ཐིག་ཁྲམ་ཚུ་ཁ་སྐོང་རྐྱབ།

ཁྱོད་ཀྱིས་ ཐིག་ཁྲམ་ཁ་སྐོང་རྐྱབས་ཌའི་ལོག་ནང་ ད་ལྟོ་ཁྱོད་ར་ལུ་དགོ་པའི་ཐིག་ཁྲམ་ཚུ་ སེལ་འཐུ་འབད། འདྲི་དཔྱད་ཅིག་ ཡང་ན་ ཐིག་ཁྲམ་གསལ་སྟོན་གསརཔ་ཅིག་གསར་བསྐྲུན་འབད་བའི་སྐབས་ལུ་ འདྲི་དཔྱད་ ཡངན་ ཐིག་ཁྲམ་གསལ་སྟོན་གྱིས་གཞི་བསྟུན་འབད་དགོ་པའི་ ཆ་མཉམ་པའི་ཐིག་ཁྲམ་སེལ་འཐུ་འབད། མཐུན་འབྲེལ་གྱི་གནད་སྡུད་གཞི་རྟེན་དང་གཅིག་ཁར་ལཱ་འབད་བའི་སྐབས་ལུ་ ཁྱོད་ཀྱིས་མཐུན་འབྲེལ་ག་ཅི་བཟོ་ནི་ཨིན་ན་ བར་ནའི་ཐིག་ཁྲམ་ཚུ་སེལ་འཐུ་འབད།

བཙུགས་ཡོད་པའི་ཐིག་ཁྲམ་ཚུ་འདྲི་དཔྱད་བཀོད་སྒྲིག་ནང་གི་སོ་སོ་འཕྱལ་བའི་སྒོ་སྒྲིག་ཅིག་ནང་ ཡང་ན་ ཐིག་ཁྲམ་ནང་ཡོད་པའི་ཐོ་ཡིག་དང་གཅིག་ཁར་མཐུན་འབྲེལ་གྱི་སྒོ་སྒྲིག་ནང་འབྱུངམ་ཨིན། ཁྱོད་ཀྱིས་ སྒོ་སྒྲིག་གི་ཚད་དང་གོ་རིམ་གཏན་འབེབས་འབད་ཚུགས།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

གནད་སྡུད་གཞི་རྟེན་ཡིག་སྣོད་སྒོ་སྒྲིག་ནང་ ཐིག་ཁྲམ་ངོས་དཔར་འདི་ཨེབ་གཏང་། བཙུགས་ - ཐིག་ཁྲམ་བཀོད་བསྒྲིག་ ཡང་ན་ ཞུན་དག་འབད་ - ཞུན་དག་འབད་གདམ་ཁ་རྐྱབས།


ཐིག་ཁྲམ།

ཐིག་ཁྲམ་གི་མིང་།

འཐོབ་ཚུགས་པའི་ཐིག་ཁྲམ་ཚུ་ ཐོ་བཀོད་འབདཝ་ཨིན། ཐིག་ཁྲམ་ཅིག་བཙུག་དགོ་པ་ཅིན་ ཐོ་ཡིག་ནང་ལས་གཅིག་སེལ་འཐུ་འབད་ཞིནམ་ལས་ ཁ་སྐོང་ལུ་ཨེབ་གཏང་འབད། དེ་མ་ཚད་ཁྱོད་ཀྱིས་ ཐིག་ཁྲམ་མིང་གུ་ཨེབ་གཏང་ཚར་གཉིས་འབད་བཏུབ་དང་ སྒོ་སྒྲིག་འདི་ཐིག་ཁྲམ་ས་སྒོ་ཚུ་དང་བཅས་ འདྲི་དཔྱད་བཀོད་སྒྲིག་ ཡང་ན་ མཐུན་འབྲེལ་སྒོ་སྒྲིག་གི་མགུ་ལུ་ བཀྲམ་སྟོན་འབད་འོང་།

ཁ་སྐོང་རྐྱབ།

ད་ལྟོ་སེལ་འཐུ་གྲུབ་པའི་ཐིག་ཁྲམ་འདི་བཙུགསཔ་ཨིན།

ཁ་བསྡམས།

ཐིག་ཁྲམ་ཁ་སྐོང་རྐྱབ་ནི་ ཌའི་ལོག་འདི་ཁ་བསྡམ་ཨིན།