ཧེང་བཀལ་ཚད་འཛིན་ཚུ།

ཁྱོད་ཀྱིས་འབྲི་ཤོག་ཚད་འཛིན་ཚུའི་ལག་ཆས་ཕྲ་རིང་གུ་ཧེང་བཀལ་ཚད་འཛིན་ཚུའི་ངོས་དཔར་ཨེབ་གཏང་པའི་སྐབས་ཧེང་བཀལ་ཚད་འཛིན་ཚུའི་ལག་ཆས་ཕྲ་རིང་ ཁ་ཕྱེཝ་ཨིན།

ཨེབ་རྟ་འདི་བསྒྱིར།

ངོས་དཔར།

བསྒྱིར་རྟ་ཅིག་གསར་བསྐྲུན་འབདཝ་ཨིན།

ཁྱོད་ཀྱི་ ཀེལཀི་ཤོག་ཁྲམ་ཅིག་ནང་ལུ་ བསྒྱིར་རྟ་ཅིག་ཁ་སྐོང་རྐྱབ་པ་ཅིན་ ནང་ཐིག་དང་ བསྒྱིར་རྟ་གཉིས་ཀྱི་བར་ན་ ལམ་གཉིས་ཀྱི་འབྲེལ་ལམ་ཅིག་གསར་བསྐྲུན་འབད་བ་ནི་ལུ་ ཁྱོད་ཀྱི་གནད་སྡུད་མཆོང་ལྡེ་གི་ཤོག་ལེབ་འདི་ ལག་ལེན་འཐབ་བཏུབ་ཨིན། གྲུབ་འབྲས་བཟུམ་ཅིག་སྦེ་ ཁྱོད་ཀྱི་ནང་ཐིག་གི་ནང་དོན་འདི་ བསྒྱུར་བཅོས་འབདཝ་ད་ བསྒྱིར་རྟ་འདི་གི་ ནང་དོན་དེ་ དུས་མཐུན་བཟོཝ་ཨིན། གཞི་བསྒྱུར་གྱིས་ ཁྱོད་ཀྱི་བསྒྱིར་རྟ་གི་གནས་གོང་འདི་ བསྒྱུར་བཅོས་འབད་བ་ཅིན་ ནང་ཐིག་གི་ནང་དོན་འདི་དུས་མཐུན་བཟོཝ་ཨིན།

བཤུད་ཕྲ།

ངོས་དཔར།

བཤུད་ཕྲ་ཅིག་གསར་བསྐྲུན་འབདཝ་ཨིན།

ཁྱོད་ཀྱིས་བཤུད་ཕྲ་ཅིག་གི་དོན་ལུ་འོག་གི་རྒྱུ་དངོས་ཚུ་གསལ་བཀོད་འབད་ཚུགས:

ཡུ་ཨའི་མིང་།

སི་མེན་ཊིགསི།

གནས་གོང་གི་ཉུང་མཐའ་བཤུད་སྒྲིལ་འབད།

བཤུད་ཕྲ་ཅིག་གི་ཉུང་མཐའ་མཐོ་ཚད་ཡང་ན་ཉུང་མཐའ་རྒྱ་ཚད་འདི་གསལ་བཀོད་འབདཝ་ཨིན།

གནས་གོང་གི་མང་མཐའ་བཤུད་སྒྲིལ་འབད།

བཤུད་ཕྲ་ཅིག་གི་མང་མཐའ་མཐོ་ཚད་ཡང་ན་མང་མཐའ་རྒྱ་ཚད་འདི་གསལ་བཀོད་འབདཝ་ཨིན།

སྔོན་སྒྲིག་བཤུད་སྒྲིལ་གནས་གོང་།

འབྲི་ཤོག་འདི་སླར་སྒྲིག་འབད་ཡོད་པའི་སྐབས་ལག་ལེན་འཐབ་ཡོད་མི་ བཤུད་ཕྲ་གི་སྔོན་སྒྲིག་གནས་གོང་འདི་གསལ་བཀོད་འབདཝ་ཨིན།

པྱོགས།

ཐད་སྙོམས་ཡང་ན་ཀེར་ཕྲང་ཨིན་མི་ བཤུད་ཕྲ་ཅིག་གི་ཕྱོགས་འདི་གསལ་བཀོད་འབདཝ་ཨིན།

བསྒྱུར་བཅོས་ཆུང་ཀུ་ཅིག

ཁྱོད་ཀྱིས་བཤུད་ཕྲ་ཅིག་བཤུད་སྒྲིལ་འབད་ཚུགས་མི་ ཉུང་མཐའ་བསྡོམས་འདི་གསལ་བཀོད་འབདཝ་ཨིན་ དཔེར་ན་མདའ་རྟགས་ཅིག་ཨེབ་གཏང་ཐོག

བསྒྱུར་བཅོས་སྦོམ།

རིམ་པ་སྦོམ་གྱིས་ བཤུད་ཕྲ་འདི་བཤུད་སྒྲིལ་འབད་མི་གི་ མང་ཉུང་འདི་གསལ་བཀོད་འབདཝ་ཨིན་ དཔེར་ན་ ཁྱོད་ཀྱིས་ བཤུད་ཕྲའི་མཐེ་བོང་དང་བཤུད་སྒྲིལ་མདའ་རྟགས་ཀྱི་བར་ན་ཨེབ་གཏང་དོ་བཟུམ་ཨིན།

ཕྱིར་འགྱངས།

བཤུད་ཕྲ་ཐར་རྟ་བྱུང་ལས་་བར་ན་གི་ མི་ལི་སྐར་ཆ་ཚུ་ནང་གི་ཕྱིར་གྱངས་འདི་གསལ་བཀོད་འབདཝ་ཨིན། དཔེ་འབད་བ་ཅིན་ ཁྱོད་ཀྱི་བཤུད་ཕྲ་གུར་ མདའ་རྟགས་ཀྱི་ཨེབ་རྟ་འདི་ ཨེབ་གཏཐ་འབདཝ་ད་ ཕྱིར་གྱངས་འདི་འབྱུངམ་ཨིནམ་དང་ མཱའུསི་གི་ཨེབ་རྟ་འདི་བཀག་བཞག་འབད།

བརྡ་ཚོན་ཚོས་གཞི།

བཤུད་ཕྲ་གུའི་མདའ་རྟགས་ཀྱི་ཚོས་གཞི་འདི་གསལ་བཀོད་འབདཝ་ཨིན།

མཐོང་ཚུགས་པའི་ཚད།

"value units"ནང་གི་བཤུད་ཕྲ་གི་ཚད་འདི་གསལ་བཀོད་འབདཝ་ཨིན། དཔེར་ན་ ("Scroll value max." minus "Scroll value min.") / 2གནད་གོང་གིས་ བཤུད་ཕྲ་ཕྱེད་དབང་མིའི་བཤུད་མཐེ་བོང་ཅིག་གི་ནང་ འགྲུབ་འབྲས་སྟོནམ་ཨིན།

བཤུད་ཕྲ་གི་རྒྱ་ཚད་འདི་ བཤུད་ཕྲ་གི་ཐོ་ཚད་ལུ་མཉམ་པ་བཟོ་ནི་དོན་ལུ་ མཐོང་ཚུགས་པའི་ཚད་འདི་ ཀླད་ཀོར་ལུ་གཞི་སྒྲིག་འབད།


སི་ཨེ་ཨེལ་སི་ཤོག་ཁྲམ་ནང་ལུ་ ཁྱོད་ཀྱིས་ བཤུད་ཕྲ་དང་ནང་ཐིག་གཉིས་ཀྱི་བར་ན་ འབྲེལ་ལམ་ལམ་གཉིས་གསར་བསྐྲུན་འབད་ནིདོན་ལུ་ ཁྱོད་ཀྱིས་ གནད་སྡུད་ཨེབ་ལྡེ་ཤོག་ལེབ་འདི་ལག་ལེན་འཐབ།

གཟུགས་བརྙན་ཨེབ་རྟ།

ངོས་དཔར

གིས་ གཟུགས་བརྙེན་སྦེ་ཨེབ་རྟ་འདི་བཀྲམ་སྟོན་འབདཝ་ཨིན། ཚད་རིས་ཁྱོད་ཚབ་མ་ཡིན་པ་གཞན་ གཞུགས་བརྙན་ཨེབ་རྟ་འདི་ལུ་ རྒྱུ་དངོས་ "normal"ཨེབ་རྟ་སྦེ་ཡོདཔ་ཨིན།

གཟུགས་བརྙན་ཚད་འཛིན།

ངོས་དཔར།

གཟུགས་བརྙན་ཚད་འཛིན་ཅིག་གསར་བསྐྲུན་འབདཝ་ཨིན། གནད་སྡུད་གཞི་རྟེན་ཅིག་ནང་ལས་འ་ནི་འདི་ གཟུགས་བརྙན་ཚུ་ ཁ་སྐོང་རྐྱབ་ནི་ལུ་རྐྱངམ་ཅིག་ ལག་ལེན་འཐབ་བཏུབ་ཨིན། འབྲི་ཤོག་ཡིག་ཆ་ནང་ལུ་ བཙུགས་ནིའི་ཚད་རིས་ཀྱི་ཌའི་ལོག་འདི་ ཁ་ཕྱེ་ཞིནམ་ལས་ གཟུགས་བརྙན་ཚུ་བཙུགས་ནིའི་དོན་ལུ་ འ་ནི་ཚད་འཛིན་འདི་ཚུ་ལས་གཅིག་ལུ་ ཨེབ་གཏང་ཐེངས་གཉིས་འབད། གཟུགས་བརྙན་འདི་བཙུགས་ནི་དང་བཏོན་གཏང་ནིའི་དོན་ལུ་ བརྡ་བཀོད་ཚུ་དང་བཅས་ འདི་ནང་ལུ་བཀབ་དོན་དཀར་ཆག་(བཀོད་སྒྲིག་ཐབས་ལམ་ནང་མེན་པར།)ཚུ་ཡང་ཡོདཔ་ཨིན།

གནད་སྡུད་གཞི་རྟེན་ཅིག་ནང་ལས་གཟུགས་བརྙན་ཚུ་ འབྲི་ཤོག་ཅིག་ནང་ལུ་བཀྲམ་སྟོན་འབད་བཏུབ་ཨིནམ་མ་ཚད་ གཟུགས་བརྙན་ཚད་འཛིན་འདི་ འབྲི་མ་བཏུབ་མ་བཟོ་ཚུན་ གནད་སྡུད་གཞི་རྟེན་ནང་ གཟུགས་བརྙན་གསརཔ་ཚུ་བཙུགས་བཏུབ་ཨིན། ཚད་འཛིན་འདི་གིས་ གཟུགས་བརྙན་དབྱེ་བ་འདི་གི་ གནད་སྡུད་གཞི་རྟེན་གྱི་ས་སྒོ་ཅིག་ལུ་ གཞི་བསྟུན་འབད་དགོཔ་ཨིན།འདི་འབདཝ་ལས་ གནད་སྡུད་ས་སྒོ་འདི་ གནད་སྡུད་མཆོང་ལྡེ་གི་ཤོག་ལེབ་གུར་ཡོད་པའི་ ཝིན་ཌོ་གི་རྒྱུ་དངོས་ཚུ་ནང་ཐོ་བཀོད་འབད།

ས་སྒོའི་ཚེས་གྲངས།

ངོས་དཔར

ས་སྒོའི་ཚེས་གྲངས་འདི་གསར་བསྐྲུན་འབདཝ་ཨིན། རྣམ་པ་འདི་གནད་སྡུད་གཞི་རྟེན་ལུ་ འབྲེལ་དེ་ཡོད་པ་ཅིན་ ཚེས་གྲངས་གནད་གོང་འདི་ གནད་སྡུད་གཞི་རྟེན་ལས་སྟོན་བཏུབ་ཨིན།

ཁྱོད་ཀྱིས་ གནད་སྡུད་ས་སྒོ་ལུ་ "Dropdown"འདི་འགན་སྤྲོད་འབད་བ་ཅིན་ ལག་ལེན་པ་གིས་ གནད་སྡུད་ས་སྒོའི་འོག་ལུ་ གནད་སྡུད་ཅིག་སེལ་འཐུ་འབད་ནི་དོན་ལུ་ ཟླ་ཐོ་ཅིག་ཁ་ཕྱེཝ་ཨིན། དེ་གིས་ ཐིག་ཁྲམ་ཚད་འཛིན་ས་སྒོ་ཅིག་གི་ནང་འཁོད་ལུ་ཡང་ འཇུག་སྤྱོད་འབདཝ་ཨིན།

ཊི་ཨའི་པི་ངོས་དཔར།

ཚེས་གྲངས་སྒོ་འདི་ཚུ་ ལག་ལེན་པ་འདི་གིས་ ཡར་གྱི་མདའ་རྟགས་དང་མཡ་གྱི་མདའ་རྟགས་ཀྱི་ལྡེ་མིག་དང་བཅས་ འཇམ་ཏོོང་ཏོ་སྦེ་ཞུན་དག་འབད་བཏུབ། འོད་རྟགས་ཀྱི་གནས་ས་དང་བསྟུན་ ཉིམ་དང་ ཟླཝ་ཡང་ན་ལོ་འདི་ཚུ་ ཡར་འཕར་འབད་བཏུབ་ ཡང་ན་མདའ་རྟགས་ཀྱི་ལྡེ་མིག་འདི་ལག་ལེན་འཐབ་ཐོག་ལས་ མར་འཕབ་ཡང་འགྱོ་བཏུབ་ཨིན།


ས་སྒོའི་ཚེས་གྲངས་གུ་ དམིགས་བསལ་གྱི་བརྡ་བཀོད་ཚུ་ཡོདཔ་ཨིན།.

ས་སྒོའི་ཆུ་ཚོད།

ངོས་དཔར

གིས་ ཆུ་ཚོད་ས་སྒོ་ཅིག་གསར་བསྐྲུན་འབདཝ་ཨིན། རྣམ་པ་འདི་ གནད་སྡུད་གཞི་རྟེན་ལུ་འབྲེལ་མཐུད་འབད་དེ་ཡོད་པ་ཅིན་ རྣམ་པའི་དོན་ལུ་ཆུ་ཚོད་གནས་གོང་འདི་ གནད་སྡུད་གཞི་རྟེན་ལས་བརྟེན་བཏུབ།

ཊི་ཨའི་པི་ངོས་དཔར།

ཆུ་ཚོད་ཀྱི་ས་སྒོ་འདི་ ལག་ལེན་པ་འདི་གིས་ ཡར་དང་མར་གྱི་མདའ་རྟགས་ཀྱི་ལྡེ་མིག་ཚུ་དང་བཅས་ འཇམ་ཏོང་ཏོ་སྦེ་ཞུན་དག་འབད་ཚུགསཔ་ཨིན། འོད་རྟགས་ཀྱི་གནས་ས་དང་བསྟུན་ ཆུ་ཚོད་དང་སྐར་མ་ཚུ་ཡང་ན་ སྐར་ཆག་འདི་ཚུ་ ཡར་འཕར་འགྱོ་ཡོདཔ་ཨིན་ཡང་ན་ མདའ་རྟགས་ཀྱི་ལྡེ་མིག་ཚུ་ལག་ལེན་འཐབ་ཐོག་ལས་ མར་ཕབ་འབདཝ་ཨིན།


ཡིག་སྣོད་སེལ་འཐུ།

ངོས་པར་

གིས་ ཡིག་སྣོད་སེལ་འཐུ་ལྕོགས་ཅན་བཟོ་མི་ཨེབ་རྟ་ཅིག་གསར་བསྐྲུན་འབདཝ་ཨིན།

ཨང་གྲངས་ཀྱི་ས་སྒོ།

ངོས་དཔར

གིས་ ཨང་གྲངས་ཀྱི་ས་སྒོ་ཅིག་གསར་བསྐྲུན་འབདཝ་ཨིན། རྣམ་པ་འདི་གནད་སྡུད་གཞི་རྟེན་ལུ་ འབྲེལ་མཐུད་འབད་དེ་ཡོད་པ་ཅིན་ རྣམ་པའི་ནང་ལུ་ཡོད་མི་ ཨང་གྲངས་ཀྱི་གནས་གོང་འདི་ གནད་སྡུད་གཞི་རྟེན་ལས་བརྟེན་བཏུབ།

དངུལ་གྱི་ས་སྒོ།

ངོས་དཔར

གིས་ དངུལ་གྱི་ས་སྒོ་ཅིག་གསར་བསྐྲུན་འབདཝ་ཨིན། རྣམ་པ་འདི་གནད་སྡུད་གཞི་རྟེན་ལུ་ འབྲེལ་མཐུད་འབད་དེ་ཡོད་པ་ཅིན་ རྣམ་པའི་ནང་ལུ་ཡོད་པའི་ དངུལ་གྱི་ས་སྒོའི་ནང་དོན་འདི་ གནད་སྡུད་གཞི་རེན་ལས་བརྟེན་བཏུབ་ཨིན།

དཔེ་གཞིའི་ས་སྒོ།

ངོས་དཔར

དཔེ་གཞི་ས་སྒོ་ཅིག་གསར་བསྐྱུན་འབདཝ་ཨིན། དཔེ་གཞི་ས་སྒོ་འདི་ཚུ་ལུ་ ཞུན་དག་གདོང་ཁེབས་དང་ ཐད་དོན་གདོང་ཁེབས་ཅིག་ རིམ་མཐུན་ཡོདཔ་ཨིན། ཞུན་དག་གདོང་ཁེབས་འདི་གིས་ གནད་སྡུད་ག་འདི་ ཐོ་བཀོད་འབད་བཏུབ་ཨིན་ན་ གཏན་འབེབས་བཟོཝ་ཨིན། འབྲི་ཤོག་འདི་ མངོན་གསལ་འབདཝ་ད་ ཐད་དོན་གདོང་ཁེབས་འདི་གིས དཔེ་གཞི་ས་སྒོ་འདི་གི་ ནང་དོན་ཚུ་ གཏན་འབེབས་བཟོཝ་ཨིན།

དྲན་འཛིན་ངོས་དཔར།

དཔེ་གཞི་ས་སྒོ་ཚུ་ ཨེཆ་ཊི་ཨེམ་ཨེལ་རྩ་སྒྲིག་ནང་ལུ་ ཕྱིར་འདྲེན་འབད་ནི་མེད་ཟེར་འདྲེན་འཛིན་འབད།


སྒྲོམ་འདི་སྡེ་ཚན་བཟོ།

ངོས་དཔར།

སྣ་མང་ཚད་འཛིན་ཚུ་སྡེ་ཚན་མཐོང་ཚུགསཔ་བཟོ་ནི་དོན་ལུ་ གཞི་ཁྲམ་ཅིག་གསར་བསྐྲུན་འབདཝ་ཨིན། སྡེ་ཚན་གྱི་སྒྲོམ་ཚུ་གིས་ཁྱོད་ལུ་ གཞི་ཁྲམ་ནང་ལུ་ གདམ་ཁའི་ཨེབ་ལྡེ་ཚུ་སདེ་ཚན་བཟོ་བཅུགསཔ་ཨིན།

ཁྱོད་ཀྱིས་ཡིག་ཅ་ནང་ལུ་ ཚྡེ་ཚན་གྱི་གཞི་ཁྲམ་འདི་བཙུགས་པ་ཅིན་ ཁྱོད་ལུ་ སྡེ་ཚན་གདམ་ཁ་འདི་འཇམ་ཏོག་ཏོ་སྦེ་ གསར་བསྐྲུན་འབད་བཅུག་མི་ཆ་ཤས་ཝི་ཛརཌི་འདི་ཚྡེ་ཚན་བཟོ་ཟེར་མི་འདི་འགོ་བཙུགསཔ་ཨིན།

དྲན་འཛིན།:ཁྱོད་ཀྱི་སྡེ་ཚན་གྱི་སྒྲོམ་འདི་ ཧེ་མ་ལས་རང་ ཡོད་བཞིན་པའི་ཚད་འཛིན་གྱི་ ལྟག་ལས་ཕར་ འདྲུད་བཞག་འབད་ཞིནམ་ལས་ ཚད་འཛིན་ཅིག་སེལ་འཐུ་འབད་དགོ་པ་ཅིན་ ཁྱོད་ཀྱི་དང་པ་རང་ སྡེ་ཚན་སྒྲོམ་གྱི་སྐབས་དོན་དཀར་ཆག་དེ་ ཕྱེ་ཞིནམ་ལས་བདེ་ཞིབ་- རྒྱབ་ལོག་གཏང་ནི་དེ་གདམ་ཁ་རྐྱབ་དགོ དེ་ལས་ མར་་མནན་འབད་བའི་སྐབས་ ཚད་འཛིན་དེ་ སེལ་འཐུ་འབད།

དྲན་འཛིན་ངོས་དཔར།

སྡེ་ཚན་གྱི་སྒྲོམ་འདི་ཚུ་ མཐོང་བའི་འཆར་སྣང་གི་དོན་ལུ་རྐྱངམ་ཅིག་ལག་ལེན་འཐབ་ཨིན། གདམ་ཁ་ས་སྒོ་ཆ་མཉམ་གྱི་རྒྱུ་དངོས་ཀྱི་མིང་ཚུ་གི་འོག་ལུ་ གདམ་ཁ་ས་སྒོ་ཚུ་གི་ ལས་འགན་གྱི་སྡེ་ཚན་བཟོ་ནི་འདི་ མིང་གི་ངེས་ཚིག་བརྒྱུད་དེ་བཟོ་བཏུབ་ཨིན་ སྡེ་ཚན་སྦེ་བཟོ་ནིའི་དོན་ལུ་ མིང་གེ་ར་ཅོག་འཐདཔ་སྦེ་ཐོ་བཀོད་འབད།


ཐིག་ཁྲམ་ཚད་འཛིན།

ངོས་དཔར།

གིས་ གནད་སྡུད་གཞི་རྟེན་ཐིག་ཁྲམ་ཅིག་བཀྲམ་སྟོན་འབད་ནི་དོན་ལུ་ ཐིག་ཁྲམ་ཚད་འཛིན་ཅིག་གསར་བསྐྲུན་འབདཝ་ཨིན། ཁྱོད་ཀྱིས་ ཐིག་ཁྲམ་ཚད་འཛིན་གསརཔ་ཅིག་གསར་བསྐྲུན་འབད་བ་ཅིན་ ཐིག་ཁྲམ་ཝི་ཛརཌི་ཆ་ཤས་འདི་འབྱུངམ་ཨིན།

ཐིག་ཁྲམ་ཚད་འཛིན་གྱི་སྐོར་ལས་ དམིགས་བསལ་གྱི་བརྡ་དོན།.

འགྲུལ་སྤྱོདཔ་ཕྲ་རིང་།

ངོས་དཔར

འགྲུལ་བསྐྱོད་ཕྲ་རིང་ཅིག་གསར་བསྐྲུན་འབདཝ་ཨིན།

འགྲུལ་བསྐྱོད་ཕྲ་རིང་འདི་གིས་ ཁྱོད་ལུ་ གནད་སྡུད་གཞི་རྟེན་ཅིག་གི་ དྲན་ཐོ་བརྒྱུད་དེ་དང་ ཡང་ན་གནད་སྡུད་གཞི་རྟེན་གྱི་འབྲི་ཤོག་ནང་ལུ་ སྤོ་བཤུད་འབད་བཅུགཔ་ཨིན། འ་ནི་འགྲུལ་བསྐྱོད་ཕྲ་རིང་གུར་གི་ཚད་འཛིན་འདི་གིས་ LibreOfficeནང་གི་སྔོན་སྒྲིག་འགྲུལ་བསྐྱོད་ཕྲ་རིང་གུར་ཡོད་པའི་ཚད་འཛིན་འདི་གིས་འབད་དོ་བཟུམ་སྦེ་རང་ ལཱ་འབདཝ་ཨིན།