གྲོས་གཞི་ ཝི་ཛརཌི།

ལས་ཚབ་ཊེམ་པེལེཊི་གསར་བསྐྲུན་འབད་ནི་ནང་གྲོགས་རམ་འབད་ནི་ལུ་ ཝི་ཛརཌི་འགོ་བཙུགསཔ་ཨིན། ཞལ་འཛོམས་དང་འཛོམས་འདུའི་གྲོས་བསྡུར་གནད་དོན་ཚུ་གསལ་བཀོན་འབད་ནི་ལུ་ ཁྱོད་ཀྱིས་ལས་ཚབ་ཅིག་ལག་ལེན་འཐབ་ཚུགས།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

ཡིག་སྣོད་ - ཝི་ཛརཌིསི་ - གྲོས་གཞི།


LibreOfficeའདི་ ཁྱོད་ཀྱིས་དགོ་འདོད་འགྲུབ་ནིའི་ལེགས་བཅོས་འབད་བཏུབ་པའི་གྲོས་གཞི་ཚུ་གི་དོན་ལུ་ དཔེ་ཚད་ཊེམ་པེལེཊི་ཅིག་དང་བཅས་འབྱུངམ་ཨིན། ཝི་ཛརཌི་འདི་གིས་ ཡིག་ཆ་ཊེམ་པེལེཊི་གསར་བསྐྲུན་འབད་ནི་ནང་ སྒྲིག་བཀོད་དང་བཀོད་སྒྲིག་གདམ་ཁ་སྣ་ཚོགས་ཚུ་བྱིནམ་ཨིན། དེ་ལས་སྔོན་ལྟ་གིས་ རྫོགས་ཡོད་པའི་གྲོས་གཞི་འདི་ག་དེ་སྦེ་འབྱུང་འོང་ག་གི་སྤྲོ་སྣང་བྱིནམ་ཨིན།

ཝི་ཛརཌི་ནང་འཁོད་ལུ་ ཁྱོད་རའི་ཐོ་བཀོད་ཚུ་ནམ་འབད་རུང་ལེགས་བཅོས་འབད་བཏུབ། དེ་མ་ཚད་ ཁྱོད་ཀྱིས་ ཤོག་ལེབ་ཧྲིལ་བུ་གོམ་འགྱོ་ཚུགསཔ་འོང་ ཡང་ན་ ཝི་ཛརཌི་ཤོག་ལེབ་ཚུ་ཆ་མཉམ་ནང་ (སྔོན་སྒྲིག་)ད་ལྟོའི་སྒྲིག་སྟངས་ཚུ་ནུས་ལྡན་སྦེ་སྡོད་འོང་།

པར་འཕྲིན་ཝི་ཛརཌི་ - ཤོག་ལེབ་སྒྲིག་བཀོད།

གྲོས་གཞི་ལུ་ཤོག་ལེབ་བཀོད་སྒྲིག་ཅིག་གསལ་བཀོད་འབདཝ་ཨིན།

གྲོས་གཞི་ཝི་ཛརཌི་ལུ་འགྱོ་ - མིང་ཚུ་

འཛོམས་འདུའི་ཚེས་གྲངས་དང་ཆུ་ཚོད་ དེ་ལས་མགོ་མིང་དང་གནས་ཁོངས་ཚུ་གསལ་བཀོད་འབདཝ་ཨིན།

པར་འཕྲིན་ - བརྩི་ནི་ཨིན་པའི་རྣམ་གྲངས་ཚུ།

ཁྱོད་ཀྱིས་ གྲོས་གཞི་ནང་བཙུགས་ནི་ཨིན་པའི་མགུ་རྒྱན་ཚུ་གསལ་བཀོད་འབདཝ་ཨིན།

གྲོས་གཞི་ཝི་ཛརཌི་ - མིང་

གྲོས་གཞི་གུ་དཔར་བསྐྲུན་འབད་དགོ་པའི་མིང་ཚུ་གསལ་བཀོད་འབདཝ་ཨིན།

གྲོས་གཞི་ཝི་ཛརཌི་ - མིང་

གྲོས་གཞི་ཊེམ་པེལེཊི་གུ་དཔར་བསྐྲུན་འབད་དགོ་པའི་གནད་དོན་ཚུ་གསལ་བཀོད་འབདཝ་ཨིན།

པར་འཕྲིན་ཝི་ཛརཌི་ - མིང་དང་གནས་ཁོངས

གྲོས་གཞི་ཊེམ་པེལེཊི་གི་དོན་ལུ་ མགོ་མིང་དང་གནས་ཁོངས་ གདམས།

རྒྱབ།

ཧེ་མམ་གྱི་ཤོག་ལེབ་གུ་སེལ་འཐུ་འབད་དེ་ཡོད་མི་ལུ་ ལོགཔ་ཨིན། ད་ལྟོའི་སྒྲིག་སྟངས་ཚུ་ནུས་ལྡན་སྦེ་སྡོད་འོང་། ཨེབ་རྟ་འདི་ ཤོག་ལེབ་དང་པའི་ཤུལ་མ་རྐྱངམ་ཅིག་ཤུགས་ལྡན་འགྱུར་འོང་།

ཤུལ་མམ།

ཝི་ཛརཌི་གིས་ ད་ལྟོའི་སྒྲིག་སྟངས་ཚུ་སྲུང་ཞངནམ་ལས་ ཤུལ་མམ་གྱི་ཤོག་ལེབ་ལུ་འགྱོ་འོང་། ཁྱོད་ཀྱིས་ཚར་ཅིག་མཇུག་གི་ཤོག་ལེབ་གུ་ལྷོདཔ་ད་ ཨེབ་རྟ་འདི་ཤུགས་མེད་ལུ་འགྱུ་ར་འོང་།

རྫོགས།

ཁྱོད་ཀྱི་སེལ་འཐུ་དང་འཁྲིལ་བ་ཅིན་ ཝི་ཛརཌི་གིས་ ཡིག་ཆ་ཊེམ་པེལེཊི་ཅིག་གསར་བསྐྲུན་འབད་ཞིནམ་ལས་ ཁྱོད་རའི་ཧརཌི་ཌིཀསི་གུ་སྲུངམ་ཨིན། ཡིག་སྣོད་མིང་ "UntitledX" (ཨེགསི་འདི་གིས་ རང་བཞིན་ཨང་གྲངས་སྟོནམ་ཨིན་)དང་གཅིག་ཁར་ ལཱ་གི་མངའ་ཁོངས་ནང་ ཊེམ་པེལེཊི་ལུ་བརྟེན་པའི་ཡིག་ཆ་གསརཔ་ཅིག་འབྱུངམ་ཨིན།

ཆ་མེད་གཏང་།

ཨེབ་གཏང་ ཆ་མེད་གཏང་དེ་གིས་ བསྒྱུར་བཅོས་ཚུ་མ་སྲུང་པར་ ཌའི་ལོག་འདི་ཁ་བསྡམས་བཞགཔ་ཨིན།

དྲན་འཛིན་ངོས་དཔར།

སེལ་འཐུ་འབད་ཡོད་པའི་ཡིག་ཆ་ཏེམ་པེལེཊི་དང་འཁྲིལ་ཏེ་ LibreOfficeགིས་ ཝི་ཛརཌི་གིས་ ད་ལྟོའི་སྒྲིག་སྟངས་ཚུ་སྲུངམ་ཨིན། ཤུལ་ལས་ཁྱོད་ཀྱིས་ཝི་ཛརཌི་འདི་ཤུགས་ལྡན་བཟོཝ་ད་ དེ་ཚུ་སྔོན་སྒྲིག་སྒྲིག་སྟངས་སྦེ་ལག་ལེན་འཐབ་འོང་།