Image Filter Bar

This icon on the Image bar opens the Image Filter bar, where you can use various filters on the selected picture.

ངོས་དཔར་

ཚགས་མ།

གནས་ལོག་འབད།

གཟུགས་བརྙན་ཚོས་གཞི་་ཅིག་ཡང་ན་གེརེ་སི་ཀེལ་གཟུགས་བརྙན་ཅིག་གི་དཀར་མདངས་གནས་གོང་འདི་གི་ཚོས་གཞི་གནས་གོང་འདི་གནས་ལོག་འབདཝ་ཨིན། ཚགས་མ་འདི་ལོག་ནུས་པ་འདི་རྒྱབ་ལོག་ནི་ལུ་འཇུག་སྤྱོད་འབད།

ངོས་དཔར་

གནས་ལོག་འབད།

ཧུམ་ཁྱུག་ཁྱུ།

ཚགས་མ་དམའ་བ་རྩིས་སྤྲོད་ཅིག་གིས་འཇུག་སྤྱོད་འབད་དེ་གིས་གཟུགས་བརྙན་འདི་རབ་རིབ་ཡང་ན་འཇམ་འཁྱུག་ཁྱུ་བཟོཝ་ཨིན།

ངོས་དཔར་

ཧུམ་ཁྱུག་ཁྱུ།

རྣོ་ཅན་བཟོ།

ཚགས་མ་མཐོ་བ་རྩིས་སྤྲོད་ཅིག་འཇུག་སྤྱོད་འབད་དེ་གིས་གཟུགས་བརྙན་འདི་རྣོ་ཅན་བཟོཝ་ཨིན།

ངོས་དཔར་

རྣོ་ཅན་བཟོ།

རྩུབས་སྒྲ་རྩ་བསྐྲད་གཏང་།

ཚགས་མ་གུང་ཐིག་ཅིག་འཇུག་སྤྱོད་འབད་དེ་གིས་རྩུབས་སྒྲ་རྩ་བསྐྲད་གཏངམ་ཨིན།

ངོས་དཔར་

རྩུབས་སྒྲ་རྩ་བསྐྲད་གཏང་།

ཉི་དྲོད་བཙུགས་པ།

ཉི་དྲོད་བཙུགས་པ་ངེས་འཛིན་གྱི་དོན་ལུ་ཌའི་ལོག་ཅིག་ཁ་ཕྱེཝ་ཨིན། ཉི་དྲོད་བཙུགས་པ་འདི་ནུས་པ་པར་གོང་འཕེལ་སྐབས་འོད་དྲགས་སུ་ཡོདཔ་ད་ག་ཅིག་ཡང་བྱུང་སྲིདཔ་མཐོང་མི་ལུ་གཞི་བསྟུན་འབདཝ་ཨིན།་

ངོས་དཔར་

ཉི་དྲོད་བཙུགས་པ།

ཚད་བཟུང་།

ཁུག་ཟུར་དང་ ཉི་དྲོད་བཙིགས་པ་འདི་གསལ་བཀོད་འབདཝ་ཨིན།

ཐེརེཤ་ཧཱོལ་གནས་གོང་།

འཚིག་བཅུག་ནི་ཨིན་མི་པིག་སེལསི་གི་ལྟག་ལུ་ དཀར་མདངས་ཀྱི་ཁུག་ཟུར་ཚུ་ བརྒྱ་ཆ་ནང་སྦེ་གསལ་བཀོད་འབདཝ་ཨིན།

གནས་ལོག་འབད།

པིག་སེལ་ཚུ་ཆ་མཉམ་གནས་ལོག་འབད་ནི་ལུ་ཡང་གསལ་བཀོད་འབདཝ་ཨིན།

རྒས་མི།

པིག་སེལ་ཆུ་ཆ་མཉམ་ཁོང་རའི་གེ་རེ་སི་ཀེལ་གནས་གོང་ཚུ་ལུ་གཞི་སྒྲིག་དང་ཚོས་གཞི་ལྗང་ཁུ་དང་ཧོནམ་རྒྱུན་ལམ་ཚུ་ཆ་མཉམ་ཁྱོད་ཀྱིས་གསལ་བཀོད་འབད་མི་བསྡོམས་ཀྱིས་འབད་མར་འཕབ་ཡོདཔ་ཨིན།

ངོས་དཔར་

རྒས་མི།

རྒས་མི་དབྱེ་རིམ།

རྒྱ་ཆ་ནང་རྒས་མི་གི་དྲག་ཤུགས་འདི་ངེས་འཛིན་འབདཝ་ཨིན། 0% ལུ་ཁྱོད་ཀྱིས་པིག་སེལ་ཚུ་ཆ་མཉམ་གྱི་གེ་རེ་སི་ཀེལ་གནས་གོང་ཚུ་མཐོང་འོང་། 100% ལུ་རྐྱངམ་ཅིག་ཚོས་གཞི་དམརཔོ་རྒྱུན་ལམ་འདི་ལུདཔ་ཨིན།

གསལ་བྱང་བཟོ་ནི།

གསལ་བྱང་ཚོས་གཞིའི་ཨང་གྲངས་གཏན་འབེབས་བཟོ་ནིའི་དོན་ལུ་ ཌའི་ལོག་ཅིག་ཁ་ཕྱེཝ་ཨིན། ནུས་པ་འདི་ ཚོས་གཞི་ཨང་གྲངས་ཀྱི་མར་ཕབ་ལུ་གཞི་བརྟེན་འབད་ནུག དེགིས་ པར་ཚུ་ངོ་མ་མེན་པར་ཚོང་གཏང་གཏངམ་བཟུམ་སྦེ་མཐོངམ་ཨིན།

ངོས་དཔར་

གསལ་བྱང་བཟོ་ནི།

གསལ་བྱང་ཚོས་གཞི།

གཟུགས་བརྙན་ག་དེམ་ཅིག་ལུ་མར་ཕབ་འབད་དགོཔ་ཨིན་ན་ འདི་གི་ཚོས་གཞའི་ཨང་གྲངས་དེ་ཚུ་ གསལ་བཀོད་འབདཝ་ཨིན།

པོཔ་རི་མོ།

གཟུགས་བརྙན་ཅིག་པོཔ་-ཨརཊི་་རྩ་སྒྲིག་ཅིག་ལུ་གཞི་བསྒྱུར་འབདཝ་ཨིན།

ངོས་དཔར་

པོཔ་རི་མོ།

སོལ་མོ་ཧྲོབ་བྲིས།

གཟུགས་བརྙན་འདི་སོལ་མོ་ཧྲོབ་བྲིས་སྦེ་བཀྲམ་བཏོན་འབདཝ་ཨིན། གཟུགས་བརྙན་འདི་གི་བུར་གཞོང་ཚུ་གནགཔ་ནང་འབྲི་ཡོདཔ་ཡང་ན་ཚོས་གཞི་ངོ་མ་ཚུ་མར་མནོན་ཡོདཔ་ཨིན།

ངོས་དཔར་

སོལ་མོ་ཧྲོབ་བྲིས།

རི་མོ།

རི་མོ་གསར་བསྐྲུན་འབད་ནིའི་དོན་ལུ་ ཌའི་ལོག་ཅིག་བཀྲམ་སྟོན་འབདཝ་ཨིན། ཁྱོད་ཀྱིས་ གྱིབ་མའི་དབྱེ་བ་གསར་བསྐྲུན་འབད་ཡོད་མི་འདི་གཏན་འབེབས་དང་རི་མོ་ནང་ ཚད་རིས་གཟུགས་བརྙན་འདི་ག་དེ་སྦེ་མཐོངམ་ཨིན་ན་ བློའི་འཆར་ཚུལ་འོད་ཀྱི་འབྱུང་ཁུངས་ཀྱི་གནས་ས་ གདམ་ཁ་བརྐྱབ་ཚུགས།

ངོས་དཔར་

རི་མོ།

འོད་ཀྱི་འབྱུང་ཁུངས།

འབྱུང་ཁུངས་ཡང་བའི་གནས་ས་ཅིག་གསལ་བཀོད་འབདཝ་ཨིན། ཚག་འདི་གིས་ ཡང་བའི་འབྱུང་ཁུངས་འདི་གི་ཁྱད་ཚབ་འབདཝ་ཨིན།

མོ་ས་ཡིཀ

པིག་སེལསི་སྡེ་ཚན་འདི་ཚུ་ ཚོས་གཞི་ཅོག་འཐད་པའི་གྲུ་བཞི་ནར་མོའི་མངའ་ཁོངས་ནང་མཐུདཔ་ཨིན། ངོ་རྐྱང་གྲུ་བཞི་ནར་མོ་ཚུ་སྦོམ་ད་ར ཚད་རིས་གཟུགས་བརྙན་གྱི་རྒྱས་བཤད་ཚུ་ཉུང་སི་ཉུང་སུ་འགྱོཝ་ཨིན།

ངོས་དཔར་

མོ་ས་ཡིཀ

རྒྱུ་རྫས་ཧུམ་ཆ།

གྲུ་བཞི་ནར་མོ་ཚུ་ནང་ལུ་ མཐུད་ནིའི་དོན་ལུ་ པིག་སེལསི་གི་ཨང་འདི་གཏན་འབེབས་བཟོཝ་ཨིན།

རྒྱ་ཚད།

ངོ་རྐྱང་ཊ་ཡིལསི་གི་ རྒྱ་ཚད་དེ་ཚུ་ངེས་འཛིན་འབདཝ་ཨིན།

མཐོ་ཚད།

ངོ་རྐྱང་ཊཡིལསི་གི་མཐོ་ཚད་དེ་ ངེས་འཛིན་འབདཝ་ཨིན།

གོང་སྤེལ་མཐའམ།

དངོས་པོའི་མཐའམ་དེ་ཚུ་ གོང་སྤེལ་ ཡང་ན་ རྣོ་ཅན་བཟོཝ་ཨིན།