ཨེསི་ཀིའུ་ཨེལ་ བརྡ་བཀོད་འདི་ཐད་ཀར་དུ་གཡོག་བཀོལ།

རང་རའི་ཨེསི་ཀིའུ་ཨེལ་ཐབས་ལམ་ནང་ LibreOffice གིས་ ཁ་བསྒྱུར་མ་འབདཝ་དང་ ཁྱོད་ཀྱིས་ གནད་སྡུད་འབྱུང་ཁུངས་ལུ་ཐད་ཀར་དུ་རྩིས་སྤྲོད་པའི་ ཨེསི་ཀིའུ་ཨེལ་བརྡ་བཀོད་ཚུ་ཐོ་བཀོད་འབད་ཚུགས། བཀོད་སྒྲིག་མཐོང་སྣང་ནང་ བསྒྱུར་བཅོས་ཚུ་བཀྲམ་སྟོན་མ་འབད་བ་ཅིན་ ཁྱོད་ཀྱིས་ལོག་སྟེ་བཀོད་སྒྲིག་མཐོང་སྣང་ལུ་ བསྒྱུར་བཅོས་འབད་མི་ཚུགས།

རང་རའི་ཨེསི་ཀིའུ་ཨེལ་གྱི་དོན་ལུ་ ཨེསི་ཀིའུ་ཨེལ་ཡིག་རྒྱུན་འདི་ LibreOfficeགིས་ ཧེ་མའི་བརྟག་ཞིབ་མ་འབད་བར་ ཐད་ཀར་དུ་གནད་སྡུད་གཞི་རྟེན་རིམ་ལུགས་ལུ་མཐུདཔ་ཨིན། དཔེར་ན་ ཨོ་ཌི་བི་སི་ངོས་འདྲ་བ་ལས་བརྒྱུད་དེ་གནད་སྡུད་གཞི་རྟེན་འདི་འཇུལ་སྤྱོད་འབད་བ་ཅིན་ ཨེསི་ཀིའུ་ཨེལ་ཡིག་རྒྱུན་འདི་ ཨོ་ཌི་བི་སི་ལུ་རྩིས་སྤྲོད་དེ་ དེ་གིས་ལས་སྦྱོར་འབད་འོང་།

ངོས་དཔར་ཚུ།

ཨེསི་ཀིའུ་ཨེལ་ བརྡ་བཀོད་འདི་ཐད་ཀར་དུ་གཡོག་བཀོལ།

སྤྱིར་བཏང་ཐབས་ལམ་ལུ་སླར་ལོག་ནི་གི་དོན་ལུ་ དོ་རུང་ངོས་པར་གུ་ཨེབ་གཏང་འབད་ དེ་ནང་ འདྲི་དཔྱད་བཀོད་སྒྲིག་གསརཔ་བསྒྱུར་བཅོས་འབད་ཡོད་མི་ཚུ་ ཨེསི་ཀིའུ་ཨེལ་ལས་བརྒྱུད་དེ་གནང་བའི་བསྒྱུར་བཅོས་ཚུ་དང་གཅིག་ཁར་ མཉམ་འབྱུང་འབད་ནུག