ཨེཅ་ཊི་ཨེམ་ཨེལ་ ཕྱིར་འདྲེན་ - ཤོག་ལེབ་ ༢

པར་འགྲེམས་ཀྱི་དབྱེ་བ་ གཏན་འབེབས་བཟོཝ་ཨིན།

ཁྱོད་ར་ གཞི་ཁྲམ་གྲལ་བཙུགས་འབད་ནི་དང་མགོ་མིང་གསར་བསྐྲུན་འབད་ནི་ ཡང་ན་ གསལ་སྟོན་དྲན་འཛིན་ཚུ་བཀྲམ་སྟོན་འབད་ནིའི་དད་འདོད་ཡོད་པ་ཅིན་ གསལ་བཀོད་འབད་བཏུབ།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

LibreOffice Draw/LibreOffice དཀར་ཆག་ཨིམ་པེརེསི་ ཡིག་སྣོད་ - ཕྱིར་འདྲེན་འབད་, ཝི་ཛརཌི་ཤོག་ལེབ་ ༢་པ་གི་ ཨེཆ་ཊི་ཨེམ་ཨེལ་ཡིག་སྣོད་དབྱེ་བ་སེལ་འཐུ་འབད།


པར་འགྲེམས་དབྱེ་བ།

རེ་བ་ལྟར་དུའི་ཕྱིར་འདྲེན་དོན་ལུ་ གཞི་རིམ་སྒྲིག་སྟངས་ཚུ་ ངེས་འཛིན་འབདཝ་ཨིན།

ཚད་ལྡན་གྱི་ ཨེཅ་ཊི་ཨེམ་ཨེལ་རྩ་སྒྲིག

ཕྱིར་འདྲེན་ཤོག་ལེབ་ནང་ལས་ ཚད་ལྡན་ ཨེཅ་ཊི་ཨེམ་ཨེལ་ཤོག་ལེབ་ཚུ་ གསར་བསྐྲུན་འབདཝ་ཨིན།

གཞི་ཁྲམ་དང་བཅས་ཚད་ལྡན་གྱི་ ཨེཅ་ཊི་ཨེམ་ཨེལ།

ཚད་ལྡན་ཨེཅ་ཊི་ཨེམ་ཨེལ་ཤོག་ལེབ་ཚུ་གཞི་ཁྲམ་དང་བཅས་ གསར་བསྐྲུན་འབདཝ་ཨིན། ཕྱིར་འདྲེན་འབད་ཡོད་པའི་ཤོག་ལེབ་འདི་ གཞི་ཁྲམ་ངོ་མ་ནང་བཞག་འོང་ དེ་ལས་གཡོན་ཕྱོགས་ཀྱི་གཞི་ཁྲམ་འདི་གིས་ ཧའི་པར་ལིངཀསི་གི་རྣམ་པ་ནང་སྦེ་ ནང་དོན་ཐིག་ཁྲམ་ཅིག་ བཀྲམ་སྟོན་འབད་འོང་།

མགོ་མིང་ཤོག་ལེབ་ གསར་བསྐྲུན་འབད།

ཁྱོད་རའི་ཡིག་ཆའི་དོན་ལུ་ མགོ་མིང་ཤོག་ལེབ་ཅིག་གསར་བསྐྲུན་འབདཝ་ཨིན།

ཁྱོད་ཀྱི་དྲན་འཛིན་ཚུ་ཡང་ བཀྲམ་སྟོན་འབད་ཡོད་པའི་གསལ་བཀོད་འབདཝ་ཨིན།

རང་བཞིན་གྱི།

སྔོན་སྒྲིག་ ཨེཅ་ཊི་ཨེམ་ཨེལ་གསལ་སྟོན་འདི་ ཀིའུསཀི་ཕྱིར་འདྲེན་སྦེ་གསར་བསྐྲུན་འབདཝ་ཨིན་ དེ་བསྒང་ལུ་ གསལ་བཀོད་འབད་ཡོད་པའི་དུས་ཡུན་དག་པ་ཅིག་གི་ཤུལ་ལས་ བཤུད་ནི་ཚུ་རང་བཞིན་གྱིས་མཐོ་རིམ་ཅན་ཨིན།

ཡིག་ཆ་ནང་བཀོད་དོ་བཟུམ།

བཤུད་འགྱུར་འདི་ ཁྱོད་ཀྱིས་ གསལ་སྟོན་ནང་ལུ་བཤུད་པ་རེ་ལུ་ དུས་ཡུན་གཞི་སྒྲིག་འབད་མི་ལུ་རག་ལསཔ་ཨིན། ཁྱོད་ཀྱིས་ ལག་དེབ་ཤོག་ལེབ་ཀྱི་འགྱུར་བ་ཅིག་ གཞི་སྒྲིག་འབད་བ་ཅིན་ ཨེཅ་ཊི་ཨེམ་ཨེལ་གསལ་སྟོན་གྱིས་ ཁྱོད་རའི་ལྡེ་སྒྲོམ་ནང་ ལྡེ་མིག་ལུ་ཨེབ་པའི་ཐོག་ལས་ ཤོག་ལེབ་གསརཔ་ཅིག་ འགོ་བཙུགསཔ་ཨིན།

རང་བཞིན་གྱི།

གསལ་བཀོ་འབད་ཡོད་པའི་དུས་ཚོད་རྫོགས་པའི་ཤུལ་མར་ ཤོག་ལེབ་འདི་རང་བཞིན་གྱིས་འགྱུརཝ་ཨིནམ་དང་ དེ་གསལསྟོན་གྱི་ནང་དོན་ལུ་བརྟེན་ནི་མེད་

བཤུད་མཐོང་དུས་ཚོད།

བཤུད་པའི་བཀྲམ་སྟོན་རེ་ལུ་ དུས་ཡུན་བསྡོམས་ ངེས་འཛིན་འབདཝ་ཨིན།

རྫོགས་ནི་མེདཔ།

མཇུག་གི་བཤུད་པ་འདི་བཀྲམ་སྟོན་འབད་བའི་ཤུལ་ལས་ ཨེཅ་ཊི་ཨེམ་ཨེལ་ གསལ་སྟོན་འདི་རང་བཞིན་གྱིས་ ལོག་འགོ་བཙུགསཔ་ཨིན།

ཝེབ་ཀེསཊི།

ཝེབ་ཀསིཊི་ཕྱིར་འདྲེན་ནང་ རང་བཞིན་ཡིག་ཚུགས་འདི་པརཱལ་ ཡང་ན་ ཨེ་ཨེསི་པི་དང་བཅས་ བཟོ་བཏོན་འབད་འོང་། དེ་གིས་ ལྟདམོ་ལྟ་མིའི་ཝེབ་བརའུ་ཟར་ནང་ བཤུད་ནི་བསྒྱུར་བཅོས་འབད་ནི་ལུ་ གསལ་བཤད་པ་(དཔེར་ན་ བརྒྱུད་འཕྲིན་ཞལ་འཛོམས་ནང་ལུ་ གློག་རིག་ནང་བཤུད་སྟོན་ཅིག་ལག་ལེན་འཐབ་ཐོག་ཡོད་པའི་གསལ་་བཤད་པ་)འདི་ལྕོགས་ཅན་བཟོཝ་ཨིན། ཁྱོད་ཀྱིས་ ཤུལ་ལས་དབྱེ་ཚན་འདི་ནང་གི་ WebCast གུ་ལས་ བརྡ་དོན་ཁ་གསལ་འཐོབ།

ཤུགས་་ལྡན་སར་བར་ཤོག་ལེབ་ཚུ་(ཨེ་ཨེསི་པི་)།

ཁྱོད་ཀྱིས་ ཨེ་ཨེསི་པི་ གདམ་ཁ་འདི་སེལ་འཐུ་འབད་བཞི་སྐབས་ ཝེབ་ཀསིཊི་ཕྱིར་འདྲེན་གྱིས་་ ཨེ་ཨེསི་པི་ཤོག་ལེབ་ཚུ་ གསར་བསྐྲུན་འབདཝ་ཨིན། ཨེཅ་ཊི་ཨེམ་ཨེལ་གསལསྟོན་འདི་ ཝེབ་ཨར་བར་རྒྱབ་སྐྱོར་ ཨེ་ཨེསི་པི་གིས་རྐྱངམ་ཅིག་ བྱིནམ་ཚུགས།

པརཱལ།

ཨེཅ་ཊི་ཨེམ་ཨེལ་ ཤོག་ལེབ་དང་པརཱལ་ཡིག་ཚུགས་ གསར་བསྐྲུན་འབད་ནི་ལུ་ ཝེབ་ཀསི་ཊི་གིས་ལག་ལེན་འཐབ་ཡོདཔ།

སྙན་མི་ཚུ་གི་དོན་ལས་ ཡུ་ཨར་ཨེལ།

གིས་ གསལ་སྟོན་བལྟ་ནི་ལུ་མཐོང་བྱེད་ཀྱིས་ཐོ་བཀོད་འབད་ཡོད་པའི་ ཡུ་ཨར་ཨེལ་ (ཡང་དག་ཡང་ན་འབྲེལ་ཡོདཔ་) འདི་གསལ་བཀོད་འབདཝ་ཨིན།

གསལ་སྟོན་གྱི་དོན་ལུ་ ཡུ་ཨརཨེལ།

ཝེབ་སར་བར་གུ་ གསར་བསྐྲུན་འབད་ཡོད་པའི་ ཨེཅ་ཊི་ཨེམ་ཨེལ་གསལ་སྟོན་སྲུངས་ཡོད་པའི་ ཡུ་ཨར་ཨེལ་(ཡང་དག་ ཡང་ན་ འབྲེལ་བ་བ་ཡོད་མི་) གསལ་བཀོད་འབདཝ་ཨིན།

པརཱལ་ཡིག་ཚུགས་ཀྱི་དོན་ལས་ ཡུ་ཨར་ཨེལ།

བཟོ་བཏོན་འབད་ཡོད་པའི་པརཱལ་ཡིག་ཚུགས་ཚུའི་དོན་ལུ་ ཡུ་ཨར་ཨེལ་(ཡང་དག་ ཡང་ན་ འབྲེལ་བ་ཡོད་མི་) གསལ་བཀོད་འབདཝ་ཨིན།

ཝེབ་ཀེསཊི་ཕྱིར་འདྲེན་གུ་ བརྡ་དོན་ཁ་གསལ།

ཝེབ་ཀསིཊི་འཕྲུལ་རིག་ལག་ལེན་གྱི་ཐོག་ལས་ LibreOffice ཨིམ་པེརེསི་གསལ་སྟོན་ཚུ་ཕྱིར་འདྲེན་འབད་ནིའི་དོན་ལུ་ འབད་ཚུགས་པའི་གདམ་ཁ་གཉིས་ཡོད་: ཤུགས་ལྡན་གྱི་སར་བར་ཤོག་ལེབ་ཚུ་(ཨེ་ཨེསི་པི་)དང་པརཱལ།

ཉེན་བརྡའི་ངོས་དཔར།

གནད་དོན་གང་རུང་ཅིག་ནང་ ཝེབ་ཀསིཊི་ལུ་ ཨེཅ་ཊི་ཊི་པི་སར་བར་འབུལ་བ་ པརཱལ་ ཡངན་ ཨེ་ཨེསི་པི་འདི་ཡིག་ཚུགས་སྦེ་དགོཔ་ཨིན། དེ་འབད་ནི་འདི་གིས་ ཕྱིར་འདྲེན་གདམ་ཁ་འདི་ ལག་ལེན་འཐབ་ཡོད་པའི་ཨེཅ་ཊི་ཊི་པི་སར་བར་ལུ་བརྟེནམ་ཨིན།


ཨེ་ཨེསི་པི་ནང་ ཝེབ་ཀེསཊི།

ཕྱིར་འདྲེན་འབད་དོ།

ཨེཅ་ཊི་ཨེམ་ཨེལ་ཕྱིར་འདྲེན་སོ་སོར་གཉིས་ཀྱི་དོན་ལས་ སྣོད་ཐོ་ཅོག་འཐདཔ་ ལག་ལེན་མ་འཐབ།

ཨེ་ཨེསི་པི་ ཝེབ་ཀེསཊི་ལག་ལེན་འཐབ་དོ།

ཁྱོད་ཀྱིས་ ཕྱིར་འདྲེན་འབད་ཡོད་པའི་ཡི་སྣོད་ཚུ་ ཨེཅ་ཊི་ཊི་པི་སར་བར་ནང་ལས་ འཛུལ་སྤྱོད་འབད་བའི་ཚེ་ར་ ཝེབ་ཀསིཊི་འདི་ལག་ལེན་འཐབ་བཏུབ།

དཔེར་བརྗོད་:

ཁྱོད་ཀྱིས་ ཁྱོད་རའི་གློག་རིག་གུ་ མའི་ཀོརོ་སོཕཊི་ ཨིན་ཊར་ནེཊི་ བརྡ་དོན་སར་བར་འདི་ གཞི་བཙུགས་འབད་ཡོད་པའི་དབང་ལུ་གཏང་། དེ་ལས་ ཨའི་ཨའི་ཨེསི་གཞི་སྒྲིག་འབད་བའི་སྐབས་ "c:\Inet\wwwroot\presentation"སྣོད་ཐོ་འདི་ ཨེཅ་ཊི་ཨེམ་ཨེལ་ ཨའུཊི་པུཊི་སྦེ་ ཐོ་བཀོད་འབད་ནུག ཁྱོད་ཀྱི་གློག་རིག་གི་ཡུ་ཨར་ཨེལ་འདི་ འོག་ལུ་བཀོད་དོ་བཟུམ་སྦེ་ཚོད་དཔག་འབད་ནུག་: "http://myserver.com"

གསལ་སྟོན་པ་གིས་ ཡུ་ཨར་ཨེལ་ http://myserver.com/presentation/webcast.asp ལས་བརྒྱུད་དེ་ སེལ་འཐུ་འབད་ཡོད་མི་ བཤུད་ནི་འདི་ད་རིས་ལས་ ལྟདམོ་ལྟ་མི་ཚུ་གིས་མཐོང་ཚུགས། དེ་ཚུ་གིས་ ཡིག་སྣོད་མིང་ཚུ་མ་ཤེས་ཚུན་ ཡུ་ཨར་ཨེལ་འདི་ཁར་ཡོད་པའི་ བཤུད་པ་གཞན་ཚུ་ལུ་སྤོ་བཤུད་འབད་མི་ཚུགས། དེ་འབདཝ་ད་ ཨེཅ་ཊི་ཊི་པི་སར་བར་གྱིས་ སྣོད་ཐོའི་ཐོ་ཡིག་ཚུ་སྟོན་ནི་མེདཔ་འབད་དགོ

པརཱལ་གྱི་ལྟ་ལུ་ཝེབ་ཀསིཊི།

ཕྱིར་འདྲེན་འབད་དོ།

པརཱལ་ཝེབ་ཀེསཊི་ལག་ལེན་འཐབ་དོ།

ཕྱིར་འདྲེན་གྱི་སྐབས་ལུ་གསར་བསྐྲུན་འབད་ཡོད་པའི་ཡིག་སྣོད་ཚུ་ ད་ལས་ཕར་ པརཱལ་ལྕོགས་ཅན་བཟོ་ཡོད་པའི་སར་བར་ནང་ གཞི་སྒྲིག་འབད་དགོ པརཱལ་རྒྱབ་སྐྱོར་དང་ལྡན་པའི་ཨེཅ་ཊི་ཊི་པི་སར་བརསི་འདྲ་མིན་སྣ་ཚོགས་ལས་བརྟེན་ འདི་རང་བཞིན་གྱིས་འབད་མི་བཏུབ། ཤུལ་དཔྱད་འབད་ནིའི་དོན་ལུ་ རིམ་པ་ཚུ་ཤུལ་ལས་འགྲེལ་བཤད་འབད་འོང་། རིམ་པ་འདི་ཚུ་ཁྱོའ་རའི་སར་བར་གུ་འཇུག་སྤྱོད་ག་དེ་སྦེ་འབད་ནི་ཨིན་ན་ ཁྱོད་རའི་སར་བར་ལག་དེབ་འདི་གཞི་བསྟུན་འབད་ ཡང་ན་ ཁྱོད་རའི་ཡོངས་འབྲེལ་བདག་སྐྱོང་པ་ལུ་དྲི།

ད་འབདན་ ཁྱོད་ཀྱིས་ ཝེབ་ཀསིཊི་འདི་ལག་ལེན་འཐབ་ཚུགསཔ་འབད་དགོ

དཔེར་བརྗོད་:

དཔེར་བརྗོད་འདི་ནང་ ཁྱོད་ལུ་ ཨེཅ་ཊི་ཊི་པི་སར་བར་དང་བཅས་ལི་ནགསི་གློག་རིག་ཅིག་འདུག ཁྱོད་ཀྱི་ཨེཅ་ཊི་ཊི་སར་བར་གྱི་ཡུ་ཨར་ཨེལ་འདི་ http://myserver.com ཨིནམ་དང་ ཁྱོད་ཀྱི་ཨེཅ་ཊི་ཨེམ་ཨེལ་ཡིག་ཆའི་ཨའུཊི་པུཊི་སྣོད་ཐོ་འདི་ //user/local/http/སྣོད་ཐོ་ཨིན། ཁྱོད་ཀྱི་ པརཱལ་ཡིག་ཚུགས་ཚུ་//user/local/http/cgi-bin/ སྣོད་ཐོ་ནང་ཡོདཔ་ཨིན། ཉན་མི་ཚུའི་དོན་ལུ་ secret.htm འདི་ ཕྱིར་འདྲེན་ཡིག་སྣོད་མིང་སྦེ་བཀོད་འབད་ནི་དང་ presentation.htmའདི་ ཡུ་ཨར་ཨེལ་སྦེ་ཐོ་བཀོད་འབད། ཡུ་ཨར་ཨེལ་ནང་གསལ་སྟོན་ཚིག་ཡིག་སྒྲོམ་གྱི་དོན་ལས་ http://myserver.com/presentation/ དང་ ཡུ་ཨར་ཨེལ་ པརཱལ་ཡིག་ཚུགས་ དོན་ལུ་ http://myserver.com/cgi-bin/ཐོ་བཀོད་འབད།

ཁྱོད་ཀྱིས་ པརཱལ་ཡིག་སྣོད་ཚུ་གཞི་བཙུགས་འབད་ནི་ཚི་ཚར་ཅིག་རྫོགས་ཞིནམ་ལས་ གསལ་སྟོན་པ་གིས་གསལ་སྟོན་འབད་ཚུགས། ཉན་མི་ཚུ་གིས་ ཡུ་ཨར་ཨེལ་ http://myserver.com/presentation/presentation.htm.གི་འོག་ལུ་ གསལ་སྟོན་འདི་མཐོང་ཚུགས།