སྒྲིག་སྟངས་འགོ་མཚམས་ ས་སྟོང་དང་ཀེར་ཐིག་

ཁྱོད་ཀྱིས་ མཱའུསི་ལག་ལེན་གྱི་ཐོག་ལས་ ད་ལྟོའི་དོན་མཚམས་ཀྱི་དོན་ལུ་ ཡངན་ སེལ་འཐུ་འབད་ཡོད་པའི་དོན་མཚམས་ཆ་མཉམ་གྱི་དོན་ལུ་ འགོ་མཚམས་དང་ས་སྟོང་ངེས་འཛིན་འབད་ཚུགས།

ཁྱོད་ཀྱིས་ ཤོག་ལེབ་འདི་ཀེར་ཐིག་ནང་སྦེ་གཤག་པ་ཅིན་ ཡང་ན་ འོད་རྟགས་འདི་སྣ་མང་ཀེར་ཐིག་གི་ཚིག་ཡིག་གཞི་ཁྲམ་ནང་བཞག་པ་ཅིན་ དེ་ཚུ་མཱའུསི་གིས་ ཐིག་ཤིང་གུ་འདྲུད་པའི་ཐོག་ལས་ ཀེར་ཐིག་རྒྱ་ཚད་དང་ཀེར་ཐིག་གི་བར་སྟོང་བཞག་ཐངས་གཉིས་བསྒྱུར་བཅོས་འབད་ཚུགས།

ཁྱོད་ཀྱིས་ དངོས་པོ་དང་གཟུགས་བརྙན་ ཡང་ན་ བྲིས་ནིའི་དངོས་པོ་ཅིག་སེལ་འཐུ་འབད་ཡོད་པ་ཅིན་ ཐིག་ཤིང་ནང་ལུ་དངོས་པོའི་མཐའ་མཚམས་ཚུ་མཐོང་འོང་། མཐའ་མཚམས་ཚུ་ མཱའུསི་གིས་ ཐིག་ཤིང་གུ་འདྲུད་པའི་སྒོ་ལས་ བསྒྱུར་བཅོས་འབད་ཚུགས།

འོད་རྟགས་འདི་ཐིག་ཁྲམ་ནང་ཐིག་ཅིག་ནང་བཞག་ཡོད་པ་ཅིན་ ཁྱོད་ཀྱིས་ དེ་ཚུ་ཐིག་ཤིང་གུ་མཱའུསི་དང་གཅིག་ཁར་འདྲུད་པའི་ཐོག་ལས་ ནང་ཐིག་ནང་དོན་གྱི་དོན་ལུ་ འགོ་མཚམས་ཚུ་བསྒྱུར་བཅོས་འབད་ཚུགས། ཐིག་ཁྲམ་གྱི་མཐའ་མཚམས་གྲལ་ཐིག་འདི་ ཐིག་ཤིང་གུ་ ཡང་ན་ མཐའ་མཚམས་གྲལ་ཐིག་ངོ་མ་འདི་འདྲུད་པའི་ཐོག་ལས་ བསྒྱུར་བཅོས་འབད་ཚུགས།

ངོས་དཔར།

ངོས་པར་འདི་གིས་ ད་ལྟོའི་དོན་མཚམས་(མགུ་གི་ཟུར་གསུམ་)ཀྱི་གྲལ་ཐིག་དང་པ་ལུ་ གཡས་ཀྱི་འགོ་མཚམས་དང་དོན་མཚམས་(མཇུག་གི་ཟུར་གསུམ་)ཀྱི་གྲལ་ཐིག་གཞན་ཅིག་གི་དོན་ལུ་རྟགས་བཀལཝ་ཨིན།

ངོས་དཔར།

ཐིག་ཤིང་གི་གཡས་ལུ་ཡོད་པའི་ངོས་པར་འདི་གིས་ ད་ལྟོའི་དོན་མཚམས་ཀྱི་འགོ་མཚམས་རྟགས་བཀལཝ་ཨིན།

ལས་ཀ།

བྱ་སྒོའི་ལམ་ལུགས།

གཡོན་གྱི་འགོ་མཚམས་འདི་གཞི་སྒྱིག་འབད།

མཱའུསི་ཨེབ་རྟ་འདི་གུ་ཨེབས་པའི་སྐབས་ གཤམ་གྱི་གཡས་ལུ་ཡོད་མི་རྟགས་འདི་གཡས་ཕྱོགས་ལུ་འདྲུད།

གྲལ་ཐིགདང་པ་གི་གཡོན་འགོ་མཚམས་འདི་ གཞི་སྒྲིག་འབད།

མཱའུསི་ཨེབ་རྟ་འདི་གུ་ཨེབས་པའི་སྐབས་ མགུ་གི་གཡས་ལུ་ཡོད་མི་རྟགས་འདི་གཡས་ཕྱོགས་ལུ་འདྲུད།

གཡས་ཀྱི་འགོ་མཚམས་འདི་གཞི་སྒྲིག་འབད།

མཱའུསི་ཨེབ་རྟ་འདི་ཨེབས་པའི་སྐབས་ གཡས་ལུ་ཡོད་པའི་རྟགས་འདི་གཡོན་ལུ་འདྲུད།


ཊི་ཨའི་པི་ངོས་དཔར།

In order to change the left indent starting with the second line of a paragraph, hold down the key, click the triangle on the bottom left, and drag it to the right.


དྲན་འཛིན་ངོས་དཔར།

དོན་མཚམས་འགོ་མཚམས་བཀལ་བའི་བསྒང་ གཞི་སྒྲིག་འབད་ཡོད་པའི་མཆོང་ལྡེ་ཚུ་བསྒྱུར་བཅོས་མ་འབད་བས། གཞི་སྒྲིག་འབད་ཡོད་པའི་མཆོང་ལྡེ་ཚུ་ དོན་མཚམས་ས་སྟོང་ཕྱི་ཁར་མཇུག་བསྡུ་ཡོད་པ་ཅིན་ དེ་ཚུ་ད་ལས་ཕར་ཡོདཔ་མ་གཏོགས་བཀྲམ་སྟོན་མི་འབད།