ཨེཅ་ཊི་ཨེམ་ཨེལ་ ཕྱིར་འདྲེན་ - ཤོག་ལེབ་ ༡

ཤོག་ལེབ་དང་པམ་གུ་ ཁྱོད་ཀྱིས་ ཡོད་བཞིན་པའི་བཀོད་སྒྲིག་སེལ་འཐུ་འབད་ཚུགས་ ཡང་ན་ གསརཔ་ཅིག་གསར་བསྐྲུན་འབད་ཚུགས།

ཁྱོད་ཀྱིས་ ཕྱིར་འདྲེན་ལུ་སྒྲིག་སྟངས་སེལ་འཐུ་འབད་མི་འདི་ ཕྱིར་འདྲེན་གཞན་གྱི་དོན་ལས་ རང་བཞིན་གྱིས་ བཀོད་སྒྲིག་སྦེ་སྲུངམ་ཨིན། གསར་བསྐྲུན་གུ་ ཨེབ་གཏང་འབད་བའི་ཤུལ་ལུ་ བཀོད་སྒྲིག་མིང་ཐོ་བཀོད་འབད་བཏུབ།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

LibreOffice Draw/LibreOffice དཀར་ཆག་ཨིམ་པེརེསི་ ཡིག་སྣོད་ - ཕྱིར་འདྲེན་, ཝི་ཛརཌི་ཤོག་ལེབ་ ༡པ་ གི་ ཨེཆ་ཊི་ཨེམ་ཨེལ་ཡིག་སྣོད་དབྱེ་བ་སེལ་འཐུ་འབད།


བཀོད་སྒྲིག་འགན་སྤྲོད་འབད།

གནས་ཁོངས་འདི་ནང་ ཁྱོད་ཀྱིས་ བཀོད་སྒྲིག་གསརཔ་ཅིག་གསར་བསྐྲུན་འབད་ནི་ལུ་ གདམ་ཁ་རྐྱབ་བཏུབ་དང་ ཡོད་བཞིན་པའི་བཀོད་སྒྲིག་འདི་སེལ་འཐུ་ ཡང་ན་ བཏོན་གཏང་བཏུབ།

ཁྱོད་ཀྱིས་ བཀོད་སྒྲིག་འདི་བཏོན་གཏང་པ་ཅིན་ ཝི་ཛརཌི་ནང་ བཀོད་སྒྲིག་བརྡ་དོན་རྐྱངམ་ཅིག་བཏོན་གཏང་འོང་། ཕྱིར་འདྲེན་ཡིག་སྣོད་འདི་ བྱ་བ་འདི་གིས་ བཏོན་མི་གཏང་།

བཀོད་སྒྲིག་གསརཔ།

ཝི་ཛརཌི་གི་ཤོག་ལེབ་ཤུལ་མམ་ནང་ བཀོད་སྒྲིག་གསརཔ་ཅིག་ གསར་བསྐྲུན་འབདཝ་ཨིན།

ཡོད་བཞིན་པའི་བཀོད་སྒྲིག

བཀོད་སྒྲིག་ཐོ་ཡིག་ནང་ལས་ ཡོད་བཞིན་པའི་བཀོད་སྒྲིག་འདི་ ཝི་ཛརཌི་ཤོག་ལེབ་ཤུལ་མམ་གུ་རྗེས་སུ་འབྲང་ནི་ལུ་ རིམ་པའི་དོན་ལས་ འགོ་བཙུགས་ས་སྦེ་ མངོན་གསལ་འབདཝ་ཨིན།

བཀོད་སྒྲིག་ཐོ་ཡིག

ཡོད་བཞིན་པའི་བཀོད་སྒྲིག་ཆ་མཉམ་ བཀྲམ་སྟོན་འབདཝ་ཨིན།

སེལ་འཐུ་འབད་ཡོད་པའི་བཀོད་སྒྲིག་ བཏོན་གཏང་།

བཀོད་སྒྲིག་ཐོ་ཡིག་ནང་ལས་ སེལ་འཐུ་འབད་ཡོད་པའི་བཀོད་སྒྲིག་ཚུ་ བཏོན་གཏངམ་ཨིན།