེ་སོར་གྱི་རྩ་སྒྲིག

ཡིག་སྣོད་ཚུ་ ཇི་ཨའི་ཨེཕ་ཡིག་སྣོད་སྦེ་ཕྱིར་འདྲེན་འབད་ཡི་ ཇི་ཨའི་ཨེཕ་ཡིག་སྣོད་ཚུ་ གནད་སྡུད་བརླག་སྟོར་མ་ཞུགས་པ་ ཨེབ་བཙུགས་འབད་ཡོདཔ་དང་ དེ་ལུ་ཚོས་གཞི་མང་མཐའ་ ༢༥༦ ཡོདཔ་ཨིན།

ཇེ་པི་ཇི་-ཨེབ་བཙུགསའབད་ཡོད་པའི་ཡིག་སྣོད་རྩ་སྒྲིག

ཡིག་སྣོད་ཚུ་ ཇེ་པི་ཨི་ཇི་ཡིག་སྣོད་སྦེ་ ཕྱིར་འདྲེན་འབད་ཡི། ཇེ་པི་ཨི་ཇི་ཡིག་སྣོད་ཚུ་ བདེ་སྒྲིག་འབད་བཏུབ་པའི་ཨེབ་བཙུགས་དང་གཅིག་ཁར་ཨེབ་བཙུགས་འབད་ཡོདཔ་དང་ དེ་ནང་ཚོས་གཞི་ ༢༥༦ ལས་ལྷག་སྟེ་ཤོམ་ཨིན།

སྤུས་ཚད།

ཇེ་པི་ཨི་ཇི་ཚད་རིས་ཀྱི་ཨེབ་བཙུགས་ཆ་རྐྱེན་ གསལ་བཀོད་འབདཝ་ཨིན། ༡༠༠ %གནས་གོང་གིས་ རྒྱ་ཆེ་བའི་གནད་སྡུད་ཁྱབ་ཚད་ཀྱི་དོན་ལུ་ པུས་ཚད་ལེགས་ཤོམ་བྱིནམ་ཨིན། ༢༥% ཆ་རྐྱེན་གྱིས་ གཟུགས་བརྙན་གྱི་སྤུས་ཚད་དམའ་ཤོས་ཀྱི་ཡིག་སྣོད་ཆུང་བ་ཚུ་ བརྡ་སྟོན་འབདཝ་ཨིན།

ལྟ་རྟོག་ཧུམ་ཆ།

དམིགས་གཏད་གསལ་གཞིའི་དོན་ལུ་ ཧུམ་ཆ་ངེས་འཛིན་འབདཝ་ཨིན། སེལ་འཐུ་འབད་ཡོད་པའི་ཧུམ་ཆ་ལུ་བརྟེན་ཏེ་ གཟུགས་བརྙན་འདི་ མར་ཕབ་འབད་ཡོད་པའི་ཚད་ཅིག་ནང་ བཀྲམ་སྟོན་འབད་འོ་ང། ཁྱོད་ཀྱིས་ ཚད་ངོ་མའི་ནང་ལས་ ཕབ་ཆ་ ༨༠%ཚུན་ཚོད་ གསལ་བཀོད་འབད་ཚུགས།

ཧུམ་ཆ་དམའ་བ་(640x480 Pixel)།

གསལ་སྟོན་བཤུད་ནི་མང་མི་དོན་ལུ་ཡང་ ཡིག་སྣོད་ཚད་ཆུང་ཀུ་སྦེ་བཞག་ནི་ལུ་ ཧུམ་ཆ་དམའ་བ་འདི་སེལའཐུ་འབད།

ཧུམ་ཆ་བར་མ་(800x600 Pixel)།

གསལ་སྟོན་ཚད་འབྲིང་མ་ཅིག་ལུ་ ཧུམ་ཆ་བར་མ་ སེལ་འཐུ་འབད།

ཧུམ་ཆ་མཐོ་བ་(1024x768 Pixel)།

བཤུད་ནིའི་སྤུས་ཚད་མཐོ་བ་ཅིག་ བཀྲམ་སྟོན་འབད་ནི་ལུ་ ཧུམ་ཆ་མཐོ་བ་ཅིག་སེལ་འཐུ་འབད།

ཕྱིར་འདྲེན།

བཤུད་ནི་ཡར་འཐོན་འབད་བའི་སྐབས་ སྒྲ་སྐད་ཚུ་ཕྱིར་འདྲེན་འབདཝ་ཨིན།

བཤུད་འགྱུར་དོན་ལུ་ཕན་ནུས་སྦེ་ངེས་འཛིན་འབད་ཡོད་པའི་ སྒྲ་སྐད་ཡིག་སྣོད་ཚུ་ཕྱིར་འདྲེན་འབད་ཡོད་པའི་ གསལ་བཀོད་འབདཝ་ཨིན།